05 Jan 2016
2 min 33 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "Reluctancy." This song is part of a collection of folk songs from the Rebgong cultural area.
འདི་ནི་གནས་འགྲོ་བུ་མོར་རང་གི་དྲིན་ཕ་མའི་བཀའ་དྲིན་བརྗེད་མི་རུང་བར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟག་ཤ་ར་ཇག་ལ་འགྲོ་མཁན་ཚོས་རང་གི་ཕ་ཡུལ་བརྗེད་མི་རུང་བ་དང་མ་བུ་མོ་གནས་ལ་འགྲོ་མཁན་ཚོས་རང་གི་ཕ་མ་བརྗེད་མི་རུང་བར་བརྗོད་པའི་གླུ་ཞིག་ཡིན།
- ༼ ཡེ་་་་་ཡ་རེ་ངས་ཡ་རེ་ལེན༽
- སྟག་ཤ་ར་ཇག་ལ་འགྲོ་ནི་ཚོ།།
- ཁ་ཕྱིར་ལ་འཁོར་ནས་མཁར་ལ་བལྟས།།
- མཁར་སྐྱ་མོ་འགྲོ་རོགས་མི་ཉན་རུང་།།
- གཞུ་འཁྱོག་རུ་རང་གི་འགྲོ་རོགས་རེད།།
- གླུ་བར་མོ་ཁྲོམ་པས་གནང་བ་ཞིག །
- མ་བུ་མོ་གནས་ལ་འགྲོ་ནི་ཚོ།།
- ཁ་ཕྱིར་ལ་འཁོར་ནས་ཡུལ་ལ་ལྟོས།།
- ཡུལ་ཕ་མ་འགྲོ་རོགས་མི་ཉན་རུང་།།
- དུང་གོར་མོ་རང་གི་འགྲོ་རོགས་རེད།།
- གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན།།