Video Overview
Jangbu, a modern Tibetan poet from Amdo, reads the poem "Returning Home" from his book Jangbu's Collected Works.
- Amdo
- ཀ་
- ཀ་
- ཀ་
- ཀབྱས་ན་ངས་སྙན་ངག་ཁ་ཤས་ཕྱིར་འདོན་ཡིན་
- ཀཡུལ་ལ་ལོག་པ་ཟེར། དང་པོ་འདི།
- ཀཡུལ་ལ་ལོག་པ།
- ཀཐེངས་ཁ་ཤས་ལ། སྙན་ངག་གི་ཁྱུ་ཞིག་དེད་ནས། ང་རང་ཕ་ཡུལ་དུ་ལོག་རྩིས་བྱས། གངས་རི་དང་མཚེའུ་ཞིག་གམ། མཚེའུ་དང་སྤང་ལྗོངས་ཤིག་གི་བར་ན། དུས་ཚོད་ཀྱི་རྐང་རྗེས་གསལ་བའི་ལམ་ཕྲན་དེ། ང་ཐོག་མར་འོང་སའི། སྦྲ་གུར་ཕྱོགས་སུ་འཐེན་ཡོད་ཚོད་ཡིན།
- ཀསྟོན་ཟླ་བརྒྱད་པའི། གྲོང་ཁྱེར་གྱི་ཤིང་འབྲས་འོག་ཏུ། ངས་འཕྱོར་སྒེག་གི་མཛའ་མོ་ཁ་ཤས་དང་། ནར་སོན་བཞིན་པའི་བྱིས་པ་འགའ་ཞིག། གཏམ་རྒྱུད་ཀྱི་རྟོག་བཏགས་མཚར་པོས་བསླུ་རྩིས་བྱས། རྗོད་ངག་དང་བྲང་ཁའམ། བྲང་ཁ་དང་སེམས་པ་གཉིས་ཀྱི་མཚམས་སུ། རྣོ་ལྕགས་ཀྱི་ནགས་ཚལ་འཁྲིགས་ཏེ། ངེད་མཐོང་ལམ་གྱི་ཞི་འཇགས་དཀྲོགས། སྐབས་དང་སྐབས་སུ། ང་ལ་འགྲོ་ཡུལ་མེད་པའི་སྣང་བ་ཞིག་ཀྱང་སྐྱེ།
- ཀཡུལ་ལ་ལོག་པ་ཟེར་མཁན་འདི། ཨན། ཡུལ་ལ་ལོག་པ་ཟེར་ན་འདི་ཨ་མདོ་༿མདོའི་༾སྐད་ལ་ནང་ལ་ལོག་འགྲོ་ཟེར། འོ་་་་ད་འདིའི་ནང་དོན་འདི་ཡིན།