Video Overview
འདི་ནི་སྐྱེ་དངོས་སྐོར་གྱི་གབ་ཚིག་ཅིག་ཡིན། དབྱི་མོང་ནི་རོང་བ་ས་ཆའི་ཞིང་ཚིགས་དང་གཤོང་ཁུགས་དག་ན་རྒྱུན་དུ་མཐོང་བའི་སྐྱེ་དངོས་རིགས་ཤིག་ཡིན།
འདི་ནི་སྐྱེ་དངོས་སྐོར་གྱི་གབ་ཚིག་ཅིག་ཡིན། དབྱི་མོང་ནི་རོང་བ་ས་ཆའི་ཞིང་ཚིགས་དང་གཤོང་ཁུགས་དག་ན་རྒྱུན་དུ་མཐོང་བའི་སྐྱེ་དངོས་ཤིག་ཡིན་པ་དང་ཡུལ་སྐད་ལ་ཧྭ་པ་ཁྲ་རིས་ཞེས་ཀྱང་འབོད། གབ་ཚིག་འདིར་བརྗོད་པ་ནི་དབྱི་མོང་གི་སྐྱེ་འཕེལ་གྱི་གོ་རིམ་སྟེ། དང་ཐོག་མེ་ཏོག་སེར་བོ་བཞད་པ་དང་མེ་ཏོག་ཡལ་རྗེས་ནང་སྙིང་གི་སྲིང་བལ་དག་རླུང་གིས་འཁྱེར་ནས་གང་སར་འཕུར་བ་ཡིན། ཐ་མར་ཙི་གུ་དང་ཨ་བྲ་སོགས་ཀྱིས་སྲིང་བལ་དེ་རང་གི་ཚང་དུ་འཁྱེར་ནས་ཚང་བཟོ་བ་ཡིན།
这则谜语描述的是一种生长于农区的常见的植物。
这是一则关于植物的谜语。小花狗是一种在农区很常见的野生藤类植物,一般长在墙根或者田埂上。小花狗的花是黄色的,黄色的花落了之后长出洁白的绒球,过段时间绒球就会随风四处飘散,最后会被老鼠等小动物搬去筑窝。这则谜语的谜面描述的就是它的生长过程。
This riddle describes the life cycle the Chinese Clematis: a yellow flower commonly found in Tibetan fields.
- དང་པོ་མེ་ཏོག་བད་མའི་དོ་ཡ།First, there is a flower like a lotus,
- བར་དུ་ཐང་དཀར་རྒོད་པོའི་འཕུར་ཡ།until a white vulture flies.
- མཐའ་མར་ཙི་གུ་ཨ་བྲའི་མལ་བསྟན།Ultimately, a mouse or other small animal's resting place will be revealed.
- འདི་ནི་ཆུ་མའི་ས་ཁུལ་དུ་མི་འདུགThis does not happen in irrigated fields.
- རི་མ་ཁུལ་གྱི་ཞིང་ཚིགས་ན་འདུགIt happens on the edges of arid land.
- མིང་ལ་དབྱི་མོང་ངམ་ཧ་པ་ཁྲ་རིས་ཟེར།It is called Chinese Clematis or ha pa tra ri.
- དང་ཐོག་མེ་ཏོག་སེར་བོ་བཞད་པ་དང་Initially, a golden flower blossomed, and
- མེ་ཏོག་བཞད་ཚར་རྗེས་འབྲས་བུ་ནི་after the flower's blossoming was finished, the seeds
- སྲིང་བལ་ལྟ་བུའི་དཀར་བོ་ཞིག་ཡིན།were white like cotton.
- འབྲས་བུ་རླུང་གིས་ཡར་མར་ལ་འཁུར་These seeds were carried easily up and down through the air,
- སླ་བ་དང་ཤུལ་དུ་ལུས་པའི་ལོ་མ་ནི་and as for the stem, left behind,
- ཙི་གུ་དང་ཨ་བྲ་སོགས་ཀྱིས་རང་གི་ཁུང་དུ་a mouse or some other small mammal took it into its hole,
- ཁྱེར་ནས་ཚང་མལ་བཟོ་བ་ཡིན།and after carrying it, made a nest from it.
- གབ་ལན་ནི་དབྱི་མོང་ངམ་ཧ་པ་ཁྲ་རིས་རེད།The answer is Chinese Clematis or ha pa tra ri.