Video Overview
མགོ་ཁ་སྤུ་ཡིན་ལ། རུམ་ལ་མུ་ཏིག་རྡོག་པོ་བཅུག་ཡོད་པའི་ཕྱུག་པོ་དང་འདྲ་ལ། ལུས་ལ་རས་ལྭ་ཐར་རྐྱང་ཞིག་མ་གཏོགས་གྱོན་མེད་པས་དབུལ་བོ་དང་འདྲ་ཞེས་པ་དེའོ།།
- ཁ་སྤུ་གཙུག་ན་སྐྱེས་པའི་ལྟས་ངན་པོ།A mustache on the crown of its head bears a bad omen.
- མུ་ཏིག་རུམ་གང་བསྡུས་པའི་རྒྱུ་ཅན་པོ།It has pearls folded inside
- རས་ལྭ་ཐར་རྐྱང་གྱོན་པོའི་ཅང་མེད་པོ་ཅི་ཁེད།and wears a destitute beggar's cotton clothes. What is it?
- གབ་ལན་ནི་མ་རྨོས་ལོ་ཏོག་རེད།The answer is corn.
- ཁ་སྤུ་གཙུག་ན་སྐྱེས་པ་ཟེར་བ་ནི་As for the so-called mustache on top of its head,
- མ་རྨོས་ལོ་ཏོག་སྟེང་གི་སྤུ་སོབ་ཡིན་པ་དང་this is the tassel on top of the corn.
- མུ་ཏིག་རུམ་གང་བསྡུས་པ་ནི་And, as for the pearls gathered inside,
- འབྲས་བུ་ནི་ལོ་མའི་ཁོངས་སུ་བཏུམས་the ripe kernels covered by the leaves
- ཡོད་པ་དེར་གོ་བ་རེད།are what is being described.
- རས་ལྭ་ཐར་རྐྱང་གྱོན་པོའི་ཅང་མེད་པོ་་ནི་As for the destitute beggar's cotton clothes,
- མ་རྨོས་ལོ་ཏོག་གི་ཤུན་པ་སྲབ་མོ་ལས་མེད་that is the corn's thin husk;
- པས་དེ་ལྟར་བརྗོད།so it is said.