Skip to main content Skip to search
18 Jun 2018
6 min 50 sec
Video Overview
Creators: 
Sonam Tobgye

Pema Rinzin from Jang village discusses a healing ritual he learned from his teacher, Sherab Gyeltshen Rinpoché from Bumthang. He performs this healing ritual for those who are effected by evil spirits. He mixes flour with meat and butter and performs the ritual after the sunset. He received he the instructions, initiations, scriptural transmission, and authorization to perform this particular ritual. Because the liturgy was composed by Mipham Rinpoche—a Nyingma master and writer and Sherab Gyeltshen's teacher—specifically to cure illnesses caused by spirits, it is said to have great curative power when performed with good intentions. It has to be performed at least three times, and sometimes seven or twenty-one times. 

༉  པདྨ་རིན་འཛིན་གྱིས་ བཅོ་ཐབས་རིམ་གྲོ་འབད་ནི་འདི་ ཁོ་རའི་སློབ་དཔོན་ བུམ་ཐང་ལས་ཨིན་མི་ དྲུང་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་ལས་ཤུལ་རྒྱུན་འབད་དེ་ལྷབ་ལྷབ་ཨིནམ་ད་ ཁོ་རང་ལྷུན་རྩེ་རྫོང་ཁག་ བྱང་གཡུས་ཚན་ལས་ཨིན་མས། ཁོ་གི་བཅོ་ཐབས་རིམ་གྲོ་འདི་ བདུད་དང་གདོན་ཚུ་གིས་གནོད་མི་ འཚབས་ཆེན་སྦེ་ཡོད་མི་ཚུ་ལུ་འབད་དོ་ཡོདཔ་ད་ གསུར་རྫས་ཡང་ ཕྱེ་དང་ཤ་མར་ཚུ་སླ་བསྲེས་ཏེ་ ཕྱི་རུ་ཁམས་ཅིག་ཁར་གཏང་དོ་ཡོདཔ་མས། དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ གདོན་མཆོད་འདི་བདུད་དང་གདོན་ཚུའི་དོན་ལུ་འབད་ནི་དེ་གིས་ཨིན་མས། རིན་འཛིན་གྱིས་བཤད་མི་ནང་ ཁོ་ལུ་དེ་བཟུམ་འབད་ཆོག་པའི་ལུང་དང་གནང་བ་ཚུ་ ཁོ་རའི་དྲིན་ཅན་སློབ་དཔོན་གྱིས་གནང་གནངམ་ཨིན་ ཟེར་བཤདཔ་མ་ཚད་ ལུང་དང་གནང་བ་མེད་པ་ཅིན་ ཕན་པ་མེད་ཟེར་ཨིན་མས་ ག་ཅི་སྦེ་ཟེར་བ་ཅིན་ དེ་ནང་ཡོད་པའི་ཚིག་ཚུ་ག་ར་ མི་ཕམ་རིན་པོ་ཆེ་མཆོག་གིས་ བདུད་དང་གདོན་གྱིས་གནོད་མི་ཚུ་དྲག་ནི་གི་དོན་ལུ་དང་ ནུས་པ་ཡང་སྦོམ་ཡོདཔ་ཨིན་མས། དེ་བཟུམ་རིམ་གྲོ་འདི་ བསམ་པ་བཟང་པོའི་ཐོགས་ལས་སེམས་ཅན་ག་ར་ལུ་ཕན་ཐོགས་ནི་གི་དོན་ལུ་འབད་དགོཔ་མ་ཚད་ ནད་པའི་དོན་ལས་ ཚར་གསུམ་ ཡང་ན་བདུན་ ཡང་ན་ཉེར་གཅིག་ཚུན་གཏང་སྲོལ་ཡོདཔ་མས། གཡུས་ཚན་དེ་ནང་ རིན་འཛིན་གྱིས་འབད་མི་བཅོ་ཐབས་རིམ་གྲོ་འདི་ རྗེས་ཤུལ་སྦེ་ལུས་ནི་ཨིན་མས།

Transcript search
No results found for this search
0 of 0
  • ད་ལྟོ་ ང་བཅས་ནཱ་ ཨ་ནཱི་གདོན་བཅོས་རིམ་གྲོ་འབད་དགོ་མི་འདི་ ཁུངས་འདི་ ད་ཁོང་ནདཔ་ལཱ་ཁག་ཡོད་ཞིན་ན་ལས་ ཏེ་ང་འབད་ས་འོང་ དེ་ལས་ང་གིས་མོ་རེ་བཏབ་ ཨ་ནཱི་སྦེ་འབད་ཞིན་ན་ལས་ ཏེ་ཁོང་གི་གདོན་བཅོས་རིམ་གྲོ་འབད་ ནདཔ་ཡང་དྲག་ཡི་ ད་དེ་བཟུམ་གྱི་གསུར་འདི་ གཞན་འདི་ ཏེ་དབང་དང་ལུང་ཟེར་ཡང་དགོ་ ཏེ་ང་འདི་ ལུང་འདི་ག་ཏེ་ལས་ཞུ་ཡི་ཟེར་བ་ཅིན།
    པདྨ་རིག་འཛིན།/Pema Rinzin:
  • དེ་བཟུམ་གྱི་ ཨ་ནཱི་ གསུར་བསྔོ་བཏང་ནི་གི་ལུང་འདི་ ཏེ་ང་ར་གི་དྲིན་ཅན་རྩ་བའི་བླམ་ དྲིན་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་ ཁོ་ར་འཁྲུངས་ས་འདི་བུམ་ཐང་ལས་ཨིན། ཏེ་ཁོ་ར་གི་རྩ་བའི་བླ་མ་འདི་ [དཔོན་སློབ་/པད་ནོར་རིན་པོ་ཆེ་ དཔོན་སློབ་/པད་ནོར་རིན་པོ་ཆེ་?]ཨིན། དེ་ལས་ཁོ་གི་ཕར་ པད་ནོར་རིན་པོ་ཆེའི་སྐུ་མདུན་ལུ་ཡོན་ཏན་མཐར་སྦྱངས་ མཚམས་སྔོན་འགྲོ་འདི་ཚུ་གནང་ཞིན་ན་ལས་ དེ་ལས་ ཁོ་ར་གི་འཁྲུངས་ཡུལ་ བུམ་ཐང་ལས་འབད་ཞིན་ན་ལས་
    པདྨ་རིག་འཛིན།/Pema Rinzin:
  • ཏེ་བུམ་ཐང་མེ་འབར་མཚོ་ལུ་ ཁོ་ར་གི་ལོ་གསུམ་ཕྱོགས་གསུམ་ ཨ་ཕི་ནང་གནང་། ཨ་ཕི་ནང་གནངམ་ད་ ལོ་གསམ་ཕྱོགས་གསུམ་ཟེར་ མཚམས་སྔོན་འགྲོ་ཟེར་ག་ཅི་ཡང་མེན། དེ་བསྒང་འདི་ ཏེ་ཁོ་ར་གི་ ང་བཅས་ར་གི་བཀའ་འགྱུར་པུ་ཏི་(པོ་ཏི་)གཅིག་བརྒྱ་འདི་ ལོ་གསུམ་གྱི་ནང་འཁོད་ནང་ ཏེ་མེ་འབར་མཚོ་གི་ ཨ་ཕི་ལྟག་ལུ་ ཕུག་ཡོད་མི་ནང་ གྲུབ་ཕུག་ཡོད་མི་ནང་བཞུགས་སྦེ་ དེ་ལས་ ཉི་མ་ཉི་མ་ཁོ་ར་ཡར་ ཡར་ལས་ ཚལ་མ་ནང་ལས་ཕར་བྱོན་ མཚམས་སྔོན་འགྲོ་གནང་ ཕྱི་རུ་ཕྱི་རུ་ མར་གྲུབ་ཕུག་ནང་འོང་ ཨ་ནཱི་སྦེ་བཞུགས་སྦེ་
    པདྨ་རིག་འཛིན།/Pema Rinzin:
  • དེ་ལས་ ལོ་གསུམ་ཕྱོགས་གསུམ་ཕར་གནང་། ཕར་ལས་གནང་སྦེ་ཞིན་ན་ལས་ དེ་ལས་ད་ ཁོ་ར་གི་རྩ་བའི་བླ་མའི་བཀའ་འདི་ ད་ང་ཚར་གཅིག་ ར་ གཞན་སེང་གེ་རྫོང་ལུ་འབྱོན་ནི་ཨིན་ཟེར་ དེ་འབདཝ་ད་ ང་འགྱོ་མ་ཚུགས་ ཚར་གཅིག་ང་མེད་པའི་ཤུལ་ལུ་ ཁྱོད་ཀྱིས་ཚར་གཅིག་བྱོན་ཟེར་ དཔོན་སློབ་རིན་པོ་ཆེ་གིས་ཁོ་ར་ལུ་བཀའ་གནང་ཞིནམ་ལས་ དེ་ལས་ཁོ་ ད་ཡར་སེང་གེ་རྫོང་ལུ་ གནས་བསྐོར་དང་འབྲེལ་སྦེ་ ཡར་བྱོན་ཞིན་ན་ དེ་ལས་ཡར་བྱོན་ ཡར་སེང་གེ་རྫོང་བྱོན་སྦེ་ དེ་ལས་ལོ་ ཨ་ཡི་ནང་ དུང་ཟུར་ཕུག་ཟེར་མི་ནང་བཞུགས་སྦེ་ ཁོ་རང་གིས་མཚམས་སྔོན་འགྲོ་ ཨ་ཡི་ནང་ ད་རྐྱབ་གནང་ནི་ཟེར་ ཁོ་རང་ཐུགས་ཐག་བཅད་ཞིན་ན་ལས།
    པདྨ་རིག་འཛིན།/Pema Rinzin:
  • དེ་ལས་ཁོ་གིས་ ཨ་ཡི་ན་གནང་། དེ་ཨ་ནཱ་གནང་ཞིན་ན་ལས་ དེ་ལས་ཁོ་ར་གི་ལུང་བསྟན་དང་འཁྲིལ་ གསང་ཡུམ་འདི་ ནཱ་ང་བཅས་བྱང་ བྱང་ལས་ བྱང་དེང་ཀ་གླིང་ཟེར་ས་ལས་ གསང་ཡུམ་ ཏེ་ལུང་བསྟན་དང་འཁྲིལ་བཞེས། དེ་ལས་ ལུང་བསྟན་དང་འཁྲིལ་ཞིན་ན་ ལོ་ལྔ་དྲུག་དེམ་ཅིག་ མཚམས་སྔོན་འགྲོ་གནང་བཞུགས་ཞིན་ན་ལས་ དེ་ལས་ ཁོ་གི་ ད་སྐུ་ལུ་བསྙུངས་གཞི་ཕོག་སྟེ་ ད་ང་འབད་མི་ཚུགས་ནི་མས།
    པདྨ་རིག་འཛིན།/Pema Rinzin:
  • མཚམས་འདི་ ང་མར་བྱོན་དགོ་པས་ཟེར་ དེ་ལས་ ཡར་ལས་མར་བྱོན། ཏེ་ཁོ་རང་སྨན་བཅོས་རིམ་གྲོ་འབད་སྦེ་ ཏེ་སྨན་བཅོས་་རིམ་གྲོ་གིས་དྲག་ཞིནམ་ན་ལས་ དེ་ལས་ང་བཅས་ནང་བྱང་ལུ་ བྱང་དགོན་པ་ལུ་བྱོན། དེ་བྱང་དགོན་པ་ལུ་བྱོན་ཞིནམ་ན་ལས་ དེ་ལས་ཁོ་རང་གིས་ ད་ང་འདི་ དེ་སྦེ་སྡོད་པ་མི་བཏུབ་པས་ ད་ལོ་བཅུ་གཉིས་འདི་ ང་སྐུ་མཚམས་ནང་བཞུགས་ནི་ཟེར་ ཏེ་ཁོ་ར་གིས་ཐུགས་ཐག་བཅད་སྦེ་ དེ་ལས་ང་བཅས་ནཱ་བྱང་ལུ་ ཏེ་བྱང་པ་དམངས་ཀྱིས་ འཚོ་བའི་ཡོ་བྱད་འདི་ཚུ་ ཨ་ཙི་རེ་ཕུལ་ ཏེ་བསོད་སྙོམས་རེ་ཨ་ཙི་རེ་བཏང་སྦེ་ ནཱ་ཏེ་ བྱང་ བྱང་དགོན་པ་ལུ་ ལོ་གསུམ་ ལོ་བཅུ་གཉིས་འདི་སྐུ་མཚམས་གནང་ཞིནམ་ལས་ ནཱ་བཞུགས་ཡི་ཟེར་ཞུ་ནི།
    པདྨ་རིག་འཛིན།/Pema Rinzin:
  • ཡར་ལས་ཞུ་ཞིན་ན་ལས་ ཧེ་མ་ང་ སེང་གེ་རྫོང་ལུ་ ང་ཡང་རྫོང་ལུ་མཚམས་ན་འགྱོ་ཡི་ དེ་བསྒང་ རིན་པོ་ཆེ་གཅིག་ཁར་མཇལ་སྦེ་ ཏེ་རིན་པོ་ཆེ་གི་ཐུགས་ཀྱིས་བརྩེ་བ་གཟིགས་ཏེ་ དེ་ལས་ནཱ་བྱང་ལུ་འོང་རུང་ཡང་ ང་ར་གིས་ཡང་ཨ་ཙི་རེ་ ལོ་བཅུ་གཉིས་སྐུ་མཚམས་གནངམ་ད་ ཁོ་ལོ་བཅུ་གཉིས་སྐུ་མཚམས་གནངམ་ད་ ནང་ན་ག་ཡང་མེད། རིན་པོ་ཆེ་སྐུ་མདུན་ལུ་ བཞུགས་མི་ག་ཡང་མེད་ ང་ར་དང་ ང་དང་རིན་པོ་ཆེ་ཁོ་ར་གི་གསང་ཡུམ་ དེ་ལས་རིན་པོ་གསང་ཡུམ་གྱི་ཨ་མ་ང་བཅས་གསུམ་རྐྱངམ་ཅིག་མ་གཏོགས་ ལོ་བཅུ་གཉིས་ཀྱི་བར་དུ་ ཨ་ནཱི་སྦེ་ཕྱག་ཞུ་སྟེ་སྡོད་ཡི།
    པདྨ་རིག་འཛིན།/Pema Rinzin:
  • ཨ་ནཱི་སྦེ་ཕྱག་ཞུ་སྡོདཔ་ད་ ང་གི་འབག་ནདཔ་རེ་ཨ་ཙི་རེ་འཐོནམ་ད་ ཡར་བྱོན་འདི་ བླ་རིན་པོ་ཆེ་ ད་ཁོ་ནདཔ་ཨ་ནཱི་སྦེ་འཐོན་དེས་ ག་དེ་འབདན་དྲག་ག་ཟེར་གསུངས་(ཞུཝ་ད་) དེ་ལས་ རིན་པོ་ཆེ་གིས་ ད་གཙོ་བོ་ང་བཅས་ར་ མི་འབྱུང་པོ་དང་ནད་གདོན་དྲག་པོ་ཚུ་ལུ་ གསུར་བསྔོ་གིས་མ་གཏོགས་ གསུར་ཨ་ནཱི་ཚུ་མ་གཏོགས་ གཞན་གྱིས་ཕན་པ་མེད་ཟེར་ གསུར་གྱིས་འབད་དགོ་ཟེར་བཀའ་གནང་ཞིན་ན་ལས་ ད་གསུར་འདི་ང་གིས་འདི་བཏང་ཡང་མི་ཤེས་ཟེར་ ག་དེ་སྦེ་འབདན་ན་ཟེར་ཞུཝ་ད་
    པདྨ་རིག་འཛིན།/Pema Rinzin:
  • ད་རིན་པོ་ཆེ་གིས་དེན་ ད་སྐྱབས་རྗེ་རིན་པོ་ཆེ་གི་གསུང་གསུར་བསྔོ་ཡོད་དཔེ་ཆ་ དེ་ང་གིས་ཁྱོད་ར་ལུ་ ལུང་བསྟན་བཟུམ་ཅི་འབད་ ཁྱོད་ར་ལུ་བསྟན་བཟུམ་ཅིག་འབད་ ཁྱོད་ར་ལུ་སྟོན་བྱིན་གེ་ཟེར་བཀའ་གནང་ཞིནམ་ན་ལས་ དེ་ལས་ང་གིས་ལགས་སོ་ཟེར་ཕྱག་ཞུ་ དེ་ལས་རིན་པོ་ཆེ་གིས་ ཨ་ནཱི་སྦེ་གསུངས་ཞིན་ན་ ད་ཁོ་གི་གསུར་འདི་ད་ ཕན་པ་ཆེད་པོ་ཡོད་ཟེར་བཀའ་གནང་། ཏེ་ཁྱོད་ཀྱིས་ཨིན་ཅི་མིན་ཅི་ མི་ཚུ་ལུ་གསུར་འདི་གནང་ཟེར་ བཏང་ཤིག་སྨ་རེད་ཟེར་ བཀའ་གནང་ཞིན་ན་ དེ་ལས་ ལུང་དང་དབང་དང་ཁྲིད་དང་ ཁོ་ར་གིས་གསུངས་ཞིན་ན་ལས་ ཏེ་ང་གིས་འདི་ ད་ལྟོ་ཚུན་ཚོད་འདི་ ཁོ་ར་གིས་གསུངས་མི་འདི་ལུ་ཆ་བཞག་སྟེ་ ང་གིས་དེ་སྦེ་འབདཝ་ཨིན་ཟེར་ཞུ་ནི།
    པདྨ་རིག་འཛིན།/Pema Rinzin:
  • ཏེ་ད་ མི་ནདཔ་ཚབས་ཆེན་འདི་ལུ་ གདོན་བགེགས་འབྱུང་པོའི་གསུར་བསྔོ་ཟེར་ མི་ཕམ་རིན་པོ་ཆེའི་གསུང་ གདོན་བགེགས་འབྱུང་པོའི་གསུར་བསྔོ་ཟེར་ ཕན་པ་ཆེན་པོ་ཨིན་ཟེར་ དེ་ལུ་གསུར་འདི་ག་དེ་འབད་བཏང་དོ་ཟེརན་ ཤ་ཡང་ཤ་ཡང་བཏང་ མར་ཡང་བཏང་ ཕྱེ་ཡང་བཏང་ ཨ་ནཱི་གསུམ་འདི་བསླ་བསྲེས་ཏེ་ ཁྱོད་ཀྱིས་ ཚར་འདི་བཏང་ཚུགས་པ་ཅིན་ ཚར་ཉི་ཤུ་རྩ་གཅིག་བཏང་ཟེར་ ཨ་ནཱི་འབད་མ་ཚུགས་པ་ཅིན་ ཚར་བདུན་ ཨ་ནཱི་མ་ཚུགས་པ་ཅིན་ ལན་གསུམ་འདི་ ཨིན་ཅི་མིན་ཅི་བཏངམ་སྦེ་ ཏེ་མནོ་བསམ་འདི་ རང་གིས་ལེགས་ཤོམ་སྦེ་བཏང་ སེམས་ཅན་ཐམས་ཅད་ལུ་ ཕན་ཐོགས་པར་ཤོག་ཅི་ཟེར་ རང་གི་སེམས་ཀྱིས་འདི་ བསྔོ་ཞིན་ན་ལས་ ཨ་ནཱི་སྦེ་གཏང་ཟེར་བཀའ་གནང་ཞིན་ན་ ཏེ་ད་ལྟོ་ཚུན་ཚོད་ ཨ་ནཱི་གསུར་གཏང་དགོ་པའི་ཁུངས་འདི་ འདི་ཨིན་ལགས།
    པདྨ་རིག་འཛིན།/Pema Rinzin:
  • ཏེ་ད་ ནདཔ་འདི་ཡང་ ཏེ་ཨ་ནཱི་གསུར་བཏང་ཞིན་ན་ལས་དྲག་ཟེར་ ཏེ་ཁོ་འདི་ གདོན་བགེགས་འབྱུང་པོའི་གསུར་འབད་ཞིན་ན་ ཏེ་གདོན་བགེགས་འབྱུང་པོའི་གསུར་ཟེར་མི་འདི་ ད་ཉི་མ་བཏང་པ་ཅིན་ ཨ་ཙི་ཅིག་མ་བཏུབ། ད་ཕྱི་རུ་ནམ་བསྲོ་ཞིན་ན་ལས་ དེ་ལས་ ཏེ་ཨ་ནཱི་འབད་ཨིན་ཅིག་མིན་ཅིག་ རང་གི་ཁྱིམ་ནང་འཐོན་རུང་འདྲ་ རོགས་ཀྱི་ཁྱིམ་ནང་ཨིན་རུང་འདྲ་ ཏེ་ཨ་ནཱི་གསུར་འདི་ ནདཔ་ཟེར་ཞིན་ན་ལས་ ཨིན་ཅིག་མིན་ཅིག་ འདི་གཏང་སྨ་རེད་ཟེར་ ཏེ་བཀའ་གནང་ཞིན་ན་ ད་རེས་གསུར་འདི་ འདི་བཟུམ་ཅིག་བཏང་དགོ་མི་འདི་ཁུངས་འདི་ཨིན།
    པདྨ་རིག་འཛིན།/Pema Rinzin:
  • ཏེ་ནདཔ་འདི་ཚུ་ཡང་ དྲག་ཡང་དྲག་པས་ ང་ར་རྩ་བའི་བླ་མའི་ཐུགས་སྨོན་གྱིས་འབད་ ཏེ་ང་གིས་དེ་སྦེ་འབད་ཞིན་ན་ལས་ ཨ་ཙི་ཅིག་ཁོང་ལུ་ཡང་ཕན་ཐོགས་པས་ཟེར་ཞུ་ནི། ཏེ་ད་ རང་གིས་འདི་མ་ཤེས་ རྩ་བའི་བླ་མ་བསྟེན་ཞིན་ན་ ཁོ་གི་གསུངས་མི་འདི་ཆ་བཞག་སྟེ་ ད་གསུར་བཏང་པའི་སྐབས་སུ་ རང་གི་དྲིན་ཅན་རྩ་བའི་བླམ་ དྲིན་ཅན་རྩ་བའི་བླ་མ་ལས་གཙོ་བོར་བྱས་པའི་ ཡེ་གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་པོ་ཚུན་ཚོད་ཀྱི་བར་དུ་ རང་གིས་སྨོན་ལམ་བཏབ་ཏེ་ གསོལ་བ་བཏབ་སྦེ་འབད་ཞིན་ན་ལས་ ཏེ་ད་ལྟོ་འཕྲལ་མྱུར་དུ་མ་ཕན་རུང་ ད་ཁོ་ལུ་ཕན་པ་འདི་འོང་ཟེར་མནོ་བསམ་བཏང་སྟེ་ ང་གིས་འདི་ འབད་དགོ་མི་འདི་ གསུར་བཏང་དགོ་མི་འདི་ འདི་ཨིན་ཟེར་ཞུ་ནི། བཀྲིན་ཆེ།། །།
    པདྨ་རིག་འཛིན།/Pema Rinzin: