Skip to main content Skip to search
31 Jan 2017
3 min 58 sec
Video Overview
Creators: 
Sherig Dentshog

Nima Yezer from Mangzor village performs a song that expresses sadness. It says for instance that “had the star in the sky never shone, it would have been happier; because it is now shining in the sky, it is very sad…” And it concludes that better than to be born in this world is never to be born at all and, in this way, not experience all the kinds of sorrows found in the world. Thus, this song conveys the message that life is full of sorrows.

 

བརྙན་འཁོར་འདི་ནང་ལུ་ གླུ་གཞས་ གསུང་དང་ལེ་མོ་དྲན་ཤོག་ཟེར་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ མང་ཟོར་གཡུས་ཚན་ནང་ལས་ པདྨ་འོད་ཟེར་གྱི་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་གིས་ སྐྱོ་བའི་གནས་སྟངས་བཤདཔ་ཨིན། དེ་ཡང་ གནམ་ལས་ཤར་བའི་ཀར་མ་འདི་ གལ་སྲིད་ གནམ་ལས་ མ་ཤར་བ་ཅིན་ དགའ་སྤྲོ་འབྱུང་འོང་ཟེར་ཨིནམ་དང་ ཀར་མ་འདི་ གནམ་ལས་ཤར་ནི་འདི་གིས་ སྐྱོ་བ་ལང་མས་ཟེར་ཨིན་མས། དེ་ལས་ འཛམ་གླིང་ནང་ལུ་སྐྱེ་ཏེ་ སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ནི་ཨིན་པ་ཅིན་ འཛམ་གླིང་ནང་ལུ་ མ་སྐྱེ་རུང་དྲག་ནུག་ཟེར་ཚིག་ཚུ་ཡོདཔ་ཨིན། དེ་འབདཝ་ལས་ གླུ་གཞས་འདི་གིས་ མི་ཚེ་ནང་ལུ་ སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ནི་ཡོད་པའི་སྐོར་ལས་སྟོན་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • ཉི་མ་འོད་ཟེར་ Nima Yezer
    གསུང་དབྱངས་གསུང་དབྱངས་གསུང་དབྱངས། །
    Humm the melody! humm the melody!
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ཨོཾ་མོ་མ་ཎི། །
    tune in to Omo Mani.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    Let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ཨོཾ་མོ་མ་ཎི། །
    tune into Omo Mani.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གནམ་ལས་ལ་ཤར་བའི་སྐར་མ། །
    the star which is twinkling in the sky.
  • ཉི་མ་འོད་ཟེར་ Nima Yezer
    མ་ཤར་རང་གི་སྐར་མ། །
    only, if it didn't twinkle.
  • ཉི་མ་འོད་ཟེར་ Nima Yezer
    ཤར་ཚེ་ནམ་མཁའི་སྦུག་ལུ། །
    but twinkling in the middle of the sky.
  • ཉི་མ་འོད་ཟེར་ Nima Yezer
    སེམས་ཀྱི་སྐྱོ་བ་(རོགས་)ཨིན་པས། །
    is filling my mind with sadness.
  • ཉི་མ་འོད་ཟེར་ Nima Yezer
    ཤར་ཚེ་ནམ་མཁའི་སྦུག་ལུ། །
    twinkling in the middle of the sky.
  • ཉི་མ་འོད་ཟེར་ Nima Yezer
    སེམས་ཀྱི་སྐྱོ་བ་(རོགས་)ཨིན་པས། །
    is filling my mind with sadness.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དབྱངས་ལ་གསུང་དབྱངས་གསུང་དབྱངས། །
    Humm the melody! humm the melody!
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ཨོཾ་མོ་མ་ཎི། །
    tune in to Omo Mani.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    ཨ་མས་ལ་སྐྱེས་བའི་(པའི་)བུ་ཆུང་། །
    Me, born from my mother.
  • ཉི་མ་འོད་ཟེར་ Nima Yezer
    མ་སྐྱེ་རང་གི་བུ་ཆུང་། །
    only, if I was not born
  • ཉི་མ་འོད་ཟེར་ Nima Yezer
    སྐྱེས་ཚེ་མི་གི་གཡོག་པོ། །
    but I was born, only to be a salve.
  • ཉི་མ་འོད་ཟེར་ Nima Yezer
    སེམས་ཀྱི་སྐྱོ་བ་(རོགས་)ཨིན་པས། །
    my mind fills with sadness.
  • ཉི་མ་འོད་ཟེར་ Nima Yezer
    སྐྱེས་ཚེ་མི་གི་གཡོག་པོ། །
    but I was born, only to be a salve.
  • ཉི་མ་འོད་ཟེར་ Nima Yezer
    སེམས་ཀྱི་སྐྱོ་བ་(རོགས་)ཨིན་པས། །
    my mind fills with sadness.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དབྱངས་ལ་གསུང་དབྱངས་གསུང་དབྱངས།
    Humm the melody! humm the melody!
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ཨོཾ་མོ་མ་ཎི། །
    tune in to Omo Mani.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ཨོཾ་མོ་མ་ཎི། །
    tune in to Omo Mani.
  • ཉི་མ་འོད་ཟེར་ Nima Yezer
    གསུང་དང་(དབྱངས་)ལེགས་མོ་སྒྲིགས་ཤོག །
    let the melody fall in place.
  • ཉི་མ་འོད་ཟེར་ Nima Yezer
    གངས་ལས་ལ་བབས་པའི་ཆུ་མོ། །
    The stream flowing from the mountain,
  • ཉི་མ་འོད་ཟེར་ Nima Yezer
    མ་འབབ་རང་གི་ཆུ་མོ། །
    only, if it doesn't flow.
  • ཉི་མ་འོད་ཟེར་ Nima Yezer
    བབས་ཚེ་ཟམ་པའི་འོག་ལུ། །
    but it flowed, only to be flowing under the bridge
  • ཉི་མ་འོད་ཟེར་ Nima Yezer
    སེམས་ཀྱི་སྐྱོ་བ་(རོགས་)ཨིན་པས། །
    It fills my mind with sadness.
  • ཉི་མ་འོད་ཟེར་ Nima Yezer
    བབས་ཚེ་ཟམ་པའི་འོག་ལུ། །
    but it flowed, only to be flowing under the bridge
  • ཉི་མ་འོད་ཟེར་ Nima Yezer
    སེམས་ཀྱི་སྐྱོ་བ་(རོགས་)ཨིན་པས། །
    It fills my mind with sadness.
  • ཉི་མ་འོད་ཟེར་ Nima Yezer
    བཀྲིན་ཆེ་ལགས།། །།
    Kadrinchela( Thank you )