Video Overview
༉ རྩི་རང་གྲམ་ཕུག་ལས་ ལས་སྐྱིད་ཆོས་འཛོམས་ཀྱིས་འཐེན་མི་གླུ་གཞས་ རས་པ་འདི་བདག་ལ་མི་གཅིག ཟེར་མི་འདི་ གླུ་གཞས་རྙིང་ཅིག་ར་ཨིན་མས། གླུ་གཞས་འདི་ བརྩམས་མི་ག་ཨིན་ན་མ་ཤེས་པའི་ཁར་ གླུ་གཞས་འདི་གི་བཅུད་དོན་ག་ཅི་སྟོནམ་ཨིན་ན་ དོན་དག་རྡོག་རྡོག་རིལ་རིལ་སྦེ་ སྟོན་ནི་མིན་འདུག དོན་དག་རྡོག་རྡོག་རིལ་རིལ་སྦེ་སྟོན་ནི་མེད་པའི་ཁ་ལུ་ གླུ་གཞས་ཀྱི་མགུ་དང་འཁྲིལ་བ་ཅིན་ མཇུག་གི་ཚིག་ཡང་འཛོལཝ་སྦེ་འཐེན་དོ་བཟུམ་འདུག།
- Tsirang
- ལས་སྐྱིད་ཆོས་འཛོམས Leki Chozomརས་པ་དང་དག་ལ་མ་གཅིག །རས་པ་དང་དག་ལ་མ་གཅིག ། སྤོག་ས་ལེན་བ་ལ་ནི། །སྤོག་ས་ལེན་བ་ལ་ནི། །
- ལས་སྐྱིད་ཆོས་འཛོམས Leki Chozomབྱ་པོད་ ཏོང་ཏོ་མ་གཅིག །བྱ་པོད་ཏོང་ཏོ་གཅིག་ལ། ། གཅིག་ས་ལེན་བ་ལོང་དགོ །གཅིག་ས་ལེན་བ་ལོང་དགོ །
- ལས་སྐྱིད་ཆོས་འཛོམས Leki Chozomརས་པ་དང་དག་ལ་མ་གཅིག །རས་པ་དང་དག་ལ་གཅིག་ན། ། གཉིས་ས་ལེན་བ་ལོང་དགོ །གཉིས་ས་ལེན་བ་ལོང་དགོ །
- ལས་སྐྱིད་ཆོས་འཛོམས Leki Chozomརས་པ་དང་དག་ལ་མ་གཅིག །གསུམ་ས་ལེན་བ་ལ་ལོང་དགོ ། གསུམ་ས་ལེན་བ་ལ་ལོང་དགོ །
- ལས་སྐྱིད་ཆོས་འཛོམས Leki Chozomརས་པ་དང་དག་ལ་མ་གཅིག །རས་པ་དག་ལ་གཅིག་ན། ། གཅིག་ས་ལེན་བ་ལོང་དགོ །གཅིག་ས་ལེན་བ་ལ་ལོང་དགོ །
- ལས་སྐྱིད་ཆོས་འཛོམས Leki Chozomགཅིག་ས་དང་རས་པོ་ལོང་ན། །རས་པོ་དག་ལ་མ་གཅིག ། རས་པོ་བདག་ལ་མ་གཅིག་ན། །གཅིག་ས་ལེན་བ་ལ་ལོང་དགོ ། བཏུབ་པས།