Video Overview
The Krongpas are the high-class family in the Kheng region, and they are of three different families in the Ngangla community. Numerous high-class people visit their home as a guest and they have a custom of welcoming high officials with a Marchang (livation) ceremony. Such traditions are still practiced today in the community but not for all types of guest. In the past these families had big responsibilities in the community. All taxes and other community work were organized by the Krongpas and Khocheys. Now the responsibilities are taken care of by Tshogpas (community representative), so these families have fewer responsibilities, aside from coordinating village events such as tshechus and Chodpa.
- སེང་གེ་རྡོ་རྗེ་ Singye Dorjiབྲཱེ་ལ་ཟེར་ དེ་ལས་ ལྷ་མན་པ་ སྦྱར་པ་ཟེར་ ཁོང་གསུམ་ ཨ་པ་དང་ཨ་མ་སྦྲགས་ཏེ་ ལེགས་ཤོམ་སྦེ་ ང་འབད་སར་མགྱོནམ་འོང་པ་ཅིན་ ཡ་མགྱོནམ་ཆེ་བ་ཆུང་བ་ག་འོང་རུང་ ཆུང་བ་འདི་མི་འོང་ ཆེ་བ་ཐོན་འོང་།
- སེང་གེ་རྡོ་རྗེ་ Singye Dorjiཧབ་ཏ་པ་སྒར་པ་ཟེར་ཐོན་འོང་ བ་སྲིད་པ་ཟེར་ཐོན་འོང་ འ་ནཱི་བསྒང་ཁོང་གིས་གདོང་ཆང་འབག་དགོ་ ཚོང་སྦྱོར་སྒར་པ་ཟེར་ཐོན་འོང་ འ་ནཱི་ལུ་ཡང་ གདོང་ཆང་འབག་དགོ
- སེང་གེ་རྡོ་རྗེ་ Singye Dorjiདེ་ལས་ ངོ་བསླང་སྒར་པ་ཟེར་ཐོན་འོང་ ཁོང་གདོང་ཆང་འབག་དགོ་ འ་་་ད་རེས་ནངས་པ་འབད་བ་ཅིན་ དྲགོས་དྲུང་པ་ཅིག་མར་ལས་བྱོན་ ཡང་ཅིན་རྫོང་བདག་ཅིག་བྱོན་འབད་བ་ཅིན།
- སེང་གེ་རྡོ་རྗེ་ Singye Dorjiདང་ཕུ་འབད་བ་ཅིན་ ནཱ་བྱོན་འོང་ ད་ལྟོ་འབད་བ་ཅིན་ སློབ་གྲྭ་ཡོད་སར་བྱོན་མས་ ནཱ་ལུ་བྱོན་ཡང་མི་བྱོན་མས་ ནཱ་བྱོན་པ་ཅིན་མ་པ་ལས་ གདོང་ཆང་འདི་ ཀྲོང་པ་ཚུ་གིས་འབག་དགོ་ལགས།
- སེང་གེ་རྡོ་རྗེ་ Singye Dorjiགཅིག་གི་ཁྱིམ་ནང་བྱོན་པ་ཅིན་ འ་ནཱ་དུར་བཏང་དང་ཕུ་གི་ལམ་ལུགས་ཨིན་པས་ ཧེ་མ་ མར་དྲགོས་དྲུང་པ་ དྲུང་ཚབ་སྦེ་སྡོད་ཅི་ ཚེ་དབང་རིན་འཛིན་ཟེར་ ཁོ་ནཱ་ལུ་བྱོན་བྱོནམ་སྡོད་ཅི་ཚར་གཅིག་ འ་ནཱི་བསྒང་ཀྲོང་པ་ཚུ་གིས་ གདོང་ཆང་མ་འབག་འབགཔ་ཨིན་པས་ལགས།
- སེང་གེ་རྡོ་རྗེ་ Singye Dorjiགདོང་ཆང་མ་འབག་པར་ དེ་བསྒང་ཁོ་གིས་ དུམ་གྲ་ཅིག་ཧད་བཏགས་འབད་ནི་རང་འབད་ཡི་ ག་དེ་སྦེ་གསུངས་ཡི་གོ་ཟེར་བ་ཅིན་ དང་ཕུ་གི་ལམ་ལུགས་འདུག་ཁྱོད་ལུ་ ད་ལྟོ་ལམ་ལུགས་བརྗེད་བརྗེདཔ་ཨིན་ན་ཟེར་ ཚོགས་བརྡ་བཏང་ཡི་ཏེ་ཁོ་གིས།
- སེང་གེ་རྡོ་རྗེ་ Singye Dorjiདྲགོས་ཚེ་དབང་རིན་འཛིན་ ད་ལྟོ་ཕར་ཨ་ནཱི་ཕྱི་འབྲེལ་བློན་པོ་ཨིན་པས་མེན་ན་ཁོ་ ད་ལྟོ་བསམ་རྩེ་ལས་ འ་ནཱི་ཨིན་པས་ དེ་བསྒང་ལམ་ལུགས་ཉམས་སུ་ཅིག་འགྱོ་འགྱོཝ་མས་ཁྱོད་ཚུ་གི་ཟེར་ དེ་སྦེ་གསུངས་ཡི།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ཨ་པ་ཁྱོད་ར་ནཱ་བཞུགས་པའི་རིང་ལུ་ད་ དགུང་ལོ་ཆུང་ཀུ་ཅིག་ལས་རང་ནཱ་བཞུགས་ནུག་སྦ་ བཞུགས་པའི་རིང་ལུ་ད་ ཁྱོད་ར་གིས་ ཀྲོང་ག་དེམ་ཅིག་སོར་ཏེ་ ཡར་སོངཔ་བཟུམ་ཅིག་ཚོརཝ་མས་གོ་ལགས?
- སེང་གེ་རྡོ་རྗེ་ Singye Dorjiཀྲོང་པ་བཅུ་གསུམ་བཅུ་བཞི་བཅོ་ལྔ་དེ་ཅིག་རང་ སོང་ནུག་མེན་ན་ལགས་ ཀྲོང་པ་སོར་ཡི་རང་ ང་ར་ལོ་ ༢༥ མེན་ ལོ་ ༦༥ འབདཝ་ད་ ལོ་ལྔ་ཚུན་ཚོད་འདི་ དྲན་པ་མ་འོང་པས་ འདི་ལས་མར་ཤེས་ཤེསཔ་ཅིག་འབདཝ་ད་ ལོ་གསུམ་གསུམ་འབདཝ་ད་ ག་དེམ་ཅིག་སོང་ནུག་ག་ཟེར་ ང་གིས་འདི་ གྱངས་ཁ་བདའ་མི་འཛིན་པས་ཟེར།
- སེང་གེ་རྡོ་རྗེ་ Singye Dorjiབར་སྐབས་ཅིག་ཁར་ང་བཀག་སྟོང་སྡོད་རུང་ ནཱ་ལུ་ཀྲོང་པ་ཚུ་འབད་སར་ ཀྲོང་པ་ཚུ་འབད་སར་རང་འོང་དགོ་མར་ལས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukསྒར་པ་ག་ཅི་ལོ་ སྒར་པ་གི་སྐོར་ལས་གསུང་མས་མེན་ན་ད་ཅི་ཨ་པ་གིས?
- སེང་གེ་རྡོ་རྗེ་ Singye Dorjiཨ་ནཱི་ཡ་ལགས་ ཧབ་ཏ་པ་སྒར་པ་ལོ་འདི་ཚུ? དང་ཕུ་ཧབ་ཏ་པ་སྒར་པ་ཟེར་མི་འདི་འབད་བ་ཅིན་ ང་བཅས་ར་ཀ་བལ་ཚུ་དང་ ང་བཅས་རའི་ངོ་བསླང་སྒར་པ་ཚུ་འདི་ ཀ་བལ་དང་ འབུ་རས་ཚུ་བསྡུ་བར་ཐོན་འོང་།
- སེང་གེ་རྡོ་རྗེ་ Singye Dorjiདང་ཕུ་ དེ་འབདཝ་ད་ ནཱ་ལས་ཁྲལ་མི་རང་རང་ས་འབད་ བྲཱེ་ལ་ བྲཱེ་ལ་གིས་ བསྡུ་བར་འགྱོ་དགོ་ ལྷ་མན་པ་ ལྷ་མན་པ་གིས་བསྡུ་བར་འགྱོ་དགོ་ སྦྱར་པ་སྦྱར་པ་བསྡུ་བར་འགྱོ་དགོ
- སེང་གེ་རྡོ་རྗེ་ Singye Dorjiབསྡུ་ཞིནམ་ལས་ ནཱ་ལུ་ སྒར་པ་གིས་ འབག་འགྱོ་འོང་ལགས་དང་ཕུ་ ཡར་ཕུལ་བར་ དེ་ལས་ དང་ཕུ་གཅིག་བ་རྩིས་པ་འབད་བ་ཅིན་ ཟླཝ་ ༧ པའི་ཚེས་ ༣ ལུ་ཐོན་འོང་ ཚེས་ ༣ ལུ།
- སེང་གེ་རྡོ་རྗེ་ Singye Dorjiབ་གདེམ་ཅིག་ཡོདཔ་ཅིག་ བ་ལོ་གཉིས་ལས་ སོ་སོར་ཞིནམ་ལས་འབད་བ་ཅིན་ བ་རྩིས་ན་འགྱོ་དགོ་ འ་ནཱ་བ་རེ་རེ་ལུ་མར་བསྲང་རེ་རེ་བསྡུ་ནི་སྡོད་ཅི་དང་ཕུ་ དེ་ལས་ ཤུལ་ལས་འབད་བ་ཅིན་ སྐམ་ཆ་ལུ་འགྱུར་སོང་ཡི་སྦ་ ད་མི་འགྱོ་བས་མེན་ཏེ་ང་བཅས།
- སེང་གེ་རྡོ་རྗེ་ Singye Dorjiད་གཙོ་བོ་ནཱ་ ད་མཁོ་ཆེ་དང་ ཀྲོང་པ་གི་བར་ན་ལུ་འབྲེལ་བ་གཙོ་བོ་ར་འཐབ་དགོཔ་ ག་དེ་སྦེ་ཡོད་གོ་ལགས?
- སེང་གེ་རྡོ་རྗེ་ Singye Dorjiད་ལྟོ་འབད་བ་ཅིན་མེད་ལགས་ འབྲེལ་བ་འཐབ་དགོཔ་ གཞུང་གིས་འབད་ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukསྒེར་གྱི་ཁ་ཐུག་ལས་ཡང་ག་ནི་ཡང་མེད་ག་ལགས?
- སེང་གེ་རྡོ་རྗེ་ Singye Dorjiད་མེད་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- སེང་གེ་རྡོ་རྗེ་ Singye Dorjiདང་ཕུ་འདི་ མ་པ་ལས་མཁོ་ཆེ་དང་ ཀྲོང་པ་ཟེར་མི་ མ་པ་ལས་ སྦྱེལཝ་ཚུ་ག་ར་མཁོ་ཆེ་དང་ ཀྲོང་པ་ཚུ་གིས་འཐབ་སྟེ་སྡོད་ནུག་ ད་ལྟོ་འབདཝ་ད་ རོགས་ཚོགས་པ་ཚུ་གིས་འབད་དོ་ཡོདཔ་ལས་ ང་བཅས་འབད་ཡང་མི་དགོ་པས་ལགས།
- སེང་གེ་རྡོ་རྗེ་ Singye Dorjiམ་པ་ཨིན་རུང་མེན་རུང་ ང་བཅས་རའི་ཚེས་བཅུ་གཅིག་གི་ རྩ་བོ་ཨ་ཙི་རེ་བསྟུན་གྲོས་འབད་ཡི་འབད་ཡི་ དང་ཕུའི་སྔར་གྱི་ལམ་ལུགས་ཡལ་བ་ཅིན་མི་བཏུབ་ཟེར་ འདི་གིས་སྦེ་ བདག་འཛིན་འབད་དེ་ འབད་བའི་ལགས།
- སེང་གེ་རྡོ་རྗེ་ Singye Dorjiད་རེས་ནངས་པ་འབད་བ་ཅིན་ ཚོགས་པ་གིས་སྦེ་འབད་དོ།
- སེང་གེ་རྡོ་རྗེ་ Singye Dorjiདང་ཕུ་ང་མཁོ་ཆེ་གཅིག་ཨིན་པས་ མཁོ་ཆེ་པཱམ་པ་ཟེར་སྡོད་ཅི་སྡོད་ནི་འདི་ མཁོ་ཆེ་པཱམ་པ་ཟེར་སྡོད་རུང་ ཧེ་མ་ཁྱིམ་ཕར་ སྒོ་ཤིང་ལུ་ གུང་པ་དྲུག་སྡོད་ཅི་ ངང་ལ་ལས་གུང་པ་ ༦ སྡོད་ཅི་ གུང་པ་ ༡༢ སྡོད་ཅི།
- སེང་གེ་རྡོ་རྗེ་ Singye Dorjiཤུལ་ལས་ སྒོ་ཤིང་གི་རྒེད་འོག་སོ་སོ་འགྱོ་སྟེ་ ཁོང་ཡང་མ་འོང་ དེའི་ནང་དོན་ལས་ ནཱ་གི་ཚུ་ཡང་ ད་འབད་མི་ཚུགས་པས་ཟེར་ ད་ཐོན་པ་ཅིན་ ང་བཅས་ཡང་སྐོར་རྒྱབ་འབད་དེ་ཐོན་དགོ་ནི་མས་ཟེར་སླབ་ནི་སྡོད་ཅི།
- སེང་གེ་རྡོ་རྗེ་ Singye Dorjiདེ་འབདཝ་ད་ ཤུལ་ལས་ཁོང་ར་གིས་ ད་ཁོང་ར་ནང་དུ་རང་ སྐོར་རྒྱབ་འདི་མི་བཏུབ་ད་ སྡོད་མི་ཁོ་ར་རྐྱངམ་གཅིག་སྡོད་བཅུག་ཟེར་ ད་སྐོར་རྒྱབ་འབད་བ་ཅིན་ཁྱིམ་ ཡལ་འོང་དེ་བས་ཁོ་ར་རྐྱངམ་ཅིག་སྡོད་བཅུགཔ་དྲག་ཟེར།
- སེང་གེ་རྡོ་རྗེ་ Singye Dorjiའ་ནཱ་ལས་ཁོང་གིས་ཡང་ འ་ནཱི་གི་ཚུ་གིས་ཡང་ མ་འོང་ལགས་རུབ་པར་ཡང་ ལ་ལུ་ཅིག་བྲཱེ་ལ་ཁ་ཐུག་ ལ་ལུ་ཅིག་ ལྷ་མན་པ་ཁ་ཐུག་ ཁོང་དེ་སྦེ་འབད་དེ་ ལ་ལུ་ཅིག་ག་ཏེ་ཡང་མ་རུབ་པར་ བར་ན་དེ་སྦེ་རང་ལུས་སོང་ཡི་ལགས་ མ་རུབ་ལགས་ཁོང་གིས་ཡང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ལྟོ་ད་ ག་ཅི་རང་འབད་རུང་ དཔེར་ན་མཆོད་པ་འདྲཝ་ད་ འདེར་མཆོད་འདྲཝ་ག་ཅི་རང་འབད་རུང་ད་ རང་གིས་སྦེ་རང་(ཀྲོང་པ་)ད་ བཏང་དགོཔ་ཨིན་པས་སྨོ་ལགས?
- སེང་གེ་རྡོ་རྗེ་ Singye Dorjiཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་དཔེར་ན་འབད་བ་ཅིན་ ད་ལཱ་གིས་བཙར་མ་ཚུགས་པར་ མི་འཚོལ་རུང་རང་གིས་སྦེ་འཚོལ་ ད་འཐུས་ཡང་རང་གིས་སྦེ་སྤྲོད་དེ་འབད་དགོཔ་ཨིན་པས་སྨོ་ ཀྲོང་པ་འབད་རུང་ འ་ནཱི་སྦེ་ཨིན་ན་ལགས?
- སེང་གེ་རྡོ་རྗེ་ Singye Dorjiཨིན་ད།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།