05 Oct 2016
1 min 9 sec
Video Overview
Creators:
Dorjee Dondrup
མིའི་མིག་ཟུང་གི་སྨིན་མ་དེ་གཟན་ཆས་གཏུམ་དྲག་ཅན་དོམ་ཀྱི་གཟུགས་སུ་བྱས་ཡོད་ལ། ཉལ་སའི་གནས་ནི་མིའི་ཐོད་པའི་སྟེང་ཡིན་པ་བརྗོད་ཡོད།
གབ་ཚིག་དེ་ནི་འགྲོ་བ་མིའི་རིགས་ཀྱི་ངོ་གདོང་གི་མིག་གི་གོང་ན་སྐྱེས་ཡོད་པའི་སྨིན་མ་དེ་དོམ་གྱིས་གཟུགས་སུ་བཀོད་ཡོད་ལ། དེ་ཡང་བོད་ཀྱི་ངག་རྒྱུན་ཞིག་ཏུ་མིའི་སྨིན་མ་ལ་སྐྲག་མྱོང་བའི་གཅན་གཟན་ཡོད་མྱོང་ཟེར་བ་ལྟར། དེ་ནི་དོམ་ནག་གི་གཟུགས་སུ་བཀོད་པ་ནི་འདྲ་བའི་ཆ་དང་ནུས་པའི་ཆ་གཉིས་ཡིན་པ་དང་། སྨིན་མ་གནས་ས་ནི་མིའི་རིགས་ཀྱི་ཐོད་པ་ཡིན་ཚུལ་ང་ཚོར་གབ་ཚིག་འདིའི་བསྟན་བྱ་གསལ་སྟོན་བྱས་ཡོད།
这则谜语用比喻的手法描述了人的眉毛。
这则谜语描述的是人的眉毛。在藏区有一种说法是,有些动物害怕人的眉毛,也有人说人的眉毛其实是熊毛。所以这则谜语把眉毛比喻成两头躺在人们额头上的熊。
This riddle uses metaphor to describe human eyebrows, which are compared to two sleeping black bears.
- དོམ་ནག་གཡས་ཉལ་གཡོན་ཉལ།Black bears sleep on the right side and the left side;
- ཉལ་ས་ཐོད་པའི་སྟེང་རེད་ཅི་ཁེད།their bed is on top of a human skull. What are they?
- གབ་ལན་ནི་སྨིན་མ་རེད།The answer is a pair of eyebrows.
- སྨིན་མ་ནི་དོམ་གྱི་སྤུ་ཡིན་པར་བཤད་པས་Eyebrows are explained as being bear's fur, and
- དོམ་ནག་གཡས་ཉལ་གཡོན་ཉལ་ཞེས་black bears sleep on the left and the right side;
- བརྗོད་པ་རེད།so it is said.