Video Overview
Kezang Buthri from Goleng gewog shares about the responsibilities of the coordinator during the Choedpa festival. According to her, the coordinator does not have many responsibilities for the event. The main tasks they had were to prepare ritual cakes prior to the main event; the rice and butter needed to create and decorate these ritual cakes were provided by the organizers. The whole community does everything else. But looking at the situation of the event, it seems the coordinator needed to organize all the meals and programs until the festival ended.
མགོ་གླིང་ལས་ སྐལ་བཟང་བུ་ཁྲི་གི་ མཆོད་པའི་ཚེས་བཅུའི་སྐབས་ལུ་ འགོ་འདྲེན་པ་གི་ ལཱ་དང་ འགན་ཁུར་གྱི་སྐོར་ལས་ ལོ་རྒྱུས་བཤད་ནི་འདུག མོ་གི་སླབ་མི་ནང་འགོ་འདྲེན་པ་ལུ་ འགན་ཁུར་ལེ་ཤ་མེད་ཟེར་ཨིན་མས། ཚེས་བཅུའི་སྐབས་ལུ་ འགོ་འདྲེན་པ་གི་ འགན་ཁུར་འདི་ ཆོ་ག་དང་འཁྲིལ་ཏེ་ གཏོརམ་བཞེངས་ནི་འདི་ཨིནམ་དང་ དེ་ཡང་ གཏོརམ་བཞེངས་ནིའི་དོན་ལུ་ ཆུམ་དང་ མར་འདི་རྐྱངམ་ཅིག འགོ་འདྲེན་པ་གི་བཏོན་དགོཔ་མ་གཏོགས་ གཞན་ཚུ་གེ་ར་ གཡུས་ཁའི་མི་ཚུ་གི་བཏོན་འོང་ཟེར་ཨིན་མས། ཨིན་རུང་ ལྟོ་ཁ་གི་ལས་རིམ་དང་ ལས་རིམ་གཞན་ཚུ་འགོ་འདྲེན་འཐབ་ནི་འདི་ འགོ་འདྲེན་པ་གིས་ འགོ་འདྲེན་འཐབ་དགོཔ་ཨིན་མས།
- སྐལ་བཟང་བུ་ཁྲིད་ Kelzang Buthriརྩ་བོ་གི་འགན་ཁུར་རང་ཟེར་ ག་ནི་ཡང་མེད་ན་ རྩ་བོ་གི་འགན་ཁུར་ར་ཟེར་ ཉིནམ་གཅིག་གི་དོན་ལས་རྐྱངམ་གཅིག་ཨིན་ལགས་ ཉིནམ་གཅིག་གི་དོན་ལུ་ དེ་ལས་ གཏོར་མ་དང་འདི་ཚུནི་ སང་ཕོད་ཞུ་ནི་ཟེརཝ་ད་ དུས་ཅི་བཟུམ་ཅིག་ལུ་ཏེ།
- སྐལ་བཟང་བུ་ཁྲིད་ Kelzang Buthriཨ་ནཱི་འབདཝ་མས་མེན་ན་ཏེ་ མར་ལས་རོགས་རྩ་བོ་ཞུ་མི་ལས་ ཧེ་མ་རང་མཁས་བླངས་དང་འདི་ཚུ་ ཕར་ད་ཚུར་ ཁས་བླངས་འབད་མི་ཚུ་ལུ་ མར་དུམ་གྲ་རེ་དབུར་ཏེ་ གཏོརམ་དུམ་གྲ་རེ་བྱིན་འོང་ དེ་ལས་མར་ལུ་ མར་དང་འདི་ཚུ་དབུར།
- སྐལ་བཟང་བུ་ཁྲིད་ Kelzang Buthriམར་གདན་འོང་གདོང་ཁར་ལགས་ འ་ནཱི་ཏེ་ རྩ་བོ་གིས་ཞུ་འབག་ནི་ སང་ཕོད་འབད་ནི་ཟེརཝ་ད་ དུས་ཅི་བཟུམ་ཅིག་ལུ་ལགས་ དེ་སྦེ་ཞུ་ནི་འོང་ལགས། དེ་ལས་ འདི་ནང་འདི་ཉིནམ་གཅིག་གི་དོན་ལུ་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ དེ་ལས་རྩ་བོ་གི་ཁ་ཐུག་ལས་ད་ ནཱ་འཐེབ་གཉེར་ཚང་རང་འབད་རུང་ག་ཅི་འབད་རུང་ད་ རྩ་བོ་གི་ཁ་ཐུག་ལས་འགན་ཁུར་ག་ཅི་ར་ཡོདཔ་སྨོ་ལགས་རྩ་བོ་ལས?
- སྐལ་བཟང་བུ་ཁྲིད་ Kelzang Buthriརྩ་བོ་གི་ཁ་ཐུག་ལས་ ཟ་འཐུང་ད་ ཉིནམ་གཅིག་གི་ཟ་འཐུང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཉིནམ་གཅིག་གི་ཟ་འཐུང་ལགས?
- སྐལ་བཟང་བུ་ཁྲིད་ Kelzang Buthriཨིན་ཉིནམ་གཅིག་གི་ཟ་འཐུང་ལགས་ ཨིན་ དེ་ལས་ མ་པ་རྩ་བོ་ལས་ གཏོརམ་དང་འདི་ཚུ་བཞེངསམ་ད་རྩ་བོ་ལས་འགྱོ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་།
- སྐལ་བཟང་བུ་ཁྲིད་ Kelzang Buthriཨིན་གཏོརམ་དང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukགཏོར་མ་གི་
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་གཏོར་མ་གི་ཆུམ་ཕྱེ་འཐག་སྟེ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཕྱེ་འཐག་སྟེ་ཡ?
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་དཀར་རྒྱན?
- སྐལ་བཟང་བུ་ཁྲིད་ Kelzang Buthriདེ་ལས་ དཀར་རྒྱན་འདི་ ང་བཅས་ར་གྱིས་བཏང་རུང་བཏུབ་ དམངས་ཀྱིས་འབད་རུང་བཏུབ་ལགས་ ག་དེ་སྦེ་འབདཝ་ཅིག་ དུས་ཅི་འདི་ང་རའི་ཁ་ཐུག་ལས་འབད་ཡི་ལགས་ ག་དེ་སྦེ་ཨིན་ན་ (བུམོ་)གི་རྨགཔ་གིས་ཤེས་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ད་ རྩ་བོ་སྦེ་མ་པ་སྐོར་རྒྱབ་སྦེ་ ཁྱིམ་སྐོར་རྒྱབ་སྦེ་ ལྷོད་ནི་མིན་འདུག་སྨོ་ལགས?
- སྐལ་བཟང་བུ་ཁྲིད་ Kelzang Buthriམེད་ལགས་རང་རང་སོའི་ཁས་བླངས་ཨིན། རང་བྱིན་དང་འདི་ཚུ་ཆགས་ནིའི་དོན་ལུ་ ད་མཆོད་པའི་རྩ་བོ་ཞུ་བ་ཅིན་ ལོ་ཐོག་ཡང་རྟག་ཏུ་ལེགས་ནིའི་དོན་ལུ་སྦེ་ ཞུཝ་མས་ལགས་ང་བཅས་ནཱ་ལུ་ལགས་ རང་རང་སོའི་ཁས་བླངས་ཀྱི་ཐོག་ལས་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་ཁས་བླངས་འདི་ ནམ་མཛད་མཛདཔ་སྨོ་ནཱ་ལས?
- སྐལ་བཟང་བུ་ཁྲིད་ Kelzang Buthriདེ་ལས་ རྟག་བུ་ར་དེ་སྦེ་ཨིན་ ང་བཅས་འདི་ རྩ་བོ་སྦེ་ཁས་བླངས་ན་ཧིང་ཞུ་ཡི་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukན་ཧིང་མཆོད་པའི་ནང་།
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་མཆོད་པ་གྲོལཝ་ཅིག་ཞུ་ཡི་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchuk(མཆོད་པ་)གྲོལ་ཏེ་ད་ནཱ་ལས་ཁས་བླངས་གནང་གནངམ་ཨིན་ན་?
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukསང་ཕོད་ད་རྩ་བོ་འབད་གེ་ཟེར?
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་ལགས་ སྐོར་རྒྱབ་མེད་ལགས་ ང་བཅས་རའི་ཁས་བླངས་ཀྱི་ཐོག་ལས་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ དེ་ལས་ད་ མཆོད་པ་གྲོལཝ་ད་ཡང་ རྩ་བོ་གི་ ད་གཏོརམ་འདི་རྩ་བོ་ཁྱིམ་ནང་ ཞུ་ནི་ནེ་ཅིག་ཡོད་དོ་མས་སྨོ?
- སྐལ་བཟང་བུ་ཁྲིད་ Kelzang Buthriཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའདི་ག་དེ་སྦེ་སྨོ་ལགས?
- སྐལ་བཟང་བུ་ཁྲིད་ Kelzang Buthriཨིན་ཨ་ནཱི་མཆོད་པ་འབད་བ་ཅིན་ ད་ད་རེས་དཀར་རྒྱན་འཐེན་ཏེ་ ཕར་འབག་ཕར་ལས་སྦེ་ ནངས་པ་གཏོརམ་བཞེངས་ཏེ་ ཕར་ལྷ་ཁང་ལས་སྦེ་ ནཱ་ལུ་ཞུ་འོང་གཏོར་མ་སྦོམ་རང་།
- སྐལ་བཟང་བུ་ཁྲིད་ Kelzang Buthriཞབས་དྲུང་ལུ་འགོ་བཟུང་སྟེ་རང་ཞུ་འོང་ལགས་ ནཱ་ལུ་(རྩ་བོ་གི་ཁྱིམ་ནང་)་ དེ་ལས་ནཱ་ལུ་ ཞུ་སྟེ་ ཁོང་ཆ་ཁྱབ་ལུ་ བཞེས་སྒོ་འདི་ཚུ་འབད་སྦེ་ ཁོང་དགའཝ་དགའ་སྤྲོ་འབད་དེ་ དེ་སྦེ་སྡོད་འོང་ལགས།
- སྐལ་བཟང་བུ་ཁྲིད་ Kelzang Buthriདགའཝ་དགའ་སྤྲོ་འབད་དེ་ དེ་ལས་འ་ནཱི་གཏོརམ་འདི་ཚུ་ ཡུདཔ་ཅིག་ལས་བཤིག་འོང་ད་རུང་ལགས་ མར་མགུ་ཏོ་གུ་དབུར་ མར་དབུར་ག་ཅི་རེ་དབུར་སྦེ་སྡོད་འོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ད་མར་ཨ་ནཱི་མར་གྱི་ རྩེ་ནི་ཡོད་ཟེར་སླབ་མས་སྨོ?
- སྐལ་བཟང་བུ་ཁྲིད་ Kelzang Buthriཨིན་ཡོད།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ཡང་རྩ་བོ་གི་ཁྱིམ་ནང་སྦེ་ཡ?
- སྐལ་བཟང་བུ་ཁྲིད་ Kelzang Buthriཨིན་ལགས་ འོང་ རང་རང་ས་ཁས་བླངས་(གཏོརམ་ཞུཝ་ཅིག་) མར་ཨ་ཙི་རེ་དབུར་བྱིན་འོང་ལགས་ རོགས་གཏོརམ་ཞུ་མི་ལུ་ལགས་ དེ་ལས་ འ་ནཱི་གིས་སྦེ་ རྩེ་དགོ་ལགས་ནཱ་རྩ་བོ་གི་ཁྱིམ་ནང་ མགུ་ཏོ་ཁར་དབུར་ཏེ་ལགས།
- སྐལ་བཟང་བུ་ཁྲིད་ Kelzang Buthriགཞན་འདི་བསྔགས་མར་བཏུབ་ལོ་མེན་ན་འ་ནཱི་འདི་ དེ་འབདཝ་ད་འདིནི་དབུར་ཏེ་བཀོ་བཏང་མས་ མགུ་ཏོ་ཁར་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukམགུ་ཏོ་ཁར་དབུར་རུང་ དབུརཝ་ད་ མགུ་ཏོ་ཁར་རེགཔ་ད་ཡང་ མགུ་ཏོ་ན་ནི་དང་ འདི་ཚུ་སངས་དོ་འོང་སྟེ་མ་པ་ལགས?
- སྐལ་བཟང་བུ་ཁྲིད་ Kelzang Buthriསངས་དོ་འོང་སངས་ནི་འདི་ ག་ཅི་སྦེ་མི་སངས་ནི་རོགས་བསྔགས་མར་ཨིན་ བསགས་བསགསཔ་འབད་ནི་དེ་གིས་(བསྔགས)།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukགཏོརམ་ཞུ་བའི་ཉིན་མར་འབད་བ་ཅིན་ ཚེས་ག་ཅི་ནང་ཕོག་འོང་ག་ལགས?
- སྐལ་བཟང་བུ་ཁྲིད་ Kelzang Buthri༡༦ ལུ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchuk༡༦ ལུ་ ཉིནམ་གཅིག་རང་རྩ་བོ་གི་ཁྱིམ་ནང་?
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་ཉིནམ་གཅིག་རང་ ཉིནམ་གཅིག་རང་ཨིན་ལགས་ རྩ་བོ་གི་ཁྱིམ་ནང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukརྩ་བོ་གིས་ད་ ག་ཅི་གསོལཝ་ཚོགས་འདི་ཚུ་ཡང་དྲང་ནི་ཡོདཔ་ཨིན་ན་?
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་ག་ར་ནཱ་ལས་སྒྲིག་དགོ་ལགས་ ཉིནམ་གཅིགཔོ་འདི་ འོང་ལགས་ གཏོརམ་ནཱ་ཞུ་ཞིནམ་ལས་ ཉིནམ་གཅིག་རང་ནཱ་གསོ་དགོ་ལགས་ ཕྱི་རུ་མེད་ཉི་མ་གཅིག་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཉི་མ?
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་དྲོ་པ་དྲོ་མཛར་ཅིག་དང་ ཉི་མ་གཅིག་རང་ཨིན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ། ད་རུང་ཁྱོད་ར་གིས་གསུང་ནི་ཡོད་ག་ལགས་གཞན་ལགས?
- སྐལ་བཟང་བུ་ཁྲིད་ Kelzang Buthriམེད་ལགས་ག་ནི་ཡང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukང་གིས་དྲི་བའི་ནང་མ་ཚུདཔ?
- སྐལ་བཟང་བུ་ཁྲིད་ Kelzang Buthriག་ནི་ཡང་མེད་ལགས་གསུང་ནི་ཡང་།
- ལྟོ་བྱིན་འོང་ཟེར་སླབ་མས་ ལྟོ་བྱིན་ཞིནམ་ལས་དར་བཏགས་འོང་ཟེར།
- སྐལ་བཟང་བུ་ཁྲིད་ Kelzang Buthriདེ་ལས་དར་བཏགས་འོང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་དེ་ལས་རྩ་བོ་ཡང་དར་
- སྐལ་བཟང་བུ་ཁྲིད་ Kelzang Buthriདར་བཏགས་འོང་རྩ་བོ་ལུ་ཡང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukབཏགས་ནི་ཡོདཔ་ཨིན་ན་རྩ་བོ་ལུ་ཡང་?
- སྐལ་བཟང་བུ་ཁྲིད་ Kelzang Buthriདར་བཏགས་འོང་ལྟོ་བྱིན་ཞིནམ་ལས་ལགས།
- ལྟོ་སྤགས་རང་བྱིན་འོང་ཟེར་སླབ།
- སྐལ་བཟང་བུ་ཁྲིད་ Kelzang Buthriའོང་་སྤགས་བཀལ་ཏེ་རང་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཏེ་དར་འདི་ག་ཏེ་ལུ་ རྩ་བོ་ཁྱོད་ར་གི་ཁྱིམ་ནང་ལུ་སྦེ་རང?
- སྐལ་བཟང་བུ་ཁྲིད་ Kelzang Buthriཁྱིམ་ན་རང་ ཁྱིམ་ནང་ར་ལགས་ ལྟོ་བཟོ་སྤགས་བཀལ་ དེ་ལས་ ཆང་སྐོལ་ཏེ་རང་དེ་སྦེ་འབད་འོང་ལགས་ཉིནམ་གཅིག་ལགས་ ནཱ་ཞུ་བའི་ཉིན་མར་ལགས།