Video Overview
དོང་ཙེ་ཡི་ཕྱིའི་དབྱིབས་ནི་སྒོར་སྒོར་ཡིན་པ་དང་དཀྱིལ་དབུས་ཀྱི་ཁུང་བུ་ནི་གྲུ་བཞི་ཡིན་པའི་ཆ་ནས་དེ་ལྟར་བརྗོད།
འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཡིན། རྒྱའི་གནའ་རབས་ཀྱི་སྒོར་མོའི་ཁྲོད་རྒྱུ་ཟངས་ལས་བྱས་པའི་ཟངས་ཊམ་ལ་སྤྱིར་བཏང་དུ་དོང་ཙེ་ཞེས་འབོད། ཕྱི་གོར་གོར་ཟླ་འདྲ་འདྲ། ནང་གྲུ་བཞི་བྲེ་འདྲ་འདྲ་ཞེས་པ་ནི་དོང་ཙེའི་དབྱིབས་ལ་བལྟས་ཏེ་བརྗོད་པ་ཡིན་ལ། དོང་ཙེའི་ཕྱིའི་དབྱིབས་ནི་གོར་གོར་ཡིན་པ་དང་ཁྱེར་བདེ་བ་དང་དོ་དམ་བྱེད་སླ་བའི་ཆེད། རྒྱུན་མཐོང་གི་དོང་ཙེ་ལ་དཀྱིལ་དབུས་སུ་དབྱིབས་གྲུ་བཞི་ཅན་གྱི་ཁུང་བུ་ཆུང་ཆུང་ཞིག་ཡོད། གནའ་རབས་ཀྱི་སྒོར་ཡོད་ཚད་ལ་དཀྱིལ་དབུས་སུ་ཁུང་བུ་ཡོད་པའི་ངེས་པ་མེད་དེ། དོང་ཙེ་ཞེས་བརྗོད་དུས་སྤྱིར་བཏང་དུ་རྒྱུ་ཟངས་ལྕགས་ཡིན་པའི་སྒོར་མོ་ཁུང་བུ་ཅན་ལ་གོ བོད་པའི་སྤྱི་ཚོགས་སུ་འདིའི་རིགས་ཀྱི་གནའ་རབས་ཀྱི་སྒོར་མོ་རྒྱུན་དུ་མཐོང་རྒྱུ་ཡོད།
这是一则有关日常生活用品方面的谜语,谜语中描述的是铜钱
这是一则有关日常生活用品方面的谜语。古代的华夏民族(如今的汉族)采用黄铜制作的钱币名为铜钱。外圆犹如十五月,内方犹如量米斗,形容的是铜钱的形状。古代的华夏民族使用的铜钱为方便携带,便于收藏而制作了外圆,中心有四方形的眼,此眼的作用是方便把铜钱用线串在一起。然而并不是所有的古代钱币都是有眼。通常被称作铜钱的古代货币就是指此种钱币,这种古钱币在藏族地区也较为常见。
This riddle asks what can be round and square at the same time, the answer being a coin with a round outer edge and a square central hole.
- གོར་གོར་ཟླ་འདྲ་འདྲ།What is round like the moon
- གྲུ་བཞི་བྲེ་འདྲ་འདྲ་ཅི་ཁེད།and square like a bre?
- གབ་ལན་དོང་ཙེ་རེད།The answer is a coin.
- གོར་གོར་ཟླ་འདྲ་ཟེར་བ་ནི་As for being round like the moon,
- དོང་ཙེའི་ཕྱིའི་དབྱིབས་རེད།this is the shape of the coin's outline.
- གྲུ་བཞི་བྲེ་འདྲ་ཟེར་བ་ནི་As for being square like a bre,
- དོང་ཙེའི་བུ་ག་གྲུ་བཞི་ཡིན་པ་དེ་བརྗོད་པ་རེད།It is said that the coin's hole is square.