Skip to main content Skip to search
08 Dec 2016
1 min 23 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

བྱ་ཕོས་བཟའ་ཆས་གནས་ངེས་མེད་དུ་གཏོར་བ་དང་ཡང་ཞོགས་པའི་དུས་སུ་དུས་ལྟར་བྱ་སྐད་སྒྲོག་ནས་ནམ་ཚོད་འཛིན་པའི་བྱ་ཕོའི་རང་བཞིན་དེ་མཚོན།

འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་ཡིན། བྱ་ཕོས་གྲོ་ནས་སྲན་གསུམ་མམ་བཟའ་ཆས་ཀྱི་རིགས་ཉི་མར་སྐམ་པའམ་ཡང་ན་ཁང་བའི་ཕྱི་རོལ་ལ་བཞག་པ་མཐོང་ཚེ། ནམ་རྒྱུན་བཟའ་ཆས་རྐུ་འཁྱེར་དང་ཡང་ན་གནས་ངེས་མེད་དུ་གཏོར་བ་སོགས་ཀྱི་ལས་བྱེད་པས་ཐང་མ་བརྡལ་བའི་འདྲེ་ཞེས་བྱ་ཐན་ལྟས་དང་ངན་པར་བརྩི་བ་ཡིན། འོན་ཀྱང་ཞོགས་པའི་དུས་སུ་ནངས་སྔ་མོ་ནས་དུས་ལྟར་བྱ་སྐད་སྒྲོག་པ་དང་མི་རྣམས་ལ་ནམ་ཚོད་འཛིན་པར་གྲོགས་བྱེད་པས་ནམ་ཚོད་འཛིན་པའི་ལྷ་ཞེས་ཁྱིམ་བྱ་བཟང་པོར་ཡང་བརྩི། བོད་རྒྱ་གང་ཡིན་ཀྱང་དུས་ཚོད་འཁོར་ལོ་མ་བྱུང་སྔོན་ལ་བྱ་ཕོའི་བྱ་སྐད་ལ་བརྟེན་ནས་ནམ་ཚོད་འཛིན་པ་དང་། དེའི་འདུ་ཤེས་ནི་ཞིང་གྲོང་གི་ས་ཆ་དག་ན་ད་ལྟའང་མ་ཉམས་པར་འདུག

Transcript search
No results found for this search
0 of 0