Skip to main content Skip to search
23 Oct 2017
2 min 8 sec
Video Overview
Creators: 
Dawa Tshering

Aum Tshering Lham of Bongo Gewog sings a less-commonly-performed bodra song that may be at risk of disappearing. The origin of this song is unknown, but through the lyrics, we know that it is a religious song. The song recollects sacred places such as Chokor Lha, Potala and Lhodrak Karchung of Tibet; the song then turns to prayers to deities such as Dorjé Phakmo, and Buddhist masters such as Ngakwang Namgyel (1594-1651).

ཆུ་ཁ་རྫོང་ཁག་ བོང་སྒོ་རྒེད་འོག་ལས་ ཨམ་ཚེ་རིང་གིས་ གནས་ཅིག་དྲན་སོང་ཟེར་མི་  བོད་སྒྲའི་གླུ་གཞས་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་ བོད་སྒྲའི་གླུ་གཞས་གཞན་མི་ཚུ་བཟུམ་སྦེ་ གནམ་མེད་ས་མེད་ཅིག་ ཡོངས་གྲགས་སྦེ་མེནམ་ད་ མི་དག་པ་རེ་གིས་ གླུ་གཞས་འདི་འཐེན་དོ་ཡོདཔ་ལས་  ཉམས་འགྱོཝ་ཨིནམ་ ཧ་དགོ་ཚུགས་པས། གླུ་གཞས་འདི་གི་འབྱུང་ཁུངས་དང་ འཐེན་མི་ངོ་མ་ག་ཨིན་ན་ ཁ་གསལ་སྦེ་མ་ཤེས་རུང་ ཚིག་ཚུ་ལས་བརྟེན་ ཆོས་འབྲེལ་གྱི་གླུ་གཞས་ཨིནམ་ཤེས་ཚུགས་པས། གླུ་གཞས་འཐེན་མི་གིས་ གནས་ཆེན་ ཆོས་བསྐོར་ལྷ་ས་དང་ པོ་ཊ་ལ་ བོད་ཀྱི་ལྷོ་བྲག་མཁར་ཆུ་ཚུ་ སེམས་ཁར་དྲན་ཏེ་ མཁའ་འགྲོ་རྡོ་རྗེ་ཕག་མོ་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ཚུ་ གུས་ཞབས་ཀྱི་གླུ་གཞས་ཕུལཝ་ཨིན་པས། 

Transcript search
No results found for this search
0 of 0
  • ཚེ་རིང་ལྷ་མོ་ Tshering Lham
    གནས་གཅིག་དྲན་སོང་། །ལྷ་ས་ཆོས་འཁོར་གཅིག་དྲན་སོང་། །སྭོ་ཡ་ལ། །སེམས་ཀྱི་ལ་ཡོད་ཀྱང་། །རྡོ་རྗེ་ཕག་མོ་ཅིག་དྲན་སོང་། །
  • ཚེ་རིང་ལྷ་མོ་ Tshering Lham
    ལན་གཅིག་ཨོ་ལོས། །ཕྱིན་པའི་རྟ་ལོག་ཅིག་སྭོ་ཡ། །སྭོ་ཡ་ལ། །སེམས་ཀྱི་ལ་ཡོད་ཀྱང་། །ངག་དབང་རྣམ་རྒྱལ་ཅིག་དྲན་སོང་། །
  • ཚེ་རིང་ལྷ་མོ་ Tshering Lham
    གནས་གཅིག་དྲན་སོང་། །ལྷོ་བྲག་དཀར་ཅུང་ཅིག་དྲན་སོང་། །སྭོ་ཡ་ལ། །སེམས་ཀྱི་ལ་ཡོད་ཀྱང་། །ངག་དབང་རྣམ་རྒྱལ་(ནམ་མཁའི་སྙིང་པོ་)ཅིག་དྲན་སོང་། །
  • ཚེ་རིང་ལྷ་མོ་ Tshering Lham
    གནས་གཅིག་དྲན་སོང་། །ལྷ་ས་ཆོས་འཁོར་ཅིག་དྲན་སོང་། །སྭོ་ཡ་ལ། །སེམས་ཀྱི་ལ་ཡོད་ཀྱང་། །རྡོ་རྗེ་ཕག་མོ་ཅིག་དྲན་སོང་།། །།