Skip to main content Skip to search
03 Feb 2016
27 min 4 sec
Video Overview
Creators: 
Rinzin Dema, Tshering Bidha

སྤ་རོ་བྱང་གསར་བུ་ལུ་ གླེ་མ་སོ་ན་སྟེ་ རྒྱལམོ་ལྷ་མོ་གིས་ སོའི་སྨན་བཅོས་འབད་དེ་ སོ་ནང་གི་འབུབ་ཚུ་བཏོན་བཀོཝ་ཨིན་པས། དེ་སྦེ་སོ་འབུབ་བཏོན་པའི་སྐབས་ལུ་ རྫས་སྦྱོར་འབད་བ་ཅིན་ ག་ལྷོད་སར་སྐྱེས་སྡོད་མི་རྩང་ཅིག་གི་ནང་རྫས་དང་ ཕག་ཤ་བསིལ་སྐམ་མཉམ་ཅིག་བསླ་བསྲེ་རྐྱབ་སྟེ་བརྡུངས་ རྡོ་ལེབ་ཏང་ཏ་ཅིག་མེ་བཏང་ ཟངས་གཞོང་ཅིག་ནང་ཆུ་དུམ་གྲ་ཅིག་བླུགས་ དེ་ནང་རྡོ་མེ་མ་བཏང་མི་རྡོ་ཅིག་གི་ཐོག་ཁར་ མེ་བཏང་མི་རྡོ་དེ་བརྩེགས་ ཕག་ཤ་བསླ་བསྲེ་རྐྱབ་བརྡུངས་མི་དེ་བླུགས་ ཐོག་ཁ་ལས་ ཀྲིང་ཆུང་ཀུ་ཅིག་དོང་སྤེད་ཞིན་ན་ སྤགས་ཤིང་དུང་ཅུང་ཅིག་བཙུགས་སྦེ་ སོ་ན་མི་དེ་གིས་ དུ་པ་ཡར་འཐེན་མར་བཏང་འབད་བའི་སྐབས་ ར་བཟི་སྟེ་འབུབ་ཚུ་ཐོན་འགྱོཝ་ཨིན་པས། དུ་པ་ཡར་འཐེནམ་ད་ དུ་པ་ལྐོལམ་བཏང་མི་བཏུབ་དོ་ཡོདཔ་ད་ དེ་སྦེ་གབ་ཆ་ར་འབད་བའི་བསྒང་ལས་ འབུབ་ག་ར་ཐོན་འགྱོཝ་མས་ ཟེར་ཨིན་པས།

 

Traditional healing methods were widely practiced in Bhutan until western medicine arrived at the country. Even nowadays, some people still practice traditional medicine. In this video, Aum Gyem Lhamo treats Aum Lemo’s teeth infected by bacteria. The procedure is very simple, and anyone can do the treatment. A few grams of seed are mixed with pork fat and burned on a heated stone to produce smoke. The smoke is inhaled through the mouth several times, and with this the bacteria in the affected teeth are killed.

Transcript search
No results found for this search
0 of 0
  • གླེ་མ་
    ཨ་ཕར་ལས་ཤ་ཡོད།
  • རྒྱལམོ་ལྷ་མོ་
    ཨིན་ན། ཏེ་ཨ་ནཱི་མིན་དགོ་པ་སྟེ་མེན་ན? ཨ་དགོ་ནི་འདི་མིན་དགོ་པས། ནཱ་ག་ཅི་འབད་ནི།
  • རྒྱལམོ་ལྷ་མོ་
    སྤ་་་་་ཤིང་ཡང་ཆུ་ཟུན་ཆི་་ནུག།
  • གླེ་མ་
    བཞག་ད་ནཱེམ་བཞག་ད།
  • གླེ་མ་
    འ༌ནཱ་ཐབ༌འ༌ནཱིམ༌ཅིག༌ཨིན།
  • རྒྱལམོ་ལྷ་མོ་
    ཀྲིག༌ཀྲི༌མས།
  • གླེ་མ་
    ད༌འབདན༌སྤུས༌རྩ༌སྦེ༌ བསྐོལ༌ཐབ༌ཚང༌ན༌ ཧེ་མ་འབདན་སི་། ཐབ༌ཚ༌ན༌སི༌མེནཊ༌(རྩིས་ས)མ༌སྦྱོར་བ་ ཨ་ནཱེ་ཅིག་ རྐྱབ༌ཅི༌དགོད༌བྲ༌སི༌སི༌སྦེ།
  • རྒྱལམོ་ལྷ་མོ་
    ཨིན༌སྦེ༌ཨ༌ནཱ༌སྨོ ཆུ་འགྱོ་ས་ཅིག།
  • གླེ་མ་
    རྩིས་ས་ལྷག་མཇུག་བེག་(ཕད་ཙི)ཕྱེད་འབད་མི་ཅིག་སྡོད་ནུག་་ ཡར་ཐབ་ཚང་ནང་ ལཱ་འབད་ཚར་ད་ ཏེ་འ་ནཱི་ག་ར་ ཨ་ནཱ་མར་རྐྱབ་ཡི།
  • གླེ་མ་
    ཁྱོད་ཤིང་ཅིག་བཙུགས་ད་ ཨ་ཕར་ལུ་ཤིང་ཡོད་ ལེ་ཤ་ཤ་ཡོད།
  • རྒྱལམོ་ལྷ་མོ་
    ཨ་ནཱ་ཁ་ཤ་ཡོདན་འདི་གི་མས་ཏེ་སྨོ?
  • རྒྱལམོ་ལྷ་མོ་
    མ་པ་སྨན་ཁང་ནང་གི་འདི་ མི་དྲག། ང་བཅས་ར་གི་ དགའ་བས་སྨོ?
    སོ་ནཱཝ་ད་ ང་བཅས་ར་གིས་ སྦང་བཏོན་མི་འདི་ འ་ནཱེ་སྦེ་ བཏོན་མི་འདི་དགའ་བས་སི། སྨན་ཁང་གི་ ནཱེམ་དོང་བསྲུབས་བཞག་སྦེ་ དེ་ལས་འབདན་ ནཱི་གིས་ དྲག་པའི་ཟེརཝ་མིན་འདུག།
  • གླེ་མ་
    འབུབ་བཏོན་ཚརཝ་ད་ དོང་བསྲུབས་རྐྱབ་པ་ཅིན་ དྲག་ནི་མས་ ད་རུང་ སྨོ་ཤིག?
  • རྒྱལམོ་ལྷ་མོ་
    དོང་བསྲུབས་རྐྱབ་སྦེ་ ལོག་བཞེས་གོ་བཟའ་ངོ་བདེ་ག་ཏེ?
  • གླེ་མ་
    མ་ཤེས། ང་རྐྱབ་ར་མ་རྐྱབ་ས་གིས་ བུད་འགྱོ་མས། ཨ་་་བུད་འགྱོ་མས་ཡ? ཁྱོད་རྐྱབ་ཅི་སྦོ? གཉིས་འབད་ཡི། ཡ་ཨིན་ན?
  • རྒྱལམོ་ལྷ་མོ་
    མོ་ར་ འ་ནཱིའི་ཟུག་གི་དྲེགས་མ་ཚུགསཔ་མས། ཚ་ངེར་བཏོན་ཏེ་ བྱི་ཤིང་རྟ་གོ་འཚོལ་བ་འགྱོ་མི་འདི་ ནཱི་ཨིན་པས།
  • རྒྱལམོ་ལྷ་མོ་
    འེང་ཏེ་ ཁྱོད་ཡང་ འབུབ་གིས་བཟང་ཡི་བུ? ད་ལོག་ཤུལ་ལས་ ནཱ་བ་ཅིན་ འབུབ་བཏོན་མི་བཏུབ་པས་པ་མྱ། ཕིལ་ཨཔ་རྐྱབ་པ་ཅིན།
  • རྒྱལམོ་ལྷ་མོ་
    རང་ཤུལ་ལས་བཏོན་བཏུབ་ཅི་འབད་ར་བཞགཔ་དྲག་སྨོ? དུས་ཅི་ལས་འབདན་ མནོ་མནོཝ་ཅིག་བཏོན་བཞག་དགོ་སྦེ་སྨོ་ཤིག? ༼ཨིན་པས༽ཨིན་ན? ཨ་ནཱི་འདི་གི་ ཤོག་ཐེངས་ཅིག་སྦེ་ བཏོན་བཏང་གེ་མནོ་ཡི་སྨོ་ཤིག? རྡོ་གསུམ་གི་ནང་ལུ་ལངསམ་སྦེ།
  • གླེ་མ་
    ནཱ་ལུ་ འ་ནཱི་བཟུམ་ཡོད་པ་ཅིན་ ཚོསཔ་འཇམ་པ་སྨོ? ༼འོང་་་་་འ་ད་འ་ནཱི་གིས་༽
  • རྒྱལམོ་ལྷ་མོ་
    ༼ཡོ༽ ད་འ་ནཱི་གི་སྨོ་ཤིག?༼ཨོང༽ རྡོ་གསུམ་པོ་ལུ་ ལངམ་འབད་བཟོ་གེ་མས།༼ཨིན་སྦེ་ཨིན་ཨིན་སྦེ༽པགས་ཀོནི་མི་བཏུབ། ནང་རྫསནི་མི་བཏུབ།
  • གླེ་མ་
    ཨིན་སྦེ་ གྱི་ཅུང་གིས་ ཨ་ནཱི་བཏོན་དགོ་པས། ༼དམ་ཆོས་མེད།༽ གྱི་ཅུང་འབག་ཤོས་ག་ང་ཡར་འགྱོ་སྦེ? ༼མིན་དགོ༽ ཨ། དམ་ཆོས་ཡར་ནང་ན་མེད།
  • རྒྱལམོ་ལྷ་མོ་
    འ་ནཱི་ར་མས་ལོ་ཁོ་ནང་། ཨམ་རྟ་མགྲིན་དབང་མོའི་ཡར་ལས་བསྐྱལ་ཏེ་ ངེའི་ཕར་ ཕགཔ་ཤ་ཨོ་ཏོག་ཏོ་ཡོད་ཟེར་ ཨུ་རྒྱན་གྱིས་ ཁ་ཙ། ང་ད་ཅི་ཀྲེ་ལི་ཕོན་(བརྒྱུད་འཕྲིན) རྐྱབ་སྟེ་སླབ་ཨིན། ཁྱོད་ཚགས་ཁར་ཚུད་ཏོག་ཏོ་ ཏེ་ཕག་ཤ་ག་ར་བརྫམ་ཚར་ནུག་ས་ ག་ཅི་སྨོ་ལོ། ད་ཡར་ལེན་པར་སོང་ འབུབ་བཏོན་དགོ་པས། ད་ཕག་ཤ་མིན་འདུག་ ཁྱོད་ནང་ག་ར་བྱེལཝ་མས་ཟེར་ སླབ་པའི།
  • རྒྱལམོ་ལྷ་མོ་
    ནོར་ཁྱིམ་ད་སྤུ་ར་(མཉམ)ཧྲམ་ཚར་ནུག།
  • གླེ་མ་
    ཁྱོད་འདི་ ཨ་ནཱིམ་ཅིག་འདི་ མ་པ་ལས་བསྡུ་བཞག་དགོ་པས།
  • རྒྱལམོ་ལྷ་མོ་
    འབག་ཡི་རོགས་ཕར་རྟ་རྒྱུ་ལས་ཚུར་ སློབ་དཔོན་ཚེ་དབང་གིས་ ཕར་ལས་ཕག་ཤ་བསིལ་སྐམ་བསྐྱལ་ ནཱེ་ཚུན་ཚོད་ཁོ་རེ། སྦོམ་འ་ནཱིམ་ཅིག་ལོ། ༼ འོ་ཡེ་༽ ཁོང་ར་དང་ ང་བཅས་ར་ བཟའ་ཚུགསནི་ བཙོ་བཟའ་ལོ་ འ་ནཱེ་ཅིག་འདུག། ཕག་པའི་ཚོ་ཏོ་དང་ སྤུ་ན་(ཆ་མཉམ)ནཱ་འབག་ནུག། བཟའནི་མི་ཚུགས་པས་འ་ནཱི་ མགུ་སྦྲེལ་གཅིག་བསྡུ་བཞག་བཞགཔ་ཨིན། ཁོ་གིས་ཆ་མམཉམ་ སྤྱུག་ད་ནུག་ ཚགས་ཁ་ཚུད་ཏོག་ཏོ་འབད་ནི་ཡོད་ ཁྱོད་ར་ཞརཝ་གྱིས་འཕྲལ་འཕྲལ་ར།
  • གླེ་མ་
    འ་ནཱི་ བརྡུང་བཟོ་ནི་འབདཝ་ད་ ག་དེ་སྦེ་ཟེར་བ་ཅིན་ཏེ་ ཨ་ནཱ་ཤིང་བདེ་ནི་མས་ས་སྨོ་ཤིག། ཨ་ནཱ་ལས་ ཧུམ་ཆི་བས་མེན་ན? ཨིན་པས་ འ་ནཱི་དྲགས་པས། ང་གིས་ ཚར་གཅིག་འཕྱག་གེ་ས་སྨོ་ཤིག། ཆུ་ཚར་གཅིག་བཤལ་བཏང་རུ་བཏུབ་པས། ཨོང་་་་འེང་འ་ནཱེ་སྦེ།
  • རྒྱལམོ་ལྷ་མོ་
    ད་བེག་འདི་མོ་འབག་ཆེ་ནུག། ཨ་ཞིམ་མ་གིས་ བེག་འདི་ཁྱོད་ སྒལ་པ་བཀལ་ནུག། ཡ་བཏུབ་པ་ག་འ་ནཱི?
  • གླེ་མ་
    འ་ནཱི་ ཨ་ཞིམ་ལྷ་་་ཨ་ཞིམ་ལྷམ་ལོ་ ཨ་ཞིམ་རྒྱལམོ་ལྷ་མོ་གིས་ བློ་འ་ནཱི་ འགོ་གཙུགས་ཅིན་ རྡོ་མེ་བཏང་ འ་ནཱེ་སྦེ་ འབད་དགོ་ཏེ་ ཨ་ནཱི་ ཕག་ཤ་འདི་ཕྱེད་ཀ་ར་བཀལ་ནུག།
  • རྒྱལམོ་ལྷ་མོ་
    ཕག་ཤ་འདི་ ཧེ་མ་ འ་ནེ་སྦེ་ གྱི་ལྟག་གིས་རྡུངས་ འ་ནཱེ་སྦེ་ སྤུས་རྩ་འབད་ར་ རྡུངས་ཞིནམ་ད་ ཏེ་ནཱི་ལས་ ཏེ་ཨ་ནཱ་ བྱི་ཤིང་རྟ་གོ་ནང་སླ་བསྲེ་འདི་ཏེ་ད་རུང་བརྡུང་དགོ། ཨ་ནཱ་བླུགཔ་ད་ག་ར འབོ་དཔ་མས། འ་ནཱ་བླུག་སྒྱེས་ད་གེ་ འ་ནཱེ་སྦེ་སྒྱེས་ཞིནམ་ན་ ཏེ་ནཱི་ལས་ཏེ་ ད་རུང་ འ་ནཱེ་སྦེ་རྡུངས་ཏེ་ སླ་བསྲེ་སྤུས་ཙ་འབད་བརྡུང་དགོ། ད་རུང་ འ་ནཱ་སྦེ་ དོང་ཐོན་སོང་ནུག། འ་ནཱ་བླུག་དགོ་པས།
  • རྒྱལམོ་ལྷ་མོ་
    འ་ནཱེ་སྦེ་ སླ་བསྲེ་ཞིནམ་ད་ སྤུས་རྩ་སྦེ་ བརྡུང་དགོཔ་ཨིན་ འ་ནཱི།
  • རྒྱལམོ་ལྷ་མོ་
    ད་རྡུངས་ཚར་ཡི་ནཱི། དེ་ལས་ འ་ནཱེ་སྦེ་ སླ་བསྲེ་ཞིནམ་ལས་སྨོ་ཤིག? ཏེ་འ་ནཱི་ ཕག་ཤ་བསིལ་སྐམ་འདི་དང་ ཨ་ནཱི་ གནགཔོ་འདི་ སླ་བསྲེ་ཞིནམ་ད་ འབུབའོངམ་མས་ ཡར་བཙིར་འདི་གིས་སྦེ་ དྲིམ་དུག་ཁིག་ཁི་འདུག་བ་ཏེ། འ་ནཱི་གིས་ ཡར་འབུབ་ར་བཟི་སྟེ་གིས་ ཡར་བཏོན་དོཝ་འདྲེས་བོ།
  • རྒྱལམོ་ལྷ་མོ་
    འ་ནཱི་ཏེ་ ཏ་མ་ཨ་ནཱི་ རྡོ་འཚོཔ་ད་ཏེ་ རྡོ་གུར༌བཀལ་ཏེ༌ རྡོ་གཉིས་རྩེགས་དགོ་པ༌ད༌རུང། ཟངས༌གཞོང༌ཆུང༌ཀུ༌ཅིག༌ཡང༌དགོ་ ཨ་ནཱི་ཅིག་ཡང། ༼ཨེང་ཨེང༽
  • རྒྱལམོ་ལྷ་མོ་
    ད་ཆུ༌ཨ༌ཙི་བླུག་ ནཱི་ནང༌རྡོ༌སྟེ་ ཁ༌མར༌མ་བྱིམ་ཅིག༌སྦེ༌བཙུགས༌ ཏེ༌ནཱིའི་ལྟག༌ལས༌ མེ༌བཏང༌བཏངམ༌འདི༌བཀལ༌ ནཱི་གུར༌ཨ༌ནཱི་བཀལ་ཏེ༌པ༌ཧིབ༼ཆུང་དུང༽༌དཔག་སྦེ༌ འ༌ནཱེ༌སྦེ༌འབད། ད་ང་ཆུང་དུང་འདི་ ཆུ་ཚར་ཅིག་འཁྱུ་དགོ་པས། དུང་ཅུང་འདི་ ཏེ་ད་ ད་ལྟོ་འ་ནཱིམ་ཅིག་ར་མས།
  • རྒྱལམོ་ལྷ་མོ་
    ཧེ་མ་འབད་བ་ཅིན་ སྨོ་ཤིག་ཨ་ནཱི་ དང་ཕུགས་འབད་བ་ཅིན་ རོགས་སའི་རྫམ་འདི་ ཆུ་དགོ་པས་སྦ། ཏེ་ང་བཅས་ ད་རེས་དེནི་མིན་འདུག། ང་བཅས་ཨ་ནཱ་ ལྕགས་ཀ་པོག་ཏོ་ ཆུ་ཁྱུའི་ཁྱུའི་སྦེ་ འ་ནཱེ་འབད་བའི།
  • རིན་འཛིན་
    ག་དེ་སྦེ་འབད་དགོཔ་སྨོ་ཨ་མ་ནཱི?
  • རྒྱལམོ་ལྷ་མོ་
    ནཱི་ཨ་ནཱི་ ལྕགས་ཀ་པོག་ཏོ་འདི་ ཧེ་མ་ཨ་ནཱི་ དོང་སྤེད་སྨོ་ཤིག། དེ་་ལས་ ཨ་ནཱི་ ལྕགས་གཟེར་རྐྱབ་དོང་སྤད་ ཧོ་ཀ་བཟོ་འབད་བའི་ཤུནི་ ཏེ་འ་ནཱ་ལས་ཕར་ག་ཏེ་ཡང་འགྱོ་བཏུབ། འ་ནཱེ་འབད་བཏོནམ་ཨིན་འ་ནཱི། སའི་རྫམ་འབད་བ་ཅིན་ རོགས་ཁྱུ་མིན་དགོ་པས་བ་ཏེ་ ཏེ་ང་བཅས་ནཱ་ སའི་རྫམ་མི་ཐོབ་པས། ལྕགས་ཀ་པོག་ཏོ་ཨིན། འབུབ་འདི་ འ་ནཱ་ཡང་ཐོན་བཏུབ་པས་རོགས་ ཨོ་ཏོག་ཏོ་སྦེ་ ལྕགས་ཀ་པོག་ཏོ་ནང་འབད་རུང་། འ་ནཱེ་སྦེ་ འ་ད་ ནང་རྫས་ཨིན་ ཕྱི་ཁ་གནམ་མེད་ས་མེད་འཁྱུ་དགོཔ་མེད།
  • རྒྱལམོ་ལྷ་མོ་
    ད་འ་ནཱི་ཆུ་འཁྱུ། འ་ནཱི་ འ་ནཱ་བཙུགས་དགོཔ་ཨིན་ ལྕགས་ཀ་པོག་ཏོ་ནང་བཙུགས། ཏེ་ནཱི་ལས་ ཨ་ནཱི་ དོང་ཨ་ནཱི་ ཆུང་ཀུ་འདི་ ཁ་ལས་ ཡར་ལས་བཏོན་ ཡར་སོའི་གུར་བཀལ། མར་གྱི་འདི་མར་ རྡོ་ནང་བཙུགས། མེ་དུགས་ཏེ་མར་ལས་ཡར་ དུ་པ་སྤུས་ཙ་སྦེ་ ཐོན་ནི་ཡོད། ཏེ་འ་ནཱི་བསྒང་ལས་ འབུབ་ཐོན་འོང་སྦ་ ཏ་མ། ཡ་ འ་ནཱིམ་ཅིག་ར་མས་ད་ད་ལྟོ། ཡ་ ཡ་ད་ད་ནཱི་ རྫོགསཔ་མས་ད་འབདན་ཚར་ཅིག།
  • རྒྱལམོ་ལྷ་མོ་
    ཏ་མ་འབུབ་ག་ར་ འ་ནཱ་སྦྱར་སྡོད་འོང་། མར༌ཆུང་ནང༌གི༌ ཚིག༌སོང་མས༌ ནཱ༌ང༌བཅས༌ཀྱིས་ མི༌མཐོང༌མས། ད་བཏུབ་པས་མེན་ན?
  • གླེ་མ་
    ཇ༌བཟོ༌འབག་ཤོག༌ རྡོ༌འཚོ༌པའི༌ནང༌ཀོ་ནང།
  • རྒྱལམོ་ལྷ་མོ་
    འ་ཇ༌ཏ༌མ༌རྡོ༌འཚཔོ༌སྦེ༌ འཐུང༌ད༌བ༌མས༌ན?
  • གླེ་མ་
    ཨིན༌ན?
  • རྒྱལམོ་ལྷ་མོ་
    ཡ༌ད༌འ༌ནཱེ༌ཨིན།
  • གླེ་མ་
    རྡོ༌ཨ༌རྩི༌མ༌འཚོ༌བ༌ཅིན༌ ཇ༌ཅིག༌བཟོ༌འབག༌དགོནི༌ན༌མནོ་བའི།
  • རྒྱལམོ་ལྷ་མོ་
    ཇ༌ཏ༌མ༌མཐུང༌ད༌སྦ༌བཟོ་ཚརཝ་ད། ༼ཨིན་ན༽ འ༌ནཱེ་སྦེ་བཞག༌ནི༌ད་རུང་ འ་ནཱ། རྡོ༌མ༌འཚོ༌ རྡོ༌འཚོ༌རེནམ༌ཅིག༌ ང༌འ༌ནཱ༌ ཀྲིག༌ཀྲི༌སྦེ་འབད༌བཞག༌འོང༌ འ༌ནཱེ༌སྦེ།
  • གླེ་མ་
    ང༌རྩ༌བ༌སྦེ༌སྡོད༌མི༌དགོ༌ག? དེ༌འབད་བཏུབ་པས༌ག?
  • རྒྱལམོ་ལྷ་མོ་
    ཁྱོད་འ་ནཱེ་སྦེ་བཏུབ་ ཁྱོད་མར་རྩ་བ་སྡོད་པ་ཅིན་ མི་བདེ་ཏེ་ ད་རུ་ག་ཕུག་རྐྱབ།
  • གླེ་མ་
    ཨེང་་་རོ་ཁྱི་ཚུའི་སྐད་གི་ག་ར་འཛུལ་ནི་མས།
  • རྒྱལམོ་ལྷ་མོ་
    ཡ་ད་འོང་དོ་མས་གཅིག།
  • གླེ་མ་
    ཨ་ནཱི་ ཁ་ཤག་ཆུང་ཀུ་བཟོ་དགོ་བོ?
  • རྒྱལམོ་ལྷ་མོ་
    བཏུབ་བཀོ་ནི་འབད་བ་ཅིན་བཏུབ་ ལོག་མ་དགོ་པ་ཅིན་༼ཨ་ནཱི་བཀོ་ནི་མེན།༽ སྤེད་ད་ཆུང་ཀུ་ཅིག་ཡ་ ད་འབདན་བལྟ་མས།
  • རྒྱལམོ་ལྷ་མོ་
    ད་འ་ནཱེ་སྦེ་སྤུབས་སྨོ་ཤིག། ཁྱོད་ སོ་ན་མི་འདི་གུ་བཀལ་ཤིག་ ཨ་ཡི་འདི། ཕྱ་སི་སི་མས། སོ་ན་མི་འདི་གུ་བཀལ་ ཏམ་ཁུ་འཐུངམ་དེ་འཐུང་ ཡར་འཐེན་ཞིནམ་ད་ མར་བཏང་མྱ(མས)། ལྐོད་མ་མ་བཏང་དུ་པ།
  • རྒྱལམོ་ལྷ་མོ་
    འ་ནཱེ་སྦེ་ ཡར་འཐེན་ཞིནམ་ད་ ཏེ་ནཱི་ལས་ལྐོད་མ་ མ་གཏང་མ་སྦེ་ ཚིལ་མ་ཡོད་རུང་མར་ མར་སླེབ་(བཀོ)ད་ཕྱི་ཁར་ལུ། ལྐོད་མ་མ་གཏང་མས་དུ་པ། ང་བཅས་འབདན་འདི་ ཨ་ཙི་འཛུལ་སོང་རུང་ཁྱད་མེད། ལྐོདམ་བཤུར་བའི་མ་པ། དུ་པ་འདི་གིས་ འཚིག་དྲི་གིས། ན་མི་འདི་གུ་ར་བཀལ་ཤིག་ འ་ནཱེ་སྦེ་ཡར་སྤུས་ཙ་སྦེ་ ཧུབ་ཞིནམ་ད་ དེ་ལས་ སྦ་འདི་ནང་ལས་མར་ར་ ཤུགས་སྦེ་གཏང་མ་ཤོག། ཨ་མར་གཅིག་འོང་ཡི་མར་ལུ།
  • རྒྱལམོ་ལྷ་མོ་
    གཅིག་རྡོག་ཤུགས་བཏང་མར་ཐོན་ཡི། ཡར་ཧུབ་པ་ཤོག་ འ་ནཱེ་སྦེ་ ཡར་ཧུབ་ཞིནམ་ན་མར་ འ་ནཱེ་སྦེ་གཏང་ཤིག། ཡར་ཧུབ་མར་གཏང་ཡར་ཧུབ་མར་གཏང་སྦེ་ ལྐོད་མ་འབདན་གཏང་མ་ད། བློ་འཁོག་རྐྱབ་ནི་འབདན་ ཕྱི་ཁར་བཏོན་མྱ་དུ་པ་ ཁྱོད་ན་འོང་ད་རུང།
  • རྒྱལམོ་ལྷ་མོ་
    དུ་པ་རྫོགསཔ་ད་བཏོན་བཞག།
  • རྒྱལམོ་ལྷ་མོ་
    འ་ནཱི་ དུ་པ་རྫོགས་རྫོགས་ འ་ནཱེ་སྦེ་ཧུབ་དགོ། དུ་པ་རྫོགསཔ་ཅིག་ ཏེ་ནཱི་ལས་བཞག་དགོ།
  • རྒྱལམོ་ལྷ་མོ་
    ངལ་འཚོ་ཡི་འཚོ་ཡི་ར་ དུགས་བཅུག་དགོ་པ། ད་གཅིགཔ་འདི་ ཨ་རྩི་བཞག་དགོ་པས་སྨོ་ཤིག?
  • རྒྱལམོ་ལྷ་མོ་
    དུ་པ་རྫོགས་སོང་ག?
  • གླེ་མ་
    དུ་པ་རྫོགས་སོང་ནུག། མེདཔ་འོང་མེན་ན་ད་འདི?
  • རྒྱལམོ་ལྷ་མོ་
    ཨ་ཡར་འཐེན་ནུག་ བལྟ་མྱ་དབང་མོ། དེམ་ཅིག་འཐུ་གེ་མྱ། ད༌མོ༌བློ༌འཁོག་ནུག༌མྱ།
  • རྒྱལམོ་ལྷ་མོ་
    ག༌ཅི༌སྨོ༌ཙང་སྡོད༌ཤིག༌དབང༌མོ།
  • གླེ་མ་
    འོད་་་་་རོ་ཁྱི་དེ་འབད་ར་ལྷབ་ཨིན། ༼པ་པ་༽ག་ཏེ་ཡོདཔ་ཨིན་ན? ཤོག་ཀུ་འ་ནཱ་ཡོད།
  • རྒྱལམོ་ལྷ་མོ་
    ཆུང་ཀུ་ཅིག་འདུག་མས་ན? འ་ནཱ།
  • གླེ་མ་
    སོའི་འབུབ།༼ཨེང་༽
  • རྒྱལམོ་ལྷ་མོ་
    ཨ་ནཱ་འདུག་སྦ། ཡར་འཐུ་མི་ཚུགས་པས་ འ་ནཱ་ལས།
  • གླེ་མ་
    ཤིང་ཆག་ཡར་སོང་ནུག་དགོ་ཤིག?
  • རྒྱལམོ་ལྷ་མོ་
    ཤིང་ཆགཔ་མེན་ཚེ་ འ་ནཱི་ཡར་ ཨ་ནཱི་གུ་ ཨོ་ཏོག་ཏོ་སྦེ་ འོང་མི་བཏུབ་པས་སྦ། འ་ནཱེ་སྡོད་ཡི་སྦ་ཏེ། ད་ལྟོ་འདི་ གནམ་མེད་ས་མེད་འཐོན་ཡང་མ་ཐོན་པས། གཅིག་ཨ་ནཱ་ ཚིག་སོང་ནུག། ད་ལྟོ་ གནམ་མེད་ས་མེད་ཐོན་ཡང་མི་འཐོན་པས།
  • གླེ་མ་
    ད་ལྟོ་ ཨ་ཙི་གསརཔ་འབད་ནི་འདི་གིས་ ཨ་རི་ལེགས་ཤོམ་སྦེ་འོང་མ་ཚུགསཔ་མས་སྨོ?
  • རྒྱལམོ་ལྷ་མོ་/ gyam lham
    འཐོན་འོང་བལྟ་ད་ཏ་ར། ཨ་ཕཱི་འདི་ ཨོ་ཏོག་ཏོ་སྦེ་ འཐོང་མས་ག? འ་ནཱི་འདི་ སྦོམ་སྦེ་སྡོད་འོང་། ཁྱོད་བློ་འདི་ ཨ་ཙི་སངས་ཚུགས་ཚུགས་ ང་རྡོ་འདི་བཅོས་ད་གེ་མྱ། ཨ་རྒས་གཅིག་ཁར་སྡོད་ཤིག།
  • རྒྱལམོ་ལྷ་མོ་
    ༼ཨང་རྒས་༼ཨ་འོ༽ང་འབུབ་བལྟ་གེ་བཏུབ་ག༽ བཏུབ་བཏུབ། འ་ནཱེ་སྦེ་སྡོད་ཤིག། པཱ་ཏ་གོ་ཅིག་ཡང་ཚུད་སོ་ནུག
  • གླེ་མ་
    ཨིན་པས་ གྱི་ཅུང་ཅིག་དགོ་པས་སྦ་སྨོ་ཡོད་པ་ཅིན།
  • རྒྱལམོ་ལྷ་མོ་
    ༼ཡ་ཤོག་ ང་བཅས་འབུབ་བལྟ་གེ་སྨོ?༽ ཤོག་ང་བཅས་སྦུབ་བལྟ་གེ༽ འ་ནཱེ་སྦེ་ སོ་གསུམ་ཆ་ར་ ཕར་ཕར་བཀལ་ཚུར་ཚུར་བཀལ་ཤིག། ༼ང་བཅས་འབུབ་བལྟ་གེ་སྨོ?༽ ༼ཨ་མར་ཐོན་ནུག་འབུབ་ཨ་མར་༽ འ་དཀྲོགས་ཡར་སོང་ཡི་ མར་ཆུ་ནང་། ཨ་མར་ཨ་མར་ འཆི་མེད་དབང་མོ་ ཤིང་ཆུང་ཀུ་ཅིག་གནང་ཤིག་ ཕྱ་སི་སི་ཅིག། ༼ཡ་ལོ། ཡ་ལོ༽
  • རྒྱལམོ་ལྷ་མོ་
    ད་མར་གྱི་འདི་འཛུལ་སོ་ནུག མིན་དགོ་པས་ ནཱ་འདུག་འདུག། ༼ཤོག་ང་བཅས་འབུབ་བལྟ་གེ་ཤོག་ ཤོག་ང་བཅས་འབུབ་བལྟ་གེ་སྨོ?༽
  • རྒྱལམོ་ལྷ་མོ་
    གཔ་ཆེ་ར་དུགས་པའི་བསྒང་ལས་ཏེ་ རྫོགས་འོང་པ་ཏེ་ འབུབ་ཡང་རྫོགས་འོང་། སོ་ཡང་ཟུག་སངས་འོང། ད་རེས་ཀྱི་འདི་ར་ ཨུདཔ་ཅིག་ ཨ་ཏོ་ཏོ་ཐོན་ཡར་སོང་ཡི་ ཟུག་སངས་འོང།
  • རྒྱལམོ་ལྷ་མོ་
    ཧེ་མ་ཀརྨ་སྒྲོན་མི་ ཨ་པ་གྱོང་མི་དེ་གི་ཡང་ འ་ནཱེ་སྦེ་ཨིན། ནཱེམ་ཁ་སྦོ་སྟེ་ ཨའི་བཟུམ་ཅིག་ ཁྱོད་ཨའི་བ་ལས་སྦོམ་མས། ང་འབད་ས་འོང་ ང་བཏོན་གནང་ཟེར་ ང་བཏོན། ཐུགཔ་བཀོལ་ཡི་ར་ འཐུང་སྡོད་པའི་ལོ་ ལྟོ་བཟའ་མ་ཚུགས་པ། ལོག་སངས་སོང་ནུག་ ཡུདཔ་ཅིག་ཁ་ལས་ འབུབ་གཔ་ཆེ་བཏོན་པའི་བསྒང་ལས། འ་ནཱ་འཚིག་སོང་ནུག།
  • རྒྱལམོ་ལྷ་མོ་
    ཡ་ཨ་ནཱེ་གིས་སྦེ་ བཤེད་སྡོད་ད་ད་ ང་མར་སྤུས་ཙ་སྦེ་ ཨེབ་གེ་ནུག་ ལགཔ་ཚཝ་མས་སྦ།
  • རྒྱལམོ་ལྷ་མོ་
    དུ་པ་རྫོགས་པ་ཅིན་ཏེ་བཞག་ད། ༼ང་ཨ་ནཱ་རོ་ཁྱི་བལྟ་འདྲོག་པའི།༽༼ང་རོ་ཁྱི་བལྟ་འདྲོག་པའི་ཨ་ཛའི་ཨ་ཛའི་ རོ་ཁྱི་བལྟ་འདྲོག་པའི་ ཨ་ཛའི་ཤོག་ཤོག༽
  • རྒྱལམོ་ལྷ་མོ་
    ད་མོ་ར་ཅི་ཁར་ རྩེདམོ་རྩེ་སྡོདཔ་མས་ད། མེ་ཤི་མ་བཅུག་མྱ་དབང་མོ། ད་རུང་ མར་འོག་ལས་ རྡོ་ཅིག་ཡོད། རྫོགས་སོའི་སྦོ།
  • གླེ་མ་
    ཨ་ནཱི་ཡར་འབལ་ད་ག?
  • རྒྱལམོ་ལྷ་མོ་
    འབལ་མི་དགོ་མྱ་ ཨ་ནཱི། ༼ཆུ་ཆུ་༽༼ཆུ་ཨ་ཕར་བཏང་པར་འགྱོ་གེ་ཤོག།༽ ཨ་ལུ་གནང་ཤིང། སྤ་ད་ལྟོ་འབདན་ཐོན་ནུག་མྱ་ ཨ་ཕར་བལྟ་ཤིག་ ཨ་ཕར་བལྟ་ཤིག་ ཏོ་ཀོ་ནང་ལུ། ཨ་ཕར་སྨོ་ཤིག?
  • གླེ་མ་
    འ་ནཱི་བི་གྲོ་༼གློག་བརྙན༽བཟོ་ཤིག།
  • རྒྱལམོ་ལྷ་མོ་
    འ་ནཱ།
  • གླེ་མ་
    སྤ་ལྕེ་ཚཝ་མས་དབའེ། ལྕེ་བདོག་ནི་བཟུམ་སྦེ།
  • རྒྱལམོ་ལྷ་མོ་
    འདི་འཇམ་ཏོག་ཏོ་སྦེ་ ཤིང་གུ་འོང་ཡང་མི་བཏུབ་པས། ད་རུང་ འཚིག་ར་འཚིག་བ་ཅིན་གྲུམ་འགྱོ་ཤེ་(ོའོང)།
  • གླེ་མ་
    ཨིན། གྲུམ་ཡར་སོང་འོང་ནཱི།
  • རྒྱལམོ་ལྷ་མོ་
    ཨ་ནཱི་འདི་མེན་པས། ཨ་ནཱི་ནཱ་མེན་པས། ཨ་ནཱི་ ན་ཨ་ནཱི་པས་ ཏོ་ཀོ་གི་ཨ་ནཱི། འཚིག་སོང་ནུག་ལ་ལུ་ ཨ་ནཱ།
  • གླེ་མ་
    ཨ་ནཱ་བལྟ་ཤིག་ འཚིག་ཡར་སོང་ནུག།
  • རྒྱལམོ་ལྷ་མོ་
    ཨིན་པས་འཚིག་སོང་ནུག།
  • གླེ་མ་
    ཨ་ཕར་ ཨ་ཕཱི་ན་ཕར་ འཚིག་འཚིགཔ་འདུག་ཨ་ཕར།
  • རྒྱལམོ་ལྷ་མོ་
    ཨ་ནཱ་ མ་འཚིགཔ་ར་འདུག་ འ་ནཱ།
  • གླེ་མ་
    ཨ་ནཱ་ གཅིག་སྡོད་ནུག་མེན་ན?
  • རྒྱལམོ་ལྷ་མོ་
    འོང་ཨ་ནཱ་གཅིག་ཡོད་ ཨ་ནཱ།
  • གླེ་མ་
    ཨ་ནཱ་ཨ་ནཱ་ འ་ནཱི་ ཁ་བྱ་(ཆ)འདི་གུ་ར་ འ་ནཱི། ཨ་ནཱི་ ཤེལ་པཱ་ཝར་༼ནུས་ཤུགས༽ཡོད་མི་འདི་ འབག་འོང་བ་ཅིན་ ག་ར་བདའ་ཟུན་ནི་མས་པ།
  • རྒྱལམོ་ལྷ་མོ་
    སྦོམ་སྦེ་འཐོང་མི་འདི་ཡ? ༼ཨོང༽
  • རྒྱལམོ་ལྷ་མོ་
    ཨ་ནཱ་ལས་མར་འབདན་ སི་མེནཊ་༼རྩི་ས༽ཅིག་ཡང་བླུག་ནུག།
  • གླེ་མ་
    རྩི་ས་གྱག་གྱོག་བཏང་ འ་ནཱེམ་ཅིག།
  • རྒྱལམོ་ལྷ་མོ་
    ཆུ་མེད་ས་ ཀྲིག་ཀྲི་མས་ཨ་ནཱ་ལས་མར་ སྨོ་ཤིག?
  • གླེ་མ་
    ཨ་ནཱ་ལས་ཏེ་ གཞན་ག་ར་གཏང་ཚུགས་པ་ཅིན་ཏེ་ གཏང་མ་ཚུགས་པ་ཏེ་ རྩིས་ས་ལྷག་མཇུག་འ་ནཱི་ར་མས།
  • རྒྱལམོ་ལྷ་མོ་
    ཐབ་ཚང་འ་ནཱིམ་ཅིག་འདི་ དགོ་པས་ས་སྨོ་ཤིག?
  • གླེ་མ་
    ཆུ་ཚོད་བཀོལ་ ནཱ་གཡོག་ལཱ་རེ་འབད་འབདཝ་ད་ དགུན་གཟུགས་ཁྱུ་འབདཝ་ད་ མེད་པ་ད་འ་ནཱི་ བཅོ་ཁ་རྐྱབ་དགོ་འབད་ས།༼བཅོ་པ་ཅིན་ཏི་རུ་དགོ་པས་ ཏི་རུ་མེདན་རྩིས་ས།༽
  • གླེ་མ་
    ཨ་ནཱི་ གྱི་གིས་ བཏོག་དགོནི་འདྲས་མས་ན?
  • རྒྱལམོ་ལྷ་མོ་
    དའུ་ད་ ནཱེ་འབད་ར་ ནཱི་ར་ཨིན། ད་རྫོགས་ཨིན་ད་ ནཱི་ར་ཨིན།༼ཨེང་ཨིན་ན?༽ཨིན།
  • གླེ་མ་
    ད་ཨ་ནཱི་ར་ཨིན། ཨ་བུག་འོག་ལས་ པོག་ཏོ་འདི་གུ་ བཀལ་བ་ཅིན་དྲག་ནི་མས།
  • རྒྱལམོ་ལྷ་མོ་
    ཡ་ད་འབདན་ འ་ནཱི་ར་ཨིན། ད་རྫོགསཔ་འབད་བ་ཏེ། ཡ་ད་འབདན་ ག་ར་དུགས། ཡ་ད་འབདན་ སྤུས་ཙ་སྦེ་དུགས་ཤིག། འ་ནཱེ་སྦེ་ ད་འ་ནཱི་ལཱ་མཇུག་ཨིན། སྤུས་ཙ་འབད་དུགས་ད།
  • རྒྱལམོ་ལྷ་མོ་
    འབུབ་འཐོན་ནི་འདི་ཐོན་དེ་ ཕར་བཀལ་ཚུར་བཀལ་ཤིག་ སོ་ན་མི་གསུམ་ཆ་ར་དུགས་པ་ཅིན་ཏེ་ ག་ར་ཨིན་རུང་ ཐོན་ཡར་འོང་སྦ་ཏེ་ སྨོ་ཤིག་ག་ར་གསུམ་ཆ་ར་དྲག་འོང་། འ་ནཱི་གིས་ ཨེབ་བལྟ་གེ་ནུག་ཡ། འོང་བལྟ་ཤིག་ འོང་
  • རྒྱལམོ་ལྷ་མོ་
    ཁོ་བལྟ་མས་ མོ་གྱིམ་འདི་ཡང་ ཧབ་མས་མྱ་ ནཱ་རྟག་བུ་གཅིག་ཁར་སྡོད་རུང།
    དབང་མོ་ཙང་སྡོད་མས་ རོ་ཁྱི་ཧབ་མས། དུག་དྲགས་མས། ན་ཧིང་ང་གིས་ སོ་སོར་ཅིག་ལེན་ སྤ་ནཱི་ཡང་ ནཱེ་སྦེ་ཧབ་ཨིན། ང་ར་འོང་རུང་ཡང་ ཧབ་མས་རོགས། རྫོགས་སོང་ཡི་སྦོ? ༼ད་རྫོང་སོང་ཡི་ ཨ་ལ་དབའི།༽
  • གླེ་མ་
    རོ་ཁྱི་ འ་ནཱི་ཚུ་གི་སྐད་ཀྱི།༼ནཱེ་སྦེ་ར་མས་ རོ་ཁྱིའི་སྐད༽
  • རྒྱལམོ་ལྷ་མོ་
    སྤ་ཨ་ནཱ་བལྟ་ཤིག།
  • གླེ་མ་
    སྤ་ལེགས་ཤ་འདུག་ ད་ལྟོ་འདི་ནང་ ཨ་ཕར་ཨ་ཕར་བལྟ་ཤིག།
  • རྒྱལམོ་ལྷ་མོ་
    ཨ་ནཱ་ པོག་ཏོ་ནང་ཕར། ཨ་ཕར་ཕ་གི།
  • གླེ་མ་
    འ་ནཱ་བལྟ་ཤིག།
  • རྒྱལམོ་ལྷ་མོ་
    ཨ་ནཱ་ པོག་ཏོའི་ ཕྱི་ལས་ཡང་ཐོན་དེ། ག་ཏེ་སྨོ་ཏེ་ནཱེམ་ཡར་ ཆུ་བཏང་གཏང་ད་ས་མེན་ན?
  • རྒྱལམོ་ལྷ་མོ་
    སྤ་ཨ་མར་བལྟ་ཤིག་ ད་ལྟོ་འདི་ མང་ཧིང་། ༼ཨིན་པས་ལེགས་ཤ་འདུག་མྱ༽ཨ་ནཱ་ ཕྱི་ཁ་ར་ཐོན་དེ་སྨོ་ཤིག?
  • གླེ་མ་
    གནམ་མེད་ས་མེད་འདུག།
  • རྒྱལམོ་ལྷ་མོ་
    ཨ་ནཱ་ཨིན་པས་ག?
  • གླེ་མ་
    ཨིན་པས། ཨ་མར་ཨ་མི་འདི་གུ་ལས་མར་ ཞོ་གུ་གནམ་མེད་ས་མེད་ཆགས་ནུག་ ཨ་ཕར་བལྟ་ཤིག་ ཨ་ཕར་གནམ༌མེད༌ས༌མེད༌ཆགས༌སྡོད༌ནུག་ཡར།
  • རྒྱལམོ་ལྷ་མོ་
    ད༌ནངས་པ༌ འ༌ནཱི༌ཆུ༌ཚན་ཅིག༌གིས་ བཤལ་གཏང༌ད༌གེ༌སྨོ༌ཤིག?
  • གླེ་མ་
    ནཱེམ་ག་ཅི་ལོ་ ཉིནམ༌གསུམ༌དེ༌ཅིག༌བཏོན༌དགོ༌ནི༌འདྲས? ན་ག་མི་ན་ ༼འོང་ནི་ར་མམ་ཏེ༽ནངས༌པ་ལ་སར་ གནངས༌ཚེ་ལཱ༌ས༌ཨིན་ན?
  • རྒྱལམོ་ལྷ་མོ་
    ང༌གནངས༌ཚེ༌ ལཱ༌སར་མེན། ནངས༌པ༌ཐོན༌འོང༌ང༌།
  • གླེ་མ་
    ཉིནམ༌གསུམ༌དེ༌ཅིག༌ ཁྱོད༌ཉམས༌ཚེར༌རུང། ལཱ་སྟོང་ཆག་ཆག་པའི་ཆད་བྱིན་འོང་།
  • རྒྱལམོ་ལྷ་མོ་
    འ་པཱ་པཱ་ནཱེ་མི་གི་ བློ་སླབ་ཆེ།