Skip to main content Skip to search
20 Jun 2018
4 min 35 sec
Video Overview
Creators: 
Karma Yezor

This is a very old Zhungdra song sung by Kinley from Punakha district. An enthusiastic singer, he also used a Bhutanese traditional musical instrument to accompany his singing. The exact meaning of the lyrics are unclear, but it seems that the song describes a precious religious master, who is seated over the sky holding a sacred lotus flower, brought from India. 

གཞུང་སྒྲའི་གླུ་གཞས་འདི་ སྤུན་ན་ཁ་རྫོང་ཁག་ལས་ ཀུན་ལེགས་ཀྱིས་འཐེནམ་ཨིནམ་ད་ ཁོ་ང་བཅས་རའི་ རང་ལུགས་ཀྱི་ཞབས་བྲོ་འཐེན་ནི་ནང་ སྤྲོ་སྣང་ཅན་དང་ ཁོ་གིས་ གླུ་གཞས་ཉན་མི་ཚུ་ སྤྲོ་བ་བྱུང་ཐབས་ཀྱི་དོན་ལུ་ རང་ལུགས་ཀྱི་སྙན་ཆ་དང་སྦྲགས་ཏེ་སྦེ་འཐེནམ་ཨིན་པས། གླུ་གཞས་གི་ཚིག་འདི་ དྭངས་འཕྲོས་འཕྲོས་ཅིག་མེད་རུང་ གླུ་གཞས་ནང་ བླམ་འདི་གི་ཕྱག་ལུ་ རྒྱ་གར་ལས་བསྣམས་བྱོན་མི་ མེ་ཏོག་པདྨ་འདི་བསྣམས་ཏེ་ གནམ་མཁའ་ལུ་བཞུགས་ཏེ་འདུག་ཟེར་ བཤདཔ་ཨིནམ་ལས་ བླམ་ལུ་བསྟོད་པ་བཟུམ་ཅིག་ཨིན་མས། 

Transcript search
No results found for this search
0 of 0
  • མི་འགྱུར་ཀུན་ལེགས་
    ཞི་བ་མི་བཞུགས་ཞི་བ་བཞུགས་ལ། །
  • མི་འགྱུར་ཀུན་ལེགས་
    ཞི་བ་དགུང་སངས་མཐོན་པོ་བཞུགས། །ཞི་བ་དགུང་སངས་མཐོན་པོ་བཞུགས། །
  • མི་འགྱུར་ཀུན་ལེགས་
    འདྲེན་པ་མི་བཞུགས་འདྲེན་པ་བཞུགས་ལ། །
  • མི་འགྱུར་ཀུན་ལེགས་
    འདྲེན་པ་ཁྲི་གདུགས་ཉི་མ་བཞུགས། །
  • མི་འགྱུར་ཀུན་ལེགས་
    ཕྱག་གཅིག་གཡས་པ་རྨ་བྱ་བསྣམས་ལ། །
  • མི་འགྱུར་ཀུན་ལེགས་
    རྨ་བྱ་རྒྱ་ལས་མདོངས་སྒྲོ་བསྣམས་ལ། །རྨ་བྱ་རྒྱ་ལས་མདོངས་སྒྲོ་བསྣམས།། །།