Video Overview
སྒྲོལ་མ་འདོན་པ་དེའི་ཆ་ནས་སེམས་བཟང་ཆོས་དད་ཅན་ཞིག་ཡིན་པར་བསམ་མོད། ཙིག་རྐུན་འཛིན་པ་ལ་བྱང་ཆ་ཆེ་བ་མ་ཟད། ཙི་གུ་གསོད་པའི་གཤེད་མ་ལྟ་བུ་ཞིག་ཡིན་པས་བདུད་རྒན་ཞེས་པ་དེའོ།
འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་ཅིག་ཡིན། བོད་ཁྱིམ་རེ་རེ་ན་རྒྱུན་དུ་མཐོང་ཐུབ་པའི་ཞི་ལ་དེ་ཚ་ཐབ་དྲོན་མོའམ་ཡང་ན་ཉི་མ་དྲོ་ས་རུ་བག་ལ་ཉལ་ནས་སྡོད་དུས་ཁ་ནས་སྔུར་བ་ལྟ་བུ་ཞིག་འཐེན་པ་དེ་ལ་བོད་པ་དག་གིས་ཞི་ལས་སྒྲོལ་མ་འདོན་པ་ཟེར་ཞིང་། སྤྱིར་བོད་པ་རྣམས་ནི་ཆོས་དད་ཆེ་ཞིང་གཞན་ལ་འཚེ་བའི་གནོད་སེམས་མེད་མཁན་ཞིག་ཡིན་མོད། འོན་ཀྱང་ཞི་ལ་ཉལ་དུས་སྒྲོལ་མ་འདོན་ན་ཡང་ལངས་མ་ཐག་ཙི་གུའི་སྟེང་ལ་མཆོང་ནས་སྙིང་རྗེ་ཡ་ང་མེད་པར་གསོད་པས་བདུད་རྒན་ལྟ་བུ་ཞིག་ཡིན་ཚུལ་དེ་བསྟན་ཡོད།
这则谜语描述了猫在两种情况下的不同形态。
这是一则关于动物的谜语。在藏区,几乎每家每户都养猫,而且猫跟人生活在一起,睡觉时躺在炕上、火炉旁等暖和舒适的地方,并且躺下时嗓子里有一种像人的打鼾声,而这种声音被人们称作是在念经,所以谜语中将它说成是念经的好心人。可在见到老鼠和小鸟时却义无反顾的将其抓获并吃掉,因此谜语中也将其称作为抓老鼠的做恶人。
This riddle is about a cat’s innate characterization in two different situations.
- སྒྲོལ་མ་འདོན་པའི་སེམས་བཟང་པོ།What is both a kind consciousness invoking Tara
- ཙིག་རྐུན་འཛིན་པའི་བདུད་རྒན་པོ་ཅི་ཁེད།and a grasping, old demon?
- གབ་ལན་ནི་ཞི་ལ་རེད།The answer is a cat.
- ཞི་ལས་རྒྱུན་དུ་ཁ་ནས་ཆོས་འདོན་པ་A cat continuously recites scripture.
- བཞིན་སྐད་ཕྲན་བུ་མཚམས་མི་འཇོག་མོད།Although similar to this small voice, it does not establish boundaries.
- ཙི་གུ་མཐོང་ཚེ་དེ་འཛིན་པར་བྱེད་པས་On seeing a mouse, the cat will grab it.
- ཞི་ལའི་གབ་ཚིག་ལ་In the Riddle of the Cat
- སྒྲོལ་མ་འདོན་པའི་སེམས་བཟང་པོ།a kind heart which invokes Tara
- ཙིག་རྐུན་འཛིན་པའི་བདུད་རྒན་པོ་ཞེས་and an old, grasping demon
- བརྗོད་པ་རེད།are said to be the same being.