05 Oct 2016
1 min 13 sec
Video Overview
Creators:
Dorjee Dondrup
ཁ་དོག་སྐྱ་བོ་ཅན་གང་ཞིག་གིས་ཁ་དོག་དཀར་པོ་ཅན་ཞིག་རུམ་ཡོད་ལ། དེ་ཡང་ཁ་དོག་དཀར་པོ་ཅན་དེས་ཀྱང་ཁ་དོག་སེར་པོ་ཅན་ཞིག་རུམ་ཡོད་པའི་བརྒྱུད་རིམ་དེ་བསྟན་ཡོད།
ཁ་དོག་སྐྱ་བོ་ཞེས་པ་ནི་བྱ་སྒོང་གི་ཕྱི་ཤུན་དེ་ཡིན་ལ། དེའི་ནང་དུ་ཁ་དོག་དཀར་པོ་ཅན་གྱི་སྒོང་ཁུ་ཡོད་པ་དེ་བསྟན། དཀར་རིལ་མ་ཞེས་པ་ནི་སྒོང་ཤུན་ནང་གི་སྒོང་ཁུ་དེ་ཡིན་ཞིང་སྒོང་ཁུའི་ནང་ན་ཡང་ཁ་དོག་སེར་པོའི་སྒོང་སྤྲི་ཡོད་པའི་ཆ་ནས་དཀར་རིམ་པས་སེར་རིལ་མ་རུམ་ཞེས་པའི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་རྣམ་པ་ལྟ་བུའི་སྒོ་ང་དེ་གྲུབ་ཡོད་པ་བསྟན་ཡོད།
这是一则有关鸡蛋的谜语。
灰姑娘抱着白姑娘,白姑娘抱着黄姑娘。这则谜语描述的是鸡蛋,其中所说的灰姑娘是指蛋壳,白姑娘是指蛋清,而黄姑娘指的是蛋黄,形象生动的描述了鸡蛋的结构。
This riddle describes an ordinary egg.
- སྐྱ་རིལ་མས་དཀར་རིལ་མ་རུམ།A grey dough ball is wrapped around a white dough ball,
- དཀར་རིལ་མས་སེར་རིལ་མ་རུམ་ཅི་ཁེད།and the white dough ball envelopes a yellow dough ball. What is it?
- གབ་ལན་ནི་སྒོ་ང་རེད།The answer is an egg.
- སྒོ་ངའི་ཤུན་སྐོགས་ནི་མདོག་སྐྱ་བོ་ཡིན་ལ་As for an egg's external shell, it is whitish-grey in color.
- ཤུན་པ་བཤུས་ན་ཁ་དོག་དཀར་བོ་དང་When the shell is peeled, the color is white, and
- དེའི་ནང་སྙིང་ནི་མདོག་སེར་བོ་བཅས་the inner heart of the egg is yellow.
- ཁ་དོག་མི་འདྲ་བ་རེ་རེ་བཞིན་ཡོད་པས་These various colors each correspond to what was described:
- སྐྱ་རིལ་མས་དཀར་རིལ་མ་རུམ།a grey ball encircles a white ball,
- དཀར་རིལ་མས་སེར་རིལ་མ་རུམ་ཞེས་and the white ball holds a yellow ball,
- ཞེས་བརྗོད་པ་རེད།so it is said.