Skip to main content Skip to search
25 Aug 2014
22 min 38 sec
Video Overview
Creators: 
Yeshey Wangchuk, Bradley Aaron, Namgay lhendup Wangchuk

A key responsibility of the village Gup is to tell residents news and information about taxes, such as Woola, the labor tax. The Gup also had to collect taxes and submit them to the district head office. The Gup and other community heads were exempted from the tax. The other big responsibility of Gup is to divide and supervise works among the Wolabs (laborers). Dorji Tshewang shared that during his time as a Gup, there were very few people who were educated. 

 

༉  ཧེ་མ་ཧེ་མ་ རྒ་པོའི་ལཱ་འགན་ ག་ཅི་བཟུམ་རང་འབད་དགོ་གའི་སྐོར་ལས་ མདའ་ཟུར་རྒཔོ་བགྲེསཔ་ རྡོ་རྗེ་ཚེ་དབང་གིས་བཤད་མི་ནང་ ཧེ༌མ༌ཁོ༌ར༌རྒཔོ༌སྦེ་སྡོད༌པའི༌ནམ༌དུས༌ལུ༌ ཡི༌གུ༌འབྲི༌ལྷག༌ཤེས༌མི༌ཡང༌རེ༌རེ༌གཉིས༌གཉིས༌མ༌གཏོགས༌ གནམ༌མེད༌ས༌མེད༌ཅིག༌མེདཔ༌ཨིན༌པས། དེ༌བསྒང༌ རྫོང༌ལས༌མར༌ཡི༌གུ༌ག༌ཅི༌ར༌འོང༌རུང༌ ལྷག༌མི༌གནམ༌མེད༌ས༌མེད༌ཅིག༌མེདཔ་ལས་ ཁོ༌ར༌གིས༌ཨ༌ཙི༌རེ༌ལྷག༌ཅི༌ར༌ གཡུས༌ཁའི༌མི༌ཚུ༌འཛོམས༌འདུ༌རྐྱབ༌སྦེ༌ ཁྲལ༌དང༌འུར་ལཱ་ལ༌སོགས༌པ༌ག༌ཅི༌ར༌ཕོག༌རུང༌ འཛོམས༌འདུ༌རྐྱབ༌ཞིན༌ན༌ དེ༌ནང༌རང༌བགོ༌བཤའ༌རྐྱབ༌སྟེ༌ཐོ༌ཚུ༌རྐྱབ༌སྦེ༌བཞག༌ནི༌ཡོད༌ ཟེར༌ཨིན༌པས། ཐོ༌རྐྱབ༌མི༌ཡང༌ཡི༌གུ༌རག༌རོག༌ཅིག༌འབྲི༌ཤེས༌མི༌ ཏ༌ཧུང༌ལས༌ ལས༌སྐྱིད༌ཚེ༌དབང༌ཟེར༌མི༌ཅིག༌ཡོད༌མི༌དེ༌གིས༌བྲིས༌སྟེ༌ ཁྲལ༌དང༌འུར་ལཱ་གི༌བགོ༌བཤའ༌རྐྱབ༌སྟེ༌ འ༌ནི༌སྦེ༌འབད༌ཡི༌ ཟེར༌ཨིན༌པས།

Transcript search
No results found for this search
0 of 0
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་མེ་མེ་གིས་ དང་ཕུ་རྒད་པོ་འབདཝ་ད་ ཏེ་རྒད་པོ་གི་འགན་ཁུར་ག་ཅི་ར་ཨིན་ན་ཅིག་ ག་ཅི་འབད་དགོ་ག་འདི་སྐོར་ལས་ཅིག་གསུངས་གནང་ཤིག་
  • རྡོ་རྗེ་ཚེ་དབང་
    ལགས་སོ་ རྒད་པོའི་འགན་ཁུར་འདི་ད་ རྒད་པོ་འབདཝ་ད་ཁྱིམ་ནང་སྡོད་དེ་ ཕར་དང་ཚུར་ལས་ ཡི་གུ་ལྷོདཔ་ཅིག་ དེ་ལས་སྟང་དྲུང་ཁག་གི་མི་སེར་བཀུག་སྟེ་ དེ་ལས་ ཡར་ནག་ཚང་སྟང་དྲུང་པ་ཟེར་ཡོད་སྦ་ལགས་
  • རྡོ་རྗེ་ཚེ་དབང་
    དྲུང་པའི་ནག་ཚང་གི་ལྟག་ལུ་ ཐང་ཅིག་ཡོད་ འ་ཡར་ལུ་འཛོམས་བསྡུ་རྐྱབ་སྟེ་ འུ་ལག་ལ་སོགས་པ་ག་ཅི་ར་ཕོག་རུང་ ཡར་ལས་བགོ་བཤའ་རྐྱབ་དགོ་ ཁྲལ་ག་ཅི་ར་ཕོག་རུང་ ཡར་ལས་བགོ་བཤའ་རྐྱབ་ད་
  • རྡོ་རྗེ་ཚེ་དབང་
    ཏེ་ལཱ་འབད་བར་འགྱོ་དགོ་ལགས་ ལཱ་འབད་བར་འགྱོ་སྟེ་ ང་བཅས་ནཱ་ན་རུད་རྒད་པོ་གི་ཁ་ཐུག་ལས་ དེ་བསྒང་ང་ར་ཆུང་ཀུ་འབད་སྡོདཔ་ད་ ཁོང་ར་ནཱ་མདའ་ཟུར་ལས་ རྒད་པོ་ལྕོགས་མི་མིན་འདུག་ ཨམ་སྲུ་ཅིག་ཐོན་འོང་ ཁོང་རའི་ཨང་རྒས་ཀྱི་ཨང་རྒས་ཅིག་ དེ་ལས་ ང་བཅས་ཀྱི་ནང་ལས་ངེའི་ཨ་ཞང་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ང་བཅས་སྟང་ལས་ ཡར་ཏ་ཧུང་ལས་དམངས་མི་ཚེ་རིང་ལ་ཟེར་ཅིག་ཡོད་ དཔྱལ་ཐེ་འབད་ཡི་གུ་ཡང་སྤྲ་ཏ་སྤྲུ་ཏ་འབྲིས་མི་ཅིག་ ཏེ་ཁོ་ར་འབྲིས་མ་ཤེས་པར་ དེ་ལས་ ཡར་ལས་བགོ་བཤའ་ག་ཅི་ཕོག་རུང་ ཤ་གླང་ཕོག་རུང་ ཁྲལ་ག་ཅི་ར་ཕོག་རུང་ ཡར་ལས་བགོ་བཤའ་རྐྱབ་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    བོད་ལས་མར་པགས་ཀོ་འབག་སྟེ་ ཡ་ཁྲ་ང་བཅས་ར་ཕར་སྤུ་ན་ཁ་ལུ་ ཁྲལ་ཕོག་ཕོགཔ་ཨིན་པས་ ཡ་ཁྲ་དང་ དམར་ཁྲ་དང་ ཕོ་རྒྱ་གི་སྐེད་རགས་བྱང་ཉེས་ལ་བྱང་ཉེས་ལ་ དེ་ལས་ སྣམ་བུ་ལོག་ཅིག་ཁར་ལས་དམརཔོ་དང་ ལོག་ཅིག་ལས་གནགཔོ་འབད་མི་ འཐགས་ཏེ་སྐྱེལ་དགོཔ་
  • རྡོ་རྗེ་ཚེ་དབང་
    འ་ནི་འདི་ག་ར་ བགོ་བཤའ་ཡར་ལས་རྐྱབ་དགོ་ལགས་ ཡར་ལས་བགོ་བཤའ་རྐྱབ་ད་ཏེ་ ཡི་གུ་བྲིས་མི་ རོགས་སྟང་དྲུང་ཁག་ཏ་ཧུང་ལས་ལས་སྐྱིད་ཚེ་དབང་ཟེར་ ཁོ་དུམ་གྲ་ཅིག་དྲགས་ཡི་གུ་འབྲི་ནི་ ད་ལྟོ་གི་བཟུམ་ཅིག་འདི་ ག་ཏེ་འོང་ནི་ ཨིན་རུང་ཧེ་མ་ཁོ་དྲགས་ནི་དེ་གིས་ ཁོ་གིས་འབྲིས་འོང་
  • རྡོ་རྗེ་ཚེ་དབང་
    བགོ་བཤའ་གི་ཡི་གུ་བཟོ་སྟེ་ ་་་་དེ་ལས་ཡར་ལས་བགོ་བཤའ་རྐྱབ་སྟེ་ དེ་ལས་ཨ་ནི་ཡ་ཁྲ་འདི་ཚུ་གི་དོན་ལུ་ བཅད་ལས་མར་པགས་ཀོ་འབག་སྟེ་ པགས་ཀོ་འོང་ ཏེ་རོགས་ཀྱི་པགས་ཀོ་ཀྱི་ དཔྱ་གཅིག་ཡང་མི་ལངས་ འ་ནི་བགོ་བཤའ་རྐྱབ་སྟེ་ འཇལ་ཏེ་ བགོ་བཤའ་རྐྱབ་སྟེ་ བྱིན་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཁྲལ་པ་འ་ནེམ་ཅིག་ལུ་ སྐེད་རགས་འ་ནེམ་རེ་ཕོག་ཟེར་ ཡ་ཁྲ་འ་ནེམ་ཕོག་ཟེར་ དམར་ཁྲ་འ་ནི་ཕོག་ཟེར་ ང་བཅས་རྒད་པོ་ ༢ ལུ་ དམར་ཁྲ་བུབས་རེ་རེ་ཕོག་ ཁྲལ་པ་འདི་ཚུ་ལུ་ བརྒྱང་རེ་རེ་མ་གཏོགས་མི་ཕོག་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ག་ར་ཡར་ལས་ བགོ་བཤའ་རྐྱབ་སྟེ་ དེ་ལས་ སྟང་དྲུང་པ་ཁོ་ར་འདི་ བྱོན་མི་དགོ་ ཁོ་ར་ཏ་ཧུང་ལས་ཨིན་ ཡི་གུ་ཡང་སྣ་གཅིག་ཡང་མ་ཤེས་པར་ཨིན་པས་ལགས་
  • རྡོ་རྗེ་ཚེ་དབང་
    ཁོ་ར་དྲུང་པ་འབདཝ་མ་གཏོགས་ ཞརཝ་ཅིག་ཨིན་པས་ཨིན་ཡང་ དེ་ལས་ ང་བཅས་རྒད་པོ་ ༢ དང་ དམངས་མི་ ༡ དེ་ལས་ ང་བཅས་ནཱ་སྤྱི་དཔོན་འབད་ཡོད་སྦ་ གཡུས་ཚན་རེ་ལུ་ འ་ནི་སྤྱི་དཔོན་་འདི་ཚུ་འོང་ཞིནམ་ལས་ འུ་ལག་འབད་བ་ཅིན་ ཁྲལ་པ་ཚུ་ལུ་ གཉིས་དང་གསུམ་ཕོགཔ་ད་ ཁོང་ལུ་རེ་རེ་ཕོག་ ལཱ་འབད་ནི་མི་ཕོག་ དེ་ལས་ ལས་ཚན་ཟེར་ བྱ་དཀར་རྫོང་ནང་ཐོ་རྐྱབ་བཞག་སྟེ་
  • རྡོ་རྗེ་ཚེ་དབང་
    ཟླཝ་ ༡༢ པའི་ནང་ སྤྱི་དཔོན་་གྱི་དར་བཟེད་པར་འགྱོ་དགོ་ ཏེ་ཁོང་ལུ་ཕར་མ་ཡིག་བཟོ་བཞག་ནི་དེ་གིས་ ཁོང་ལུ་ཁྲལ་ཡང་འོང་ ད་ལས་ནཱ་ལས་ཚུར་ ང་བཅས་ཀྱིས་ཁོང་ལུ་སླབ་ ཁོང་གིས་མི་སེར་ལུ་སླབ་འབད་དེ་ དང་ཕུ་འདི་ ནུབ་མོ་ཟེར་ སྡོད་ནི་མེད་ལགས་
  • རྡོ་རྗེ་ཚེ་དབང་
    ང་བཅས་ན་རུད་རྒད་པོ་འབད་སར་འགྱོཝ་ད་ དང་ཕུ་ལམ་ཡང་ ཡར་ལས་རང་ཨིན་ལགས་ ང་བཅས་ན་རུད་མ་གཏོགས་ མདའ་ཟུར་ལས་ ཕྲང་ལམ་མེད་པའི་ལགས་ ཏེ་འུ་ལག་ཡོད་ཚད་གཅིགཔོ་ སྟང་གི་ནག་ཚང་ནང་ སྐྱེལ་དགོ་
  • རྡོ་རྗེ་ཚེ་དབང་
    དེ་་ལས་ཡར་ན་ནོང་ སྐྱིད་འཛོམས་བར་གཅིག་བསྒུགས་སྡོད་དགོ་ མར་སྦས་ཟུར་ལུ་གཅིག་བསྒུགས་སྡོད་དགོ་ ཕར་ཚུར་འུ་ལག་གི་བརྡ་སྐྱེལ་མི་ ཏེ་འ་ཡར་བསྒུགས་སྡོད་དེ་ ཏེ་ནུབ་མོ་འབད་རུང་ཏེ་
  • རྡོ་རྗེ་ཚེ་དབང་
    དེ་བསྒང་འཕྲུལ་མེ་ཕར་བཞག་ མེ་ཀྲེག་ཡང་མེད་ ཏེ་བོདཔ་ཚུ་གིས་ མེ་ཀྲེག་ཨ་ཙི་རེ་འབག་འོངམ་ད་ མེ་ཀྲེག་སྒྲོམ་རེ་ལུ་ ཀར་ཕྱི་བྲེ་གང་རེ་བྱིན་ཏེ་ འ་ནི་རེ་རེ་དེ་རེ་འོང་
  • རྡོ་རྗེ་ཚེ་དབང་
    ཏེ་མེ་སྤུབས་བཞག་ནི་མ་གཏོགས་ མེ་ཀྲེག་བཏེག་ནི་མེད་ལགས་ ཡ་ནངས་པ་དེམ་ཅིག་ཨིན་པས་གོ་ཤོག་ཤིག་ཟེར་བའི་སྐབས་ ཏེ་ནུབ་མོ་མེ་བཏེག་སྟེ་ འུ་ལག་ན་ཐོན་དགོ་ ཏེ་གནམ་མ་ལངསམ་ལས་ འུ་ལག་འབག་སྟེ་ ཕོག་པ་ལུ་ལྷོདཔ་འབད་འབག་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་དྲོ་པ་མར་ ས་རིམ་འུ་ལག་ཟེར་ ང་བཅས་ཡར་གྱིས་ མར་སྤང་ཞིང་ཚུན་སྐྱེལ་དགོ་ སྤང་ཞིང་ལས་ཁོང་མར་གྱི་འདི་ཚུ་གིས་སྐྱེལ་དགོ་
  • རྡོ་རྗེ་ཚེ་དབང་
    ཏ་ཧུང་པ་ཚུ་གི་ཁྱིམ་ནང་ སྤགས་ཤིང་སྐམ་ཏེ་འོང་ ད་རེས་ནངས་པ་མེད་པ་ མེ་བཏེག་ཏེ་ འགྱོ་དགོ་ལགས་ འུ་ལག་འབག་དགོ་ བྱ་དཀར་འུ་ལག་ དེ་ལས་ ཆབ་འཇུག་ལོ་ཟེར་ ཀུར་སྟོད་ལུནི་ཡར་ཨིན་ལོ་ མར་ཨིན་ལོ་ཟེར་ ཨ་ཞེ་དྲག་ཤོས་འདི་ཚུ་གི་ འུ་ལག་ལུ་རྫོགས་ནི་མེད་
  • རྡོ་རྗེ་ཚེ་དབང་
    འདི་འགོ་འདྲེན་འཐབ་སྟེ་རང་ ལུས་སོང་ཡི་ དེ་ལས་ རྫོང་ནང་ལཱ་ཡོད་པ་ཅིན་ ང་བཅས་ལཱ་རྒྱབ་འབད་འགྱོ་དགོ་ རྒད་པོ་འདི་ཚུ་ ཏེ་ཕར་ལཱ་རྒྱབ་འབད་བཀོལ་དགོ་ ལཱ་རྒྱབ་འབད་བཀོལ་རུང་ ཏེ་ཐོབ་ཐངས་ག་ནི་ཡང་མེད་ལགས་
  • རྡོ་རྗེ་ཚེ་དབང་
    ཏེ་ མི་རེ་རེ་ཐབ་གཡོགཔོ་འབད་ཐོབ་ལགས་ འ་ནི་རང་ཨིན་ལགས་ ཐོབ་དགོཔ་ཤི་ཀི་གཅིག་ཡང་མེད་ དེ་སྦེ་རང་རྒྱུག་སྟེ་སྡོད་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    ཏེ་དཀའཝ་སྤྱད་དེ་རང་ ཏེ་ཟ་བ་ཅིན་ཁུ་ལི་ཅིག་ལས་ཟ་ནི་མེད་ ཆང་འབད་བ་ཅིན་ ང་བཅས་སྟང་པ་ཚུ་ལས་ ཆང་མ་ཆདཔ་འབད་འཐུང་ནི་ཐོན་འོང་ ག་ར་འུ་ལག་གུ་དང་ཕུ་འདི་ ཀྲོང་གསར་ལུ་ཁྱིམ་ཐོག་ སྐུ་རྗེས་ཀྱི་ཁྱིམ་ཐོག་ སྐུ་རྗེས་ཀྱི་ལུ་ལཱ་ བྱམས་པ་ལྷ་ཁང་ལུ་ལཱ་ བྱ་དཀར་རྫོང་ ལྕམ་མཁར་ཟམ་གྱི་ལཱ་ ལྕམ་མཁར་ཟམ་ལོ་གཅིག་ནང་ ཚར་རེ་བཅོ་ཁ་རྐྱབ་དགོ་
  • རྡོ་རྗེ་ཚེ་དབང་
    ལོ་གསུམ་འགྱོཝ་ད་ ལྡིང་ལོག་རྐྱབ་དགོ་ དེ་ལས་ཕར་གྱི་ ཤིང་ཆས་འདི་ཚུ་ བགོ་བཤའ་རྐྱབ་སྟེ་ ང་བཅས་སྟང་དང་ ཨུ་ར་པ་ཚུ་ ཆུ་གི་ཚུར་ཧོངམ་ ཆུ་མིག་པ་དང་ཆོས་འཁོརཔ་ཚུ་ ཆུ་གི་ཕར་ཧོངམ་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཤིང་ཆས་འདི་ཚུ་ ཕར་ལས་རང་ བགོ་བཤའ་རྐྱབ་སྟེ་ ཚལ་མ་ནང་ལས་བཏོན་ཏེ་ མར་འབག་སྟེ་ དེ་བསྒང་ཞག་ ༡༨ དང་ ༡༩ རེ་ལུས་མས་འདི་ཐོབ་འཐོབ་ལུ་ འ་ནི་འབད་བཀོལ་དགོ་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ལཱ་གི་ཆད་ཡོད་པ་ཅིན་ རོགས་རྫོང་ནང་ལས་ ཆད་བསྡུ་བར་འོང་སྟེ་ ཆད་འདིནི་རོགས་འབག་འོང་ ཏེ་འ་ནི་འབད་སྡོད་དགོཔ་ཨིན་ལགས་
  • རྡོ་རྗེ་ཚེ་དབང་
    ཕོག་མ་དགོཔ་འདིནི་ག་ནི་ཡང་མེད་ སིབ་ཚང་དང་ སྐྱོགས་ལས་འགོ་བཟུང་སྟེ་ འཐགས་ཏེ་སྐྱེལ་དགོ་ ལྟོ་གི་སྐྱོགས་ ལྟོ་གི་བསྐང་ནི་གི་ཧོད་ ཇ་བསྐང་ནི་གི་ཧོད་ དེ་ལས་ སྣག་རྩི་ རྒྱགས་སྐལ་ འ་ནི་འདི་ང་བཅས་ཀྱིས་ སྤྱི་དཔོན་ལུ་སླབ་ ལས་ཚན་གྱིས་འགོ་འདྲེན་འཐབ་སྟེ་ བསྡུ་ཞིན་ན་སྐྱེལ་བར་འབག་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    རང་རང་སོའི་སྤྱི་འོག་སྤྱི་འོག་ལས་ཕར་ བྱ་དཀར་རྫོང་ནང་བང་གཉེར་ཟེར་ཡོད་ རྩེཝ་དང་ སྣག་རྩི་ དེ་ལས་ རྒྱགས་སྐལ་ཚུ་ལེན་མི་ དེ་ལས་ རྩྭ་དང་ འབྲུ་ཚུ་ལེན་མི་འདི་ གཉེར་ཆེན་ཨིན་པས་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ གཞན་མི་ཚུ་ག་ར་གཟིམ་དཔོན་གྱིས་ ལེན་མས་ལགས་ ཁོང་ར་ལུ་ཡང་ བྱ་རོགས་ཟེར་མིན་འདུག་ལགས་དེ་བསྒང་ མི་གནགཔ་གི་གྲས་ལས་ འཚོལ་མི་དང་ ཡངན་ཁོང་རའི་ཁྱིམ་ནང་ལས་ འཁྱིད་ན་མ་གཏོགས་ དངུལ་ཕོགས་ཟེར་ ཁོང་ལུ་མེད་དོ་ཡོདཔ་མས་ཏེ་
  • རྡོ་རྗེ་ཚེ་དབང་
    ཏེ་སྒོ་ར་པ་ཟེར་ཡོད་ བང་གཉེར་ཟེར་ཡོད་ གཉེར་ཆེན་ཟེར་ཡོད་ གཟིམ་དཔོན་ཟེར་ཡོད་ ས་གཉེར་ཟེར་ཡོད་ འདི་ཚུ་གིས་ག་ཅི་ཆད་རུང་ཏེ་ བྱ་རོགས་འདི་ཚུ་གིས་ དཔའ་རྟགས་ཅིག་བཏགས་ ཁ་ཤ་བགོ་ཅིག་གྱོན་ཏེ་ ཆད་བསྡུ་བར་ཐོན་འོང་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཆད་འདིནི་ག་ཅི་རང་ཡོད་རུང་ ཁོང་འདི་ཚུ་གིས་ལེན་འབག་འགྱོ་འོང་ མི་བཞག་ལགས་དེ་ལས་ ཏེ་ཁྲལ་རིགས་ཚུ་འ་ནེམ་ཅིག་ཨིན་པས་ལགས་
  • རྡོ་རྗེ་ཚེ་དབང་
    ཏེ་ང་བཅས་རྒད་པོ་བཀལ་ཞིནམ་ལས་ཏེ་ ལཱ་ཡང་ཉུང་ཡི་ཉུང་ནི་འདི་ དེ་སྦེ་ད་སྐུ་རྗེས་འདི་ཚུ་ཡང་ འགྲོས་ཀྱིས་འགྲོས་ཀྱིས་འབད་ ལྕགས་ཤོག་རེ་ཐོབ་འབད་ ད་འདི་ལཱ་ཟེར་མི་འདི་ ཉིནམ་གཅིག་ཡང་རྒྱུག་མི་དགོ་པས་ལགས་
  • རྡོ་རྗེ་ཚེ་དབང་
    ག་ར་ཁོང་ར་ཁག་འབག་ཨིན་པས་ དེ་ལས་ ལཱ་འབད་རུང་གླ་ཁར་ དང་ཕུ་འདི་གླ་འདིནི་ཤི་ཀི་གཅིག་ཡང་མེད་ ལཱ་གླ་བཅད་དེ་རྒྱུག་སྟེ་ ལ་ལུ་ཅིག་འདིནི་ལཱ་རྒྱུག་སྟེ་རང་སྡོད་དགོ་ རེ་རེ་འདིནི་འུ་ལག་སྐྱེལ་ཏེ་སྡོད་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ནང་གི་ཨམ་གཅིག་གིས་ ཉིན་མ་ཀར་གྱི་ཞིང་ནང་སོང་ཞིནམ་ལས་ ཀོ་ཏ་གང་བརྔ་སྟེ་ འདི་མ་ལག་མོ་ལག་ཅིག་བརྡུང་ཡི་བརྡུང་ཡི་ ཕྱི་རུ་ལྕོགས་པ་ཅིན་ཆུ་འཐག་ ཆུ་འཐག་འབག་མ་ཚུགས་པ་ཅིན་ རང་འཐག་ཟེར་ཡོད་འ་ནི་ནང་ དབུར་ཏེ་དེ་ལས་ འ་ནི་རང་འཐག་ནང་ན་འཐག་འཐགས་པའི་ཕྱེ་གི་ ཐུགཔ་སྐོལ་ཏེ་འཐུང་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཁུ་ལི་ཅིག་ དྲོ་པ་གི་འཐད་ལུ་ཁུ་ལི་ཅིག་ དེ་ལས་ བར་སྐབས་ཅིག་ལུ་ ལོ་གཅིག་མུ་གེ་ཐོན་ཞིནམ་ལས་འདི་ ལེབ་རང་ལེབ་འཐུང་སྟེ་ཨིན་ལགས་ ལེབ་ཡང་འཐུང་ནི་མེད་པར་འཚོལ་ཏེ་ མར་གཡུ་འབྲུག་ཆོས་ཡར་ཆད་ ཕར་ཀུར་སྟོད་གྲོམ་ཆོངས་མཚོ་བརྒྱད་སྐྱིན་འགྲུལ་འཚོལ་ཏེ་
  • རྡོ་རྗེ་ཚེ་དབང་
    སྐྱིན་འགྲུལ་འབག་ཞིན་ན་ཟ་སྟེ་ བྱ་དཀར་རྫོང་ནང་གི་ འབྲུ་རྙིངམ་ཚུ་ཡང་ ཟ་ཚར་ཡི་ཏེ་ རུལ་རུལཝ་ཚུ་ཡང་ ཟ་ཚར་ཏེ་ འཚོལ་ཏེ་སྡོད་ཡི་ལགས་
  • རྡོ་རྗེ་ཚེ་དབང་
    ང་བཅས་ཀྱི་དུས་ཚོད་ལུ་འདི་ད་ ང་བཅས་རྒད་པོ་བཀལ་བའི་ ཉིན་མ་ལས་ཚུར་ འ་ནི་འདི་ཉུང་སུ་ཉུང་སུ་འགྱོ་ཡི་ལགས་ དེ་འབད་རུང་ ད་ལྟོ་བཟུམ་འདི་ག་ཏེ་འོང་ནི་ལགས་ ལཱ་དང་འུ་ལག་རྒྱུགཔ་ད་ ཤི་ཀི་གཅིག་ཡང་འཐོབ་ནི་མེད་ ང་རྒད་པོ་འབད་དེ་ ང་བཅས་མར་མི་ཚའི་ལུ་ སློབ་གྲྭ་རྐྱབ་ད་ འ་ནི་ལས་ཕར་ཚུར་ཡོད་ལགས་
  • རྡོ་རྗེ་ཚེ་དབང་
    གླ་འུ་ལགཔ་འདི་ཚུ་ལུ་ ཉིནམ་རེ་ལུ་ ཏི་རུ་རེ་རེ་དང་ ང་བཅས་ལཱའི་རྒྱབ་དང་ བཟོ་བོ་ལུ་ཏི་ལྔ་ལྔ་དེ་རེ་ཡོད་ གླ་མཐོ་ཤོས་འ་ནི་བསྒང་འཐོབ་ཅི་ལགས་ ལོ་ཁལ་ཕྱེད་ད་ ༢ དེ་ཅིག་ཡར་སོངཔ་འོང་ད་
  • རྡོ་རྗེ་ཚེ་དབང་
    གཉིས་དེ་ཅིག་རང་ སོང་སོངཔ་འོང་ དེ་མིན་པའི་ཧེ་མ་ག་དེམ་ཅིག་འབད་རུང་ གླ་མེད་ག་ནི་ཡང་ཐོབ་དགོཔ་མེད་ལགས་ དཀའ་བ་དཀའ་སྡུད་སྤྱད་དེ་རང་ དང་ཕུ་འདི་ད་ ང་བཅས་ཀྱི་བསྒང་ལུ་འདི་ཏེ་ གྱོན་པ་ཅིན་བགོ་ལ་མེད་ ཟ་བ་ཅིན་ཟ་ནི་མེདཔ་ཙང་ཙ་ཨིན་
  • རྡོ་རྗེ་ཚེ་དབང་
    དྲེག་པ་ཁོག་ཁོ་གི་ནང་ ག་ཅི་རང་འབད་རུང་ད་ དེ་འབད་རུང་སྣང་དག་ཅིག་མིན་འདུག་ལགས་ མི་འདི་ཚུ་ དོརམ་གྱོན་ནི་འདིནི་མེད་ དཔའ་རྟགས་ཀ་ཏག་པ་ཅིག་དཔྱང་འབད་ ང་བཅས་ནཱ་སྟང་པ་གི་སྟོད་གོ་དམརཔོ་ཨིན་ལགས་
  • རྡོ་རྗེ་ཚེ་དབང་
    ཡར་ཝེང་ལས་མར་ པགས་ཀོ་གི་བལ་བྱིན་ཏེ་ སྐུདཔ་འཁལ་ཏེ་ དམརཔོ་འཐགས་ཏེ་གྱོན་འོང་ འ་ནི་སྟོད་གོ་དམརཔོ་གྱོནམ་ད་ བྱ་དཀར་རྫོང་ནང་ངོ་ཤེས་ ང་བཅས་སྟང་གི་ཨམ་སྲུ་ག་ར་ སྟོད་གོ་དམརཔོ་གྱོན་ཏེ་འོང་
  • རྡོ་རྗེ་ཚེ་དབང་
    ང་བཅས་མདའ་ཟུར་ཡར་ཆད་ མར་གྱི་རོགས་ག་འཐོབ་གྱོན་ཏེ་འོང་མས་ དེ་ལས་ ང་བཅས་ནཱ་གི་ལ་ནོར་ཡོད་ནི་དེ་གིས་ ལ་ནོར་གྱི་ ཀུམ་པགས་ཀོ་བུ་ལུག་བུ་ལུག་གཡབ་སྟེ་འོང་
  • རྡོ་རྗེ་ཚེ་དབང་
    ཁྱོད་ཨུ་ར་པ་འདི་ཚུ་ བ་ཤ་?པགས་ཀོ་ཅིག་རང་ པགས་ཀོ་བ་ཤ་?པགས་ཀོ་རང་ བ་ཤ་པགས་ཀོ་ཅིག་གཡབ་སྦེ་ ཐགཔ་ཅིག་སྐེད་པར་བཏགས་འབད་དེ་ དེ་སྦེ་རང་འོང་དགོ་སྟེ་ ང་བཅས་ནཱ་གི་ཚུ་ཏེ་ ཀུམ་?པགས་ཀོ་གཡབ་འོང་ ཡོད་རང་མེད་མི་ཚུ་ ཨ་ནི་ཡོང་ནོར་གྱི་པགས་ཀོ་འཕུ་སྟེ་ ཨ་ཙི་རེ་གཡབ་སྟེ་ཐོན་འོང་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ལྷམ་འདི་ང་བཅས་རའི་ངོ་མ་རང་ ཡོད་མི་འདི་ཚུ་ ཤམ་ཉ་ཟེར་ སོ་སོ་འཐགས་ཏེ་ དེ་ལས་པགས་ཀོ་སྦྱར་ཏེ་འོང་ མེད་མི་འདི་ཚུ་ མར་ཨུང་སྒར་འགྱོ་སྟེ་ ཀ་ཤ་?པགས་ཀོ་རེ་འབག་སྟེ་ ཀ་ཤ་པགས་ཀོ་འབད་སྦེ་ མར་པགས་ཀོ་སྦྱར་ཏེ་འོང་
  • རྡོ་རྗེ་ཚེ་དབང་
    འ་ནི་བཟུམ་མའི་བཙུགས་འབད་དེ་ ཕོ་སྐྱེས་འདི་ཚུ་ དཔའ་རྟགས་ཏ་ཀ་ལང་རེ་རེ་བཏགས་ དེ་ལས་ ཆར་བཀབ་གཡབ་རུང་ ང་བཅས་སྟང་པ་འདི་ཚུ་ ཆར་བཀབ་ཡང་ བཏིག་པའི་ཆར་བཀབ་རང་ཨིན་
  • རྡོ་རྗེ་ཚེ་དབང་
    ཁྱོད་ཨུ་ར་གི་འདི་ཚུ་ ཁུད་པོ་ཟེར་འ་ནི་འབད་གཡབ་ནི་ཅིག་ཡོད་ དེ་ལས་ གཞན་འདི་ད་ག་ཅི་རང་འབད་རུང་ གནམ་མེད་ས་མེད་སྐལ་པ་བཟང་པོ་ ང་བཅས་ཀྱི་སྐབས་ཨ་ལོ་ཨིན་རུང་སྡོད་ནི་མེད་ཏེ་
  • རྡོ་རྗེ་ཚེ་དབང་
    ད་ཨ་ལོ་ག་ར་སློབ་གྲྭ་ནང་བཙུགས་ཏེ་ ལུག་འདི་ཡོད་ཡང་མེད་ དེ་བསྒང་འདི་ ལོ་གསུམ་བཞི་ལྔ་འགྱོཝ་ད་རང་ སྒོ་ཁར་ཨེན་རྡོག་འོང་ ཨེན་རྡོག་སྲུང་པར་འགྱོ་དགོ་ ལུག་ཡོད་ལུག་འཚོ་བར་འགྱོ་དགོ་
  • རྡོ་རྗེ་ཚེ་དབང་
    རྟ་ཡོད་རྟ་འཚོ་བར་འགྱོ་དགོ་ ད་རྟ་འཚོ་དགོཔ་ཡང་མེད་ ལུག་འཚོ་དགོཔ་ཡང་མེད་ ལ་ནོར་འཚོ་དགོཔ་ཡང་མེད་ བ་འཚོ་དགོཔ་ཡང་མེདཔ་འགྱོ་ཡི་ལགས་ ཁྱོད་པར་ཨུ་ར་ལུ་ རེ་རེ་གཉིས་གཉིས་ཡོད་པའི་ལོ་རྒྱུས་སླབ་དེས
  • རྡོ་རྗེ་ཚེ་དབང་
    ང་བཅས་ནཱ་སྟང་ལུང་པ་ལུ་འདི་ ལ་ནོར་ཕུད་རྡོག་གཅིག་འབད་མི་འཚོ་ནི་མེད་ རྟ་ཡང་མེད་ ལུག་ཡང་མེད་ ག་ནི་ཡང་མེདཔ་འགྱོ་ཡི་ མེད་རུང་རང་དང་ཕུ་དང་ཕྱེདཔ་ད་ ཟ་ནི་འདིནི་ལོག་ལྟབ་གསུམ་ལྟབ་བཞི་ལྟབ་འབད་དེ་ ཟཝ་མས་ལགས་ད་
  • རྡོ་རྗེ་ཚེ་དབང་
    བཞེས་སྒོ་ཟ་བ་ཅིན་ལྟོ་དང་ ག་ཅི་དང་ག་ཅི་ཡང་ དང་ཕུ་ཕགཔ་གཅིག་བསད་དེ་ འདི་གི་ཤ་ཅིག་མ་གཏོགས་མི་འོང་ ད་འདི་ཕགཔ་ཤ་ཕུན་ཚོགས་གླིང་ལས་ཡར་འབག་སྟེ་ ལོ་གསར་ལུ་ཡང་སྤྲོ་བ་འདུག་
  • རྡོ་རྗེ་ཚེ་དབང་
    དེའི་སྐབས་ལུ་ ལྟོ་གུ་སྤགས་བཀལ་ཏེ་ཟ་ནི་འདུག་ ང་བཅས་ཀྱི་བསྒང་ལུ་ ལོ་གསར་ལུ་ཡང་ཟ་ནི་མེད་ ང་གིས་ལོ་ཁལ་ཕྱེད་ད་གསུམ་ཚུན་ཚོད་ལུ་ དེ་ལས་དྲག་སུ་དྲག་སུ་འགྱོ་ཡི་ དེ་ལས་ང་བཅས་ཡང་ ཨ་ཙི་རེ་གོམས་འདྲིས་ཚུད་དེ་ རྒད་པོ་རེ་རྒྱུག་རུང་ ཕྱེད་ད་ཀོ་ཏ་ཅིག་ལག་ལེན་ཐེབས་མས་
  • རྡོ་རྗེ་ཚེ་དབང་
    ད་ལྟོ་བཟུམ་ཅིག་འབད་བ་ཅིན་འདི་ ལག་ལེན་ཐེབས་དགོཔ་མིན་འདུག་ལགས་ ཡི་གུ་འབྲི་ནི་འདི་རང་གིས་མི་ཤེས་ ཤེས་རུང་ང་བཅས་ཀྱི་ཡི་གུ་རོགས་ཀྱིས་ ལྷག་མི་ཤེས་
  • རྡོ་རྗེ་ཚེ་དབང་
    ཀ་ཊག་ཀུ་ཊག་ནེམ་སྣག་རྩི་དབུར་བཞག་བཞག་བཟུམ་ཅིག་ ད་འདི་ག་ཅི་དང་ག་ཅི་ལགཔ་གིས་བྲིས་མ་དགོ་པར་ འདི་པར་བཏབ་སྟེ་འབག་མས་
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ན་རུད་རྒད་པོ་དང་ མདའ་ཟུར་རྒད་པོ་གི་ ལོ་རྒྱུས་ཅིག་གསུང་གནང་མེ་མེ་
  • རྡོ་རྗེ་ཚེ་དབང་
    ན་རུད་རྒད་པོ་ཟེར་མི་ ཨིན་རྒྱུ་ཁོ་ར་ དང་ཕུ་དང་ཕུ་རང་རྒད་པོ་ ཆོས་བརྒྱུད་གདུང་བརྒྱུད་ཀྱི་ ཁོ་ར་རྒད་པོ་ཨིན་པས་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ མདའ་ཟུར་རྒད་པོ་ཟེར་མི་ཏེ་ གཉའ་རྒོད་ཐོན་ཏེ་ རྒད་པོ་དེ་སྦེ་སླབ་ཨིན་པས་ མ་པ་དཔེ་བཤད་དེ་མེད་ ང་བཅས་རའི་ཁྱིམ་ནང་ལསནི་ སླབ་མི་མེད་རོགས་ཧེ་མ་རྒན་ཤོས་ཚུ་གིས་སླབ་མས་ ཏེ་ཧེ་མ་ནཱ་
  • རྡོ་རྗེ་ཚེ་དབང་
    མདའ་ཟུར་རྒད་པོ་ཏེ་ ཕོ་སྐྱེས་ནེམ་གོ་གི་ཕུ་དུང་ གཡག་གི་སྤུ་འབད་གྱོན་མི་ཅིག་ཡོད་དོ་མས་ དེ་ལས་ཕར་ཚུར་གཉའ་རྒོད་འདི་ཚུ་ བཙག་འཐུ་འབད་འབག་སྟེ་ནཱ་ལུ་ གྱལ་བཅད་བཞག་སྟེ་ དེ་ལས་ཕར་གྱི་གཉའ་རྒོད་ཀྱིས་ ལགཔ་སྟོན་ཏེ་ ཡ་ག་དྲག་གོ་ཟེར་ བཟུང་བཅུག་ད་ བཟུང་མི་ག་ཡང་མ་ཐོན་མས་ འ་ནི་མདའ་ཟུར་རྒད་པོ་གིས་
  • རྡོ་རྗེ་ཚེ་དབང་
    ཨ་ནི་གཡག་གི་གོ་ལ་གྱོན་འཕྲོ་ལས་ ལགཔ་བཟུང་བཏངམ་ད་ ཁོ་གི་ལག་པ་ལས་ སྤར་རང་མ་ཚུགས་པའི་ཟེར་ དཔེར་གཏམ་ཅིག་དེ་སྦེ་ཡང་ སླབ་མས་ལགས་
  • རྡོ་རྗེ་ཚེ་དབང་
    གཅིག་ལས་འབད་བ་ཅིན་ ཤིང་འཐུ་མ་ཚུགས་པར་ རྡོ་ཅིག་རྐྱབ་སྟེ་ བཀག་བཏང་ད་པའི་ཟེར་ ཏེ་ཁོ་དང་ཕུ་དང་ཕུའི་བརྒྱུད་པ་གི་རྒད་པོ་མེན་དོ་མས་ ག་དེ་ཨིན་ན་ཐད་ཀར་དུ་ ང་གིས་ཡང་བཤད་ནི་མེད་
  • རྡོ་རྗེ་ཚེ་དབང་
    ང་བཅས་ན་རུད་རྒད་པོ་འདི་ དང་ཕུ་དིང་ཕུ་ལས་རང་ཏེ་ཁོ་ཨིན་པས་ལགས་ ད་རྒྱལ་པོ་ང་བཅས་ར་ ཕར་ལས་ཚུར་ ཨ་ནི་འཇིགས་མེད་རྣམ་རྒྱལ་བྱོན་པའི་དུས་ཚོད་ལུ་རང་ རྒད་པོ་འབད་དེ་ འདི་ཧེ་མ་ལས་རང་རྒད་པོ་འབད་དེ་ སྡོད་ནུག་ལགས་
  • རྡོ་རྗེ་ཚེ་དབང་
    ད་ང་གིས་འཚོར་ཏེ་ ང་བཅས་མི་བརྒྱུད་རིམ་པ་གསུམ་སོང་ཡི་ ཁོང་གིས་ཡང་བརྒྱུད་པ་བཤད་ནི་མིན་འདུག་ལགས་ རོགས་མི་རྒན་ཤོས་ཚུ་གིས་ བཤད་བཤདཔ་འདི་ཚུ་རྐྱངམ་ཅིག་ཨིན་ ཁོ་ཕར་ལས་འོང་ཞིནམ་ལས་ ངེའི་ཁྱིམ་ནང་སྡོད་ནུག་སྦ་ ཁྱིམ་ཡོད་ད་ལྟོ་གྱང་ཁོག་འབད་
  • རྡོ་རྗེ་ཚེ་དབང་
    འ་ཡར་ལུ་སྡོད་དེ་ ཟླཝ་གཉིས་སྡོད་ཅི་ག་གསུམ་སྡོད་ཅི་ག་མ་ཤེས་ ང་བཅས་ན་རུད་རྒད་པོའི་ ལུག་དང་ རྟ་ དེ་ལས་ ནོར་རག་རོག་འཚོ་སྡོད་ནུག་གོ་ལགས་
  • རྡོ་རྗེ་ཚེ་དབང་
    ཏེ་སྡོདཔ་ང་བཅས་ཀྱི་ ཨ་རྒས་དང་ཨང་རྒས་ལུ་ བུམོ་བཟང་མོ་ཟེར་མི་ཅིག་ཡོད་དོ་མས་ ད་ཁོང་ཨ་རྒས་དང་ ཨང་རྒས་ཀྱི་མནོ་བསམ་ལས་ བུམོ་བཟང་མོ་གི་ རྨགཔ་འབད་བཞག་ནི་རྩིས་རྐྱབ་རྐྱབ་མས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ཁོ་ཉིནམ་གཅིག་འབདཝ་ད་ ནོར་འདི་ཚུ་བསྐྱུར་ཚར་ཞིནམ་ལས་ འགྱོ་ནི་ཟེརཝ་ད་ དབའེ་ཁྱོད་ལུ་བཟང་མོ་གི་ག་ཅི་ཅིག་སླབ་སླབ་འདྲས་མེན་ན་ཟེར་ནུག་
  • རྡོ་རྗེ་ཚེ་དབང་
    ང་ལུ་བཟང་མོ་གིས་ཡང་ ག་ནི་ཡང་མ་སླབ་ ང་ར་ཏེ་དེ་འབད་རང་ ཀྲོང་གསར་ཁ་ཐུག་ འགྱོ་ནི་ཨིན་ཟེར་ དེ་ལས་ ཡར་ལས་འབད་ཐོན་ཏེ་ འགྱོ་འགྱོཝ་ཨིན་ཟེར་ དེ་སྦེ་སླབ་མས་ལགས་
  • རྡོ་རྗེ་ཚེ་དབང་
    ཏེ་ འཇིགས་མེད་རྣམ་རྒྱལ་གྱིས་ ཕར་ལས་བྱོན་ཏེ་ འཕྲང་འཕྲང་ང་བཅས་འབད་སར་ལྷོད་ནུག་སྦ་ དེ་ལས་ ནཱ་ལས་བྱོནམ་ད་ བུ་ལི་བླ་མ་འབད་སར་ལྷོད་ནུག་ཏེ་
  • རྡོ་རྗེ་ཚེ་དབང་
    དེ་ལས་བུ་ལི་བླ་མ་འབད་སར་ལྷོད་དེ་ བུ་ལི་བླ་མ་གིས་ དྲི་བ་དཔྱདཔ་ད་ ཏེ་ཁོ་གིས་ ཤ་ར་ར་སླབ་སླབ་མས་ ང་གཉིད་ལམ་འ་ནི་འབད་མཐོང་ཡི་ ཀྲོང་གསར་ལུ་ལྷོད་པའི་ གཉིད་ལམ་དང་དེ་སྦེ་མཐོང་ཡི་
  • རྡོ་རྗེ་ཚེ་དབང་
    དེ་ལས་ བུ་ལི་བླ་མ་གིས་འབད་ ཀྲོང་གསར་ལུ་སྐྱེལ་བར་ བུ་ལི་བླ་མ་གི་བྱ་རོགས་ཁྱོད་ཨུ་ར་ལས་ གནག་འཕེལ་ལོ་ གནག་མདོག་ཟེར་མི་ཅིག་སྡོད་སྡོདཔ་མས་ འ་ནི་མར་ཀྲོང་གསར་ལུ་ སྐྱེལ་བར་བཏང་ཡི་ཟེར་ཨིན་པས་
  • རྡོ་རྗེ་ཚེ་དབང་
    ཕར་ལས་ བུ་ལི་ལས་ ཀྲོང་གསར་ཚུན་གྱི་ རྒྱགས་སྐལ་དང་ གོ་ལ་དང་འདི་ཚུ་ བུ་ལི་བླ་མ་གིས་ སྐྱེལ་བཏང་ཡི་ཟེར་ ད་ལྟོ་བུ་ལི་བླ་མ་ཡང་ རོགས་ཏེ་ད་ལྟོ་བར་ན་ཡང་ ནཱ་ཞབས་དང་ ཨ་ཞེ་ཚུ་གིས་གཟིགས་ཏེ་ཨིན་པས་གོ་
  • རྡོ་རྗེ་ཚེ་དབང་
    ཏེ་འ་ནི་འབད་སླབ་མས་ ཏེ་མ་པ་འདི་ ང་བཅས་ན་རུད་རྒད་པོ་གི་ རིམ་པ་ཨིན་རྒྱུ་ཁོ་ར་འདི་ དང་ཕུ་དིང་ཕུ་བརྒྱུད་པ་ངོ་མ་སུམ་ཕྲང་ལས་ཨིན་ཟེར་ སུམ་ཕྲང་དང་ ཨོ་རྒྱན་ཆོས་གླིང་ དེ་ལས་ ང་བཅས་ན་རུད་རྒད་པོ་ མ་པ་རྩ་བ་འབྱུང་ཁུངས་ག་དེ་སྦེ་ཨིན་ན་མ་ཤེས་ མི་འདི་གཅིག་འབད་བརྩིསཝ་མས་ལགས་
  • རྡོ་རྗེ་ཚེ་དབང་
    དང་ཕུ་འདི་ དྲགོས་ཀྱིས་ ན་རུད་རྒད་པོ་འབད་སར་ ནེམ་འབད་དོ་མས་ རྟིང་ལས་ཨོ་རྒྱན་དབང་འདུས་ཀྱིས་ཡང་ ངེའི་ཉེཝ་ཟེར་ སླབ་ནི་ཡོད་ང་ལུ་ ཉེ་བ་ཉེ་བ་རང་ ཏེ་ཉེ་བ་ག་ཅི་ལས་བརྟེན་ཉེཝ་ཨིན་ན་ རང་གིསནི་མི་ཤེས་པས་
  • རྡོ་རྗེ་ཚེ་དབང་
    ཁོང་ར་གིས་ཡང་ མི་མཁྱེན་པས་ ང་བཅས་ཉེཝ་ཨིན་ལོ་མེན་ན་ཉེ་བ་ཟེར་ སླབ་འོང་ལགས་ དེ་ལས་ སུམ་ཕྲང་ཆོས་རྗེ་ཡང་ ང་བཅས་འབད་སར་ རྟག་བུ་བྱོན་འོང་ ལྕམ་གཅིག་ལྕམ་གྱི་རྨགཔ་ཝེང་ཅིག་ཡོད་ ཚེ་བརྟན་ལ་ཟེར་མི་ཅིག་
  • རྡོ་རྗེ་ཚེ་དབང་
    འ་ནི་ཚེ་བརྟན་ལ་གིས་ ལག་ཚེམས་ཨ་ཙི་རེ་རྐྱབ་ཤེས་པས་ ང་བཅས་ནཱ་སྟང་པ་འབད་སར་ ཏིག་པའི་ཆར་བཀབ་རེ་འཐགས་འབད་དེ་ བྱཱར་རིང་རང་ནཱ་སྡོད་དགོ་ལགས་
  • རྡོ་རྗེ་ཚེ་དབང་
    ད་ཕར་ཚུར་མེད་པར་ལོ་ཡར་སོང་ཡི་ད་ དགུ་བཅུ་ཐམ་དེ་ཅིག་ཡང་ གཞན་འདི་ཕར་ཚུར་ རྒྱུན་འབྲེལ་ཡོད་དོ་མས་ ད་དགུ་བཅུ་ཐམ་ཡང་མི་ཚད་ནི་མས་ད་ ཧ་ལམ་ལོ་ཁལ་རང་ འགྱོ་འགྱོཝ་མས་
  • རྡོ་རྗེ་ཚེ་དབང་
    སུམ་ཕྲང་ཆོས་རྗེ་གི་ཁྱིམ་ནང་ ང་གིས་ཡང་ མི་རྩིས་རྐྱབ་པར་འགྱོཝ་ད་ལྷོད་ཅི་ལགས་ ཨུ་ར་རྒད་པོའི་ཁྱིམ་ནང་ཡང་ལྷོད་ཅི་ བང་པ་ཡི་ཁྱིམ་ནང་ཡང་ལྷོད་ཅི་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ང་རའི་ལྟོ་ཚང་བསོད་ནམས་དབང་དྲག་འདི་ཏེ་ ཨམ་སྲུ་ཚེ་རིང་སྒྲོལ་མ་ མི་འདིནི་ཨང་གི་དང་པ་ཡོད་པའི་ལགས་ ཁ་ས་ཀྲག་མེད་པར་ འཇམ་སིང་སི་འབད་ ཞག་ལྔ་ལྔ་དྲུག་དྲུག་ཁོ་འབད་སར་སྡོད་ དེ་ལས་ ང་བཅས་གཉིས་རྫོང་ནང་འབད་རུང་ ང་བཅས་གཉིས་གཅིག་ཁར་རང་
  • རྡོ་རྗེ་ཚེ་དབང་
    ག་ཏེ་རང་འགྱོ་རུང་ ཁོ་གིས་ཡང་ ཁ་གིས་གཅིག་ཁྱད་མི་ཆོད་ ང་གིས་ཡང་གཅིག་ཁྱད་མི་ཆོད་ ལྕམ་མཁར་རྒད་པོ་དང་ ཆུ་མིག་རྟིང་ལས་གསོར་ཏེ་ ཆུ་མིག་རྒད་པོ་ཕུར་པ་ལ་ཟེར་མི་དང་ ལྕམ་མཁར་རྒད་པོ་པདྨ་རྡོ་རྗེ་འབདཝ་ད་ཏེ་
  • རྡོ་རྗེ་ཚེ་དབང་
    ཁ་གིས་ལྕོགས་ཏེ་ མར་ཨ་ཞེ་གཡང་སྐྱིད་ཀྱི་སྐུ་མདུན་ལུ་ ལཱ་འབད་མི་ང་བཅས་གཉིས་རང་ གསོལ་རས་ཐོབ་ཁོང་གཉིས་རང་ ཁོང་གཉིས་གསོལ་རས་ཐོབ་སར་ ང་བཅས་གཉིས་མི་ལྷོད་མི་འཐོབ་
  • རྡོ་རྗེ་ཚེ་དབང་
    ལཱ་འབད་བ་ཅིན་ ང་བཅས་ཀྱིས་རང་བཏོན་ཏེ་ ཨ་ཞེ་གཡང་སྐྱིད་ཀྱི་ གཟིམ་ཅུང་རྐྱབ་པའི་དུས་ཚོད་ལུ་ དེ་ལས་ ན་རུད་རྒད་པོའི་ལོ་རྒྱུས་ཟེར་ ལོ་རྒྱུས་གཞན་སོ་སོ་ཅིག་ག་ནི་ཡང་མེད་ལགས་
  • རྡོ་རྗེ་ཚེ་དབང་
    ན་ཧིང་ཞེ་ཧིང་རྩིས་དག་ཨ་ཙི་རེ་རྐྱབ་མས་ཟེརཝ་མས་ དེ་སྦེ་འབད་ ད་རྩིས་དག་ཡང་མེད་ ད་ཁྱིམ་ཁོ་ར་རང་ཀར་ཏ་ཡོད་ ཁྱིམ་ཕར་ཁ་ཐུག་རྐྱབ་འབད་ ཁོ་ར་ནཱ་ཁ་ཐུག་གྱང་ཁོག་རང་འབྱུང་རང་ཡོད་ལགས་
  • རྡོ་རྗེ་ཚེ་དབང་
    ཧེ་མ་གི་རང་ཨིན་ལགས་ ང་བཅས་ཀྱིས་འཚོར་བའི་སྐབས་ལུ་ཡོད་པའི་ཁྱིམ་རང་ཨིན་ད་ རྦོབ་རིལ་འགྱོ་ཆོག་ཆོག་འགྱོ་སྟེ་ཡོད་ལགས་
  • རྡོ་རྗེ་ཚེ་དབང་
    ཏེ་ན་ཧིང་ཞེ་ཧིང་སྐོར་ཆ་ཕར་ལས་ འཇིགས་མེད་རྣམ་རྒྱལ་གྱི་ བཞེས་ཆ་ཡོད་པའི་ཟེར་ རྩིས་དག་འོང་ཡི་ལགས་ ཏེ་བཞེས་ཆ་ང་བཅས་ཀྱིསནི་བཞེས་ཆ་འབད་མ་མཐོང་ ངནི་མདའ་ཟུར་རྒད་པོ་འབད་སར་འོངམ་ད་
  • རྡོ་རྗེ་ཚེ་དབང་
    ང་བཅས་ལུ་དེ་སྦེ་ འཇིགས་མེད་རྣམ་རྒྱལ་གྱི་ ཁུངས་ཡང་བཤད་མི་མེད་ བཞེས་ཆ་ཡོད་མེད་རྟིང་ལས་ལོ་རྒྱུས་སླབ་ཅི་སླབ་ཅི་འབདཝ་ད་ ཧེ་མ་ང་བཅས་ཀྱི་ ཨ་ཞ་ཚུ་གིས་སླབ་དེས་
  • རྡོ་རྗེ་ཚེ་དབང་
    ཏེ་ང་བཅས་འབད་སར་ཡོད་རུང་མེད་རུང་ ཁྲོ་བོ་?ཅིག་ཡོད་པའི་ འ་ནི་བསྒང་དང་ཕུ་ཐབ་ཆས་མིན་འདུག་སྦ་ འ་ནི་ཁར་ལེབ་?བཟོ་སྟེ་ བཞེས་དོ་ཡོདཔ་མས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཤུལ་ལས་འཇིགས་མེད་རྣམ་རྒྱལ་ལེབ་སྐོལ་བའི་ཟངས་ཞོང་ ཨ་ནི་ཐེར་བག་ཡོད་ག་ཟེར་ གསུངསམ་མས་ཟེར་ སླབ་མས་ལགས་
  • རྡོ་རྗེ་ཚེ་དབང་
    དེ་ལས་ བཞེས་ཆ་ཡོད་པའི་ཟེརཝ་མས་ བཞེས་ཆ་ང་བཅས་ནཱ་མདའ་ཟུར་ལུ་ ལྦཝ་གི་འ་ནེམ་འབད་མི་ཅིག་འདུག་ འ་ནི་ཁོང་ར་ནཱ་ཡོད་མི་འདི་ཨིན་པས་ ཤུལ་ལས་མི་འདི་ཚུ་གིས་ ང་གིས་ནཱ་འབག་འབགཔ་མས་ཟེརཝ་མས་ འདི་མེན་པས་ལགས་
  • རྡོ་རྗེ་ཚེ་དབང་
    ཤུལ་ལས་ངེའི་ནུ་གཅུང་ཅིག་ཡོད་པའི་ ད་རེས་ཁྱིམ་སྲུང་མི་ དེ་ལས་ ཧེ་མ་ང་ཡར་སྡོདཔ་ད་ ལོ་ ༢༩ ཡར་སྡོདཔ་ད་ འ་ནི་བླམ་དང་དཔོན་འདི་ཚུ་གི་ བླ་ཕོར་འོང་མས་སྦ་ ལྟག་པ་དམརཔོ་འབད་མི་ འ་ནི་སྦོམ་ཅིག་འདུག་ འ་ནི་འོང་ནི་མས་ ད་ལོ་རྒྱས་སླབ་ཅི་སླབ་ཅི་འབདཝ་ད
  • རྡོ་རྗེ་ཚེ་དབང་
    འ་ནི་ཏེ་ ང་བཅས་ཡུངས་ཀར་བཙིརཝ་ད་ མར་བསྐང་མས་ ཤུལ་ལས་ཁོང་གིས་ ལག་པ་ལས་ ཤོར་འགྱོ་བའི་ཤུལ་ལས་ ཁ་སྤོགས་འགྱོ་ཏེ་བཀོག་ནུག་སྦ་
  • རྡོ་རྗེ་ཚེ་དབང་
    འ་ནི་འོང་ནི་ཁོ་གིས་ ད་ཏེ་ང་བཅས་ཀྱིས་བཞེས་ཆ་ཨིན་ཟེར་ ང་བཅས་ཀྱིས་ཡང་ འདི་རྩིས་ཏེ་ཨིན་མས་ འདི་དེ་མིན་པས་གོ་ལགས་ དེ་མིན་པའི་རྒྱུད་ ང་ལས་བཤད་ནི་ གཞན་ག་ནི་ཡང་མེད་ལགས་