Video Overview
མགོ་ན་རྭ་ཅོ་སྐྱེས་ཡོད་མོད། ལུས་པོ་འབུ་དང་ཆ་འདྲ་བ། དེའི་མི་ཚད་རིན་གོང་གསེར་ལས་ཀྱང་ལྷག་ཅེས་པ་སྟེ་དབྱར་རྩྭ་དགུན་འབུའི་ཕྱིའི་རྣམ་པ་དང་རིན་ཐང་གཉིས་གབ་པར་བྱས་ནས་མཚོན་དུ་བཅུག་ཡོད།
དབྱར་རྩྭ་དགུན་འབུའི་ཐོན་ཁུངས་གཙོ་བོ་ནི་བོད་ཀྱི་ས་ཆ་སྟེ་མདོ་དབུས་མཐོ་སྒང་ཡིན་པ་དང་། ནད་རིགས་སྣ་མང་གི་གསོ་བྱེད་དང་རིམས་ནད་འགོག་བཅོས་སུ་ཕན་པའི་རྩྭ་སྨན་ཞིག་ཡིན། ངོ་མཚར་བ་ནི་ལོ་རེའི་ཟླ་གསུམ་པ་དང་བཞི་བ་ནས་བཟུང་དབྱར་རྩྭ་དགུན་འབུ་ནི་ས་མཐོ་ས་ནས་སྐྱེས་འགོ་ཚུགས་པ་དང་། དཔྱིད་ཀའི་རྗེས་ནས་མཐོང་མེད་དུ་གྱུར་འགྲོ དེའི་ལུས་ནི་འབུ་དང་འདྲ་ལ་གཙུག་ན་རྩྭ་མྱུག་ལྟ་བུ་ཞིག་འབུས་ཡོད། བཤད་རྒྱུན་ལ་དབྱར་རྩྭ་དགུན་འབུ་ནི་དབྱར་ཁར་རྩྭ་ཡིན་པ་དང་དགུན་དུས་སུ་ཀླད་གཙུག་གི་མྱུ་གུ་དོར་ནས་འབུ་རུ་འགྱུར་བ་ཡིན་ཟེར། དེ་བས་གབ་ཚིག་ཏུ་ཡང་མགོ་རྩྭ་ཅན་དང་ལུས་འབུ་ཅན་ཞེས་བརྗོད་པ་རེད། ཉེ་བའི་ལོ་ཤས་ནས་བཟུང་ཚོང་རའི་འགྲོས་དང་བསྟུན་ནས་དབྱར་རྩྭ་དགུན་འབུའི་གོང་འཕར་བ་དང་དབྱར་རྩྭ་དགུན་འབུའི་རྩྭ་ས་ཉོ་བ་དང་བརྐོ་བ། ཉོ་བ། བཙོང་པ་སོགས་ཀྱི་ཚོང་ལས་སྣ་མང་གཉེར་བ་དང་། མི་རྣམས་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ཕྱུག་པོ་ལྟ་བུར་ཆགས་འདུག དེ་བས་གབ་ཚིག་ལས་གོང་གསེར་ཅན་ཞེས་བརྗོད་པ་རེད།
这则谜语描述了生长在青藏高原上的奇特的植物。
这则谜语描述的是藏区独有的冬虫夏草。冬虫夏草生长于青藏高原上,简称“虫草”。冬虫夏草是虫和草结合在一起长得一种奇特的生物,冬天是虫子,夏天从虫子里长出草来,具有很高的营养价值,还可以调节肝脏功能、增强抗病毒能力、抗肿瘤、抗疲劳等。近年来,随着商业经济的发展,冬虫夏草的商业价值得到了很大的提高,以虫草为成分的商品也逐渐增多,靠虫草发家致富的家庭在藏区也是比比皆是。
This riddle describes an unusual medicinal plant which only grows on the high plateau.
- མགོ་རྭ་ཅན།Its head has horns.
- ལུས་འབུ་ཅན།Its body has insects.
- གོང་གསེར་ཅན་ཅི་ཁེད།It has a golden price. What is it?
- གབ་ལན་ནི་དབྱར་རྩྭ་དགུན་འབུ་རེད།The answer is caterpillar fungus.