30 Oct 2016
1 min 4 sec
Video Overview
Creators:
Dorjee Dondrup
སྡོང་བོ་གཅིག་ལ་ཡལ་འདབ་རང་བཞིན་གྱི་ཡལ་ག་ལྔ་དང་ཡལ་ག་ལྔ་བོ་དེ་ལ་ཡང་ལྷན་པོའི་རང་བཞིན་ལྔ་ཡོད་པ་འདི་ནི་འདྲ་བ་རྒྱུ་མཚན་གྱི་གབ་ཚིག་ཅིག་ཡིན་པར་སེམས།
ལག་པ་ནི་དངོས་གནས་རྩ་བ་འབུས་ཤིང་རྩེ་མོ་ཡོངས་སུ་རྒྱས་པའི་ལྗོན་པ་ཞིག་དང་གཉིས་སུ་མ་མཆིས་ལ། གཉོམ་ལག་རྒྱས་ཟིན་པའི་ལྗོན་པ་ཚད་ལྡན་ཞིག་ལ་དེ་དང་མཐུན་པའི་ཡལ་འདབ་ཡོད་པ་ཡང་ཆོས་ཉིད་ཡིན་པས། མཛུབ་མོ་ལྔ་བོ་དེ་ཡལ་གའི་རང་བཞིན་དུ་གཟུགས་བཀོད་བྱས་ཡོད། སེན་མོ་དེ་ནི་རྩེ་མོ་རྒྱས་པའི་ཡལ་འདབ་ལ་ལྷན་པའི་རང་བཞིན་དུ་གབ་ཚིག་འདིའི་བརྗོད་བྱ་ཚིག་ཟུར་གང་རུང་ནས་ཚུར་སྣང་བྱས་པ་རེད།
这则谜语将人的指甲比喻成手指上的补丁。
这则谜语描述的是人的指甲,很生动的将人的手比喻成一棵树,而将五根手指比喻成枝干,指甲比喻成手指上的一块块补丁。
This riddle analogizes the human body to foliage and the human fingernail to a patch which holds together two parts of a small branch.
- རྩ་བ་གཅིག་ལ་རྩེ་མོ་ལྔ།A single tree has five branches.
- རྩེ་མོ་ལྔ་ལ་ལྷན་པ་ལྔ་ཅི་ཁེད།On those five branches are five patches. What are they?
- གབ་ལན་ནི་སེན་མོ་རེད།The answer is fingernails.
- རྩ་བ་གཅིག་ལ་རྩེ་མོ་ལྔ་ཟེར་བ་ནི་As for the tree said to have five branches,
- མཛུ་གུ་ལྔ་བོ་ཡིན་པ་དང་ལྷན་པ་ལྔ་ནི་it is the five fingers on a person's hand, and as for the five patches,
- སྟེང་གི་སེན་མོར་བརྗོད་པ་རེད།they are said to be the fingernails on top of the fingers.