Skip to main content Skip to search
08 Dec 2016
1 min 40 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་སྟེ་མདའི་ཕྱིའི་དབྱིབས་དང་རྣམ་པ་བརྗོད་པའི་གབ་ཚིག་ཡིན།

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་སྟེ་མདའི་ཕྱིའི་དབྱིབས་དང་རྣམ་པ་བརྗོད་པའི་གབ་ཚིག་ཡིན། མདའ་ནི་གདོད་མའི་མཚོན་ཆ་ཞིག་ཡིན་ན་ཡང་བོད་པ་རྣམས་ཀྱིས་རྩེད་མོ་ལུས་སྦྱོང་གི་ཚུལ་དུ་ལག་ལེན་བྱེད་བཞིན་ཡོད། གཞན་རྟ་རྒྱུགས་མདའ་འཕེན་ཞེས་མདའ་འཕེན་པ་ཡང་བོད་ཀྱི་སྤྱི་ཚོགས་ཁྲོད་གོ་གནས་ངེས་ཅན་ཞིག་ཡོད་པ་དང་བོད་པའི་ཁྱིམ་སོ་སོའི་མཆོད་ཁང་དུ་གཡང་མདའ་ཞེས་མདའ་མོ་ཞིག་ཀྱང་མཆོད་བཤམས་སུ་བཀོད་ཡོད། གབ་ཚིག་འདིར་སྐྱེ་གཟུགས་དྲང་བོའི་དཔའ་བོ་ཞིག་ཞེས་པ་དེས་མདའ་ཤིང་དྲང་བ་སྟོན་པ་དང་། འགྲམ་པའི་ཐོག་ན་སྤུ་ཞིག་ཡོད་ཟེར་བ་ནི་མདའ་སྒྲོ་བརྗོད་པ་ཡིན། ཀླད་པའི་གཙུག་ན་ཁ་ཞིག་ཡོད་ཟེར་བ་ནི་མདའི་ལྟོང་དང་རྐང་བའི་མཐིལ་ན་ལྕགས་ཤིག་ཡོད་པ་ནི་མདའ་ཡི་མདེའུ་བརྗོད་པ་ཡིན།

这则谜语描述了箭的不同组成部分和用途。

脊背挺直的英雄,脸上有根毛,头上有张嘴,脚底有块铁。这则谜语形容的是由箭头、箭杆、箭羽三部分组成箭。谜语中描述的脚底有块铁讲的是箭头,多为铁制,头锐而底丰,式样有三菱形,圆锥形等。脸上有根毛讲的是箭羽,常以鹏鹘等巨禽翅制成,夹于箭杆尾端,使箭在飞行中平稳的命中目标。脊背挺直的英雄讲的是箭杆。箭杆以木或竹制成,嵌于箭端之下。

This is a riddle which describes the form, function, and features of an arrow’s different parts. 

Transcript search
No results found for this search
0 of 0