Skip to main content Skip to search
19 Oct 2016
1 min 15 sec
Video Overview
Creators: 
Dorjee Dondrup

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན།

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། སླེ་བོ་ནི་ཨ་མདོ་རོང་ཁུལ་དུ་ས་དང་ལུད་ཁུར་བྱེད་དང་ཡང་ན་ཞིང་ནང་གི་ལྡུམ་བུ་སོགས་ཁུར་བྱེད་ཀྱི་ལག་ཆ་སྤྱོད་ཆེ་བ་ཞིག་ཡིན། དེའི་རྒྱུ་ཆ་ནི་གཉེན་ལྕུག་ལྡན་པའི་ཤིང་གི་ལྕུག་མ་སོགས་ཡིན། གབ་ཚིག་ལས་སྡེ་བ་ཞིག་ལ་དཔོན་པོ་བཞི་ཡོད་ཟེར་བ་ནི་སླེ་བའི་སྒྲོམ་གཞི་གྲུབ་བྱེད་ཀྱི་སླེ་རྟ་གཉིས་སྟོན་པ་ཡིན། སླེ་རྟ་གཉིས་བསྣོལ་མར་བསྡེབ་ནས་གྲུབ་པས་སྣེ་བཞི་ཡོད་པ་ཡིན། བློན་པོ་བཅུ་གཉིས་ཡོད་ཟེར་བ་ནི་སླེ་གཅུའམ་སླེ་འཛིན་ཏེ་སླེ་ལྕུག་ཕན་ཚུན་ཚགས་དམ་པོ་ཡོང་བྱེད་དེ་དག་ཡིན། དམག་སྟོང་གཅིག་ཡོད་ཟེར་བ་ནི་སླེ་ལྕུག་ལ་བརྗོད་པ་སྟེ་སླེ་ལྕུག་ནི་གྲངས་མང་པོའི་ཆ་ནས་དེ་ལྟར་བརྗོད་དོ།།

这是一则关于生活用品的谜语,描述的是人们常用背篓。

这是一则关于生活用品的谜语,谜语中所述的背篓,是安多地区用来背东西的工具,平时用于背牛粪、背草等物品。常见的背篓口呈圆形便于放东西,底部呈椭圆形。制作时用春天刚长出的柔软细长的树枝编织。

This riddle describes a basket, which is an everyday necessity in Tibet. Large baskets worn on the back are especially common. 

Transcript search
No results found for this search
0 of 0