Skip to main content Skip to search
08 Sep 2014
14 min 17 sec
Rating
0
No votes yet
Video Overview
Creators: 
Yeshey Wangchuk, Bradley Aaron, Namgay Lhendup Wangchuk

༉  མདའ་ཟུར་གཡུས་ཚན་འདི་ བུམ་ཐང་རྫོང་ཁག་ སྟངས་རྒེད་འོག་ནང་འཁོད་ཀྱི་སྤྱི་འོག་ཅིག་ཨིན། ས་གནས་བུམ་ཐང་འདི་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་བརླབས་གནང་པའི་གནས་རྩ་ཅན་གྱི་ས་གནས་ཅིག་ཨིན། དེ་དང་འདྲཝ་སྦེ་ བུམ་ཐང་ཆ་འོག་ མདའ་ཟུར་གཡུས་ཚན་ནང་གི་མི་ རྒས་ཤོས་ཅིག་ཨིན་མི་རྡོ་རྗེ་ཚེ་དབང་གིས་ ཧེ་མ་ལས་ཡོད་པའི་དུས་མཆོད་འབུམ་སྡེ་ ག་ཅི་དང་ག་ཅི་ར་ཡོདཔ་ཨིན་ནའི་སྐོར་ལས་བཤད་མི་ནང་ གཡུས་གཞན་ཁ་ལས་ཕར་ཡོད་དོ་བཟུམ་ཅིག་མེད་རུང་ ཧེ་མ་འབད་བ་ཅིན་ སྨྱུང་གནས་བསྲུང་ནི། གཡག་ལྷ་གསོལ་ནི་གི་སྲོལ་ཚུ་ཡོདཔ་ད་ ད་རེས་ནངས་པར་འབད་ཅིན་ ལོ་བསྟར་བཞིན་དུ་སྨྱུང་གནས་བསྲུང་ནི་ཅིག་ཡོདཔ་ཨིན་རུང་ གཡག་ལྷ་གསོལ་ནི་དེ་ ཉམས་སོང་སྟེ་ཡོདཔ་ཨིན་མས།

Show More

  • རྡོ་རྗེ་ཚེ་དབང་
    དམག་སྟོད་དཔལ་འབྱོར་འོང་སྟེ་ ཏེ་ ཁོ་གིས་ དཔལ་འབྱོར་ལུ་ སླབ་སྟེ་ དེ་ལས་ ཁོ་ལོག་སྟེ་ ནཱ་བྱོན་ཡི་ལགས། ཚབ་མ་ ནཱ་མེ་མེ་བརྩི་ཐར་ལ་གི་ནུ་གཅུང་། ཨ་ནཱི་ག་ཅི་སྨོ?
  • རྡོ་རྗེ་ཚེ་དབང་
    མེ་མེ་བརྩི་ཐར་ལ་གི་ནུ་གཅུང་ ད་རུང་ ཨའི་ཆོས་རྒྱལ་གྱི་རྨགཔ་འབད་སྡོད་ཡི་སྦ་ཚར་གཅིག ད་ འ་ནཱི་གི་ མིང་དཔྱད་རིག་མ་འོང་ འ་ནཱི་ཚབ་མ་སྦེ་ བཞག་སྟེ་ ཁོ་ར་ཚུར་ལོག་ལོགཔ་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཚེ་དབང་ཕུན་ཚོགས་
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འེང་ལགས་སོ་ སྤུ་ན་ཁ་རྫོང་བཞེངསམ་ད་ཨིན་པས་སྨོ་འདི?
  • རྡོ་རྗེ་ཚེ་དབང་
    སྤུ་ན་ཁ་རྫོང་བཞེངསམ་ད་འདི་ ང་གིས་ མ་ལྷོད་ལགས། བསྟན་སྐྱོང་གླིང་དམག་ཁང་ ཏེ་ ང་བཅས་ར་ ཨ་རྒས་མར་ རྒྱ་གར་ལས་ ཨ་ནཱི་ ཨ་རྒས་དཔོན་ཆེན་ལ་ ལོག་བྱོན་ཏེ་ སྤ་རོ་ལུ་ ཚོགས་འཛོམས་རྐྱབ་སྟེ་ དེ་ལས་
  • རྡོ་རྗེ་ཚེ་དབང་
    གཞན་ང་བཅས་དྲན་འདྲ་ འུ་ལག་ཕྱེ་ཐག་ཐག་ཕོག་ནི་ཨིན།
  • རྡོ་རྗེ་ཚེ་དབང་
    མེན་ལགས་མར་ དབང་འདུས་ཕོ་བྲང་དམག་ཁང་ འགོ་དང་པ་རྐྱབ་ད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཨེང་
  • རྡོ་རྗེ་ཚེ་དབང་
    དམག་ཁང་ ནཱ་བསྟན་སྐྱོང་གླིང་གི་ དམག་ཁང་རྐྱབ་ནི་ ལམ་ཚད་རྐྱབ་ནི་ ག་ར་དེ་བསྒང་ རྒྱལ་པོ་ཞིང་ཕེབས་དང་ ཨ་རྒས་དཔོན་ཆེན་ལ་བུ་ ཕར་སྤ་རོ་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ ང་བཅས་ཚུ་ སྤྱི་མི་འབད་ལྷོད་ཅི་ལགས།
  • རྡོ་རྗེ་ཚེ་དབང་
    དེ་བསྒང་ སྤ་རོ་ལུ་ ཡོད་རུང་མེད་རུང་ མར་གི་ཐང་འདི་ནང་ ཁྱིམ་ཟེརཝ་ ག་ནི་ཡང་མིན་འདུག་ ཐང་རྐྱངམ་ཅིག་སྟོང་སྦེ་འདུག ཨ་ཕཱི་ཟམ་དེ་ རོགས་ཧཱ་དྲུང་པ་གིས་ སྦ་གི་ སྦ་སྒོར་ཅིག་ ནཱེ་སྦེ་བཟོ་སྟེ་ ཚོང་ཁང་འདི་ནང་ ཆུམ་ཅིག་དང་ མར་ཅིག་ དེ་ལས་ གོས་ཆེན་བཀབ་ཏེ་འདུག་ གཞན་ག་ནི་ཡང་མེད།
  • རྡོ་རྗེ་ཚེ་དབང་
    ཉ་མེད་ཟམ་པ་ལས་རྫོང་ཚུན་ རྫོང་ལས་མར་སྦེ་ དེ་ལས་ ཞག་ཕར་བྱོན་ནི་ཟེར་ མར་ཆུའི་ མཐའམ་བདའ་སྟེ་ རོགས་ཀྱིས་ཏེ་ ཟངས་སྦོམ་ལུང་གི་ནང་ན་ མཁརཝ་འདི་ དཔྱང་ཡི་དཔྱང་ཡི་ ཆུ་མར་དབོགས་ཏེ་
  • རྡོ་རྗེ་ཚེ་དབང་
    ག་ནི་ཡང་མེད་ ཕར་དཔོན་ཆེན་ལ་ བྱོན་ནི་ཨིན་ཟེར་ ང་བཅས་འདི་ཚུ་ ཕར་ལས་མར་ གཟབ་སྤྲོས་རྡིག་སྟེ་འགྱོ་ ཕར་ལྷོདཔ་དནི་ ལཱ་འབད་བར་ཨིན་པས་ཏེ་ ཕར་ཟུར་ལས་མར་སྦེ་ ཆུ་རྡོ་སྒྲིགས་ དར་ཤིང་འཕྱར་
  • རྡོ་རྗེ་ཚེ་དབང་
    ཇ་ཅིག་དང་ འཛརཝ་ ཕུད་ཏ་གང་གང་རེ་བྱིན་མས། འ་ནཱི་བཟའ་སྟེ་ ལཱ་འབད་ དེ་ལས་ འཛོམས་འདུ་ལུ་ ལོག་སྟེ་ ཐིམ་ཕུག་འབག་འོང་ཡི་ དེ་ལས་ ཤུལ་ལས་ལོ་ ༢ ཀྱི་ རྒྱབ་ལས་རྐྱངམ་ཅིག་ སྤ་རོ་ལུ་འཛོམས་ཅི།
  • རྡོ་རྗེ་ཚེ་དབང་
    གནམ་མེད་ས་མེད་་ ང་བཅས་འདི་ བྱ་རོགས་མེད་པར་ ང་བཅས་ར་འབད་དགོ འུ་ལཱ་ཡང་ རོགས་སྔ་ལོངཔ་འདི་ཚུ་ བྱ་རོགས་འཁྱིད་འགྱོ་སྟེ་ ཕར་སྤ་རོ་པའི་ ཁྱིམ་ནང་ ཤོ་ཡང་རྐྱབ་ ཆང་ཡང་འཐུང་འབད་དེ་ཨིན་པས།
  • རྡོ་རྗེ་ཚེ་དབང་
    ང་བཅས་ག་ནི་ཡང་མེད་པ་ རོགས་སྤྲོ་བ་སྟོན་ཏེ་ སིང་ཆང་ག་དྲགས་གང་གང་ལུ་ ཐ་ལ་རེ་རེ་རྐྱངམ་ཅིག་ར་ཨིན་པས་ཏེ་ཨིན་རྒྱུ་ ཁྲུ་ཕྱེ་བྲེ་གང་ལུ་ཡང་ ཐ་ལ་རེ་ཨིན་པས། འ་ནཱི་ ཉོ་སྦེ་ མཛར་ཅུམ་རེ་བཟའ་འབད་དེ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ནཱ་མདའ་ཟུར་ལུ་ གུང་པ་ག་དེ་སྦེ་ཡོད་གོ? དེ་ལས་ ནཱ་གུང་པ་འདི་ཚུ་ ལས་ཚན་འབད་ཡོད་གམ་ ཁྲལ་འུ་ལཱ་ ག་དེ་སྦེ་ཕོགཔ་སྨོ་ཏེ་ དང་ཕུ་ཏེ་ ཚེས་བཅུ་ དུས་མཆོད་བཟུང་ནི་ ག་དེ་སྦེ་ཡོདཔ་སྨོ?
  • རྡོ་རྗེ་ཚེ་དབང་
    ཕྱི་རུ་དང་ དྲོ་པ་ ཡར་རྫོང་ལས་ བཞེས་སྒོ་ཡོད། ལྟོ་མི་རྡོག་རེ་རེ་དང་ རུ་ཏོ་ ར་ཀ་རོག་ཀ་གི་ཚོདམ་རེ་ ཉིན་མ་རྐྱངམ་ཅིག་ ཇ་ཅིག་ཨིན་པས།
  • རྡོ་རྗེ་ཚེ་དབང་
    མདའ་ཟུར་ལུ་ ཚེས་བཅུ་དུས་མཆོད་ཟེར་ ག་ནཱི་ཡང་མེད་ ང་བཅས་མདའ་ཟུར་དང་ རེམ་ཇཱན་དང་ ཡར་སྤྲ་ལང་འབདཝ་ད་ ཕར་རེམ་ཇཱན་ལྷ་ཁང་ནང་ན་ཏེ་ སྤྲའི་མཆོད་ཀྱི་ཚེས་བཅུ་ཡོད་ལགས།
  • རྡོ་རྗེ་ཚེ་དབང་
    དེ་བསྒང་ཏེ་ ཡར་སྤྲ་ལང་པ་ཚུ་གིས་ དྲོ་པ་ཆང་བསྐོལ་ མདའ་ཟུར་པ་གིས་ ཉིན་མའི་ཇ་ མར་བྱེམ་ཤོང་པ་གིས་ དྲོ་པའི་ བཞེས་ཐུག་འབག་འོང་སྟེ་ དེ་ལས་ ཆང་བསྐོལ་ཏེ་ འདི་འབད་ནི་ཅིག་ཡོད། གཞན་ཚེས་བཅུ་དེ་སྦེ་ ག་ནི་ཡང་མེད་ལགས།
  • རྡོ་རྗེ་ཚེ་དབང་
    ང་བཅས་མདའ་ཟུར་ལུ་ དང་ཕུ་འདི་ ང་ནཱ་ལྷོདཔ་ད་ ཁྲལ་པའང་ ཁོང་ གུང་པ་ འ་་་གསུམ་རང་ཨིན་ལགས། གུང་པ་གསུམ་དང་ ང་བཅས་རྒཔོ་འབདཝ་ད་ གུང་པ་བཞི་ཏེ་ ད་འདི་ ང་བཅས་ མདའ་ཟུར་ལུ་རང་ ད་ལྟོ་ ང་བཅས་ ༦ ཡོད། དེ་ལས་ ༢ མར་ མི་ཚེ་ལུ་སོང་ཡི།
  • རྡོ་རྗེ་ཚེ་དབང་
    བདུན་བརྒྱད་ དེ་ལས་ གསརཔ་འདི་ཚུ་འབདཝ་ད་འདི་ བཅུ་གཉིས་བཅུ་གསུམ་ཡང་ཡོད་ལགས། འུ་ལཱ་གི་ལཱ་ དང་ཕུ་འདི་ སྟང་ལུང་པའི་ ཤོ་མཇུག་ཅོགས་རང་འཐད་ ང་བཅས་ར་ གཅིག་གཅིག་གིས་འབད་བ་ཅིན་ མདའ་ཟུར་དང་ རེམ་ཇཱན་མི་གཅིག་འབདཝ་ད་ ང་བཅས་ ལས་ཚན་གཅིག་གི་ནང་ གུང་པ་ ༡༣ དེ་ཅིག་ཡོད་ལགས།
  • རྡོ་རྗེ་ཚེ་དབང་
    ཧེ་མ་ རེམ་ཇཱན་པ་འདི་ཚུ་ ཨོ་རྒྱན་ཆོས་གླིང་གི་ ཁྱིམ་ནང་ གྲྭཔ་ཨིན་ལགས། དེ་ལས་ཤུལ་ལས་ གྲྭཔ་མེདཔ་བཟོཝ་ད་ ང་བཅས་ཀྱི་ གྲལ་ཁར་ ང་བཅས་ གུང་པ་ ༡༣ དེ་ཅིག་ཡོད།
  • རྡོ་རྗེ་ཚེ་དབང་
    དེ་ལས་ གཞན་ཚེས་བཅུ་ལོ་ རབ་གནས་ལོ་ ཏེ་ ཕ་མའི་སྐབས་ལུ་ ཨ་ཙི་རེ་ དྲགས་སུ་ཅིག་འབདཝ་ད་ ཏེ་ ངེའི་ ཨ་རྒས་ཁམས་པ་ལྕགས་རི་འབད་མི་ སྒྲོམ་ཆུང་གཉེར་པ་འབད་འབདཝ་ད་ ཕར་དང་ཚུར་ལས་ ཆུམ་ཡང་བཏོན་ སྨྱུང་གནས་ལོ་ ༥ དང་ ༦ དེ་ཅིག་བཟུང་ཡི་ལགས།
  • རྡོ་རྗེ་ཚེ་དབང་
    འུ་ལཱ་འདི་ ནཱ་ལུ་ ནང་འཁོད་ཀྱི་འོང་པ་ཅིན་ རང་རང་ས་བགོ་བཤའ་ ང་བཅས་ འ་ནཱེམ་ཅིག་ གཅིག་ཁར་ རྐྱབ་ནི་ཨིན་ལགས།
  • རྡོ་རྗེ་ཚེ་དབང་
    དེ་ལས་ རྟིང་ལས་ང་རྒཔོ་འབདཝ་ད་ ང་བཅས་ ཆ་རོགས་བསྡོམས་ཏེ་ མི་ ༦ དེ་ཅིག་འབད་ཏེ་ ཞིང་སྒྲུབ་ལོ་ ༣ དེ་ཅིག་འབད་ཡི་ལགས།
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཕར་ཨུ་ར་ལས་ དཀོན་གཉེར་འབད་མི་གིས་ ཁོ་གིས་ མི་ཚེ་གི་ ཚོང་པ་ཅིག་ལུ་ མ་རྩ་སྤྲོད་དེ་ ཞིང་སྒྲུབ་ཚར་རེ་རེ་འབདཝ་ལས་ལགས།
  • རྡོ་རྗེ་ཚེ་དབང་
    དེ་ལས་ རྟིང་ལས ་རོགས་བྱེམ་ཤོང་གི་ བློན་པོའི་ཁྱིམ་ནང་ལས་ ལོ་བསྟར ་ཞིང་སྒྲུབ་ཚར་རེ་རེ་ དེ་ལས་ ཟླཝ་དགུ་པའི་ ལྷ་འབབ་དུས་ཆེན་ལུ་ འདི་ནང་ སྟོང་ཆོག་ཚར་རེ་རེ་ཡོད།
  • རྡོ་རྗེ་ཚེ་དབང་
    ད་དུས་ཅི་ ཡོད་ག་མེད་ག་ མ་ཤེས་ལགས། གཞན་འདི་ ཁོ་གིས་ མ་རྩ་ཚེ་ལུ་ ཚོང་པ་ལུ་ ཏི་རུ་འབུམ་ཅིག་ སྤྲོད་སྤྲོདཔ་གི་ཨིན་ཟེརཝ་མས་ འ་ནཱི་གིས་འབད་ ལོ་བསྟར་བཞིན་དུ་ ཞིང་སྒྲུབ་ཚར་རེ་དེ་ར་ཡོད།
  • རྡོ་རྗེ་ཚེ་དབང་
    གཞན་ང་བཅས་སྟང་ ང་བཅས་ནཱ་ལུ་འདི་ ག་ནཱི་ཡང་མེད་ལགས། ང་བཅས་ ཟླ་རིམ་ཅན་གྱི་ འུ་ལཱ་ཕོག་དགོ ཁྱིམ་ཐོག་བཀབ་རུང་ ག་ཅི་འབད་རུང་
  • རྡོ་རྗེ་ཚེ་དབང་
    ང་བཅས་ལས་ཚན་ ༤ ཕོག་ ཡར་ན་རུད་ལས་ཚན་ སྐྱིད་འཛོམས་ལས་ཚན་ ཉི་མ་ལུང་ལས་ཚན་ ང་བཅས་ མདའ་ཟུར་ལས་ཚན་ གུང་པ་ ༤ ཕོག་ཕར་ལུ་
  • རྡོ་རྗེ་ཚེ་དབང་
    ག་ཅི་རང་འབད་རུང་ ཁྱིམ་ཐོག་བཀབ་རུང་ ས་སྦྱོར་རུང་ དེ་ལས་ཕར་ དཀོན་གཉེར་ཡང་ མི་གཅིག་ལས་ ཐོན་ཏེ་ཨིན་ལགས། འཚོལ་ཡི་འཚོལ་ཡི་ སྒོམ་ཆེན་དང་ མི་གནགཔ་འདི་ཚུ་
  • རྡོ་རྗེ་ཚེ་དབང་
    ག་ཁོམས་ཁོམས་ཐོབ་ཐངས་རིམ་པ་ཡང་ ག་ནི་ཡང་མེད། འདི་ཅིག་ཡོད་ལགས། མཆོད་ཞིང་ཅིག དེ་ལས་ ད་ཤུལ་ཆོས་ཞིང་ཡང་ གྲྭ་ཚང་ལུ་ ཕུལ་
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དེ་ལས་ མེ་མེ་གིས་ མར་མཐའ་ས་ལུ་ ནོར་དང་ གཅིག་ཁར་བཞུགས་ཟེར་ གསུངས་མས། ནཱ་ མདའ་ཟུར་དང་ སྟང་གི་ མི་འདི་ཚུ་གིས་ ནོར་ག་སྟེ་བཙུགསཔ་སྨོ་ རྩྭ་འབྲོག་ག་ཏེ་ཡོདཔ་སྨོ་ ལུགས་སྲོལ་ག་དེ་སྦེ་ཡོདཔ་སྨོ་ལགས།
  • རྡོ་རྗེ་ཚེ་དབང་
    མཆོད་མེ་ནོར་ཡང་ ཁོང་ར་ལུ་ ཕུལ་འབད་དེ་ ད་གཞུང་གིས་ དངུལ་ཕོགས་གནང་སྟེ་ དཀོན་གཉེར་ ཀྲོང་གསར་ལས་གནང་སྟེ་ རྒྱུགཔ་མས་ལགས།
  • རྡོ་རྗེ་ཚེ་དབང་
    སྟང་དང་ ང་བཅས་ མར་མཐའ་ས་ལུ་ ཨོ་རྒྱན་ཆོས་གླིང་གི་ རྩྭ་འབྲོག་ཡང་ མར་ཨུང་སྒར་ལུང་པ་ལུ་ཡོད། དེ་ལས་ ཡར་བིན་ཇ་སྦིས་ དེ་ལས་
  • རྡོ་རྗེ་ཚེ་དབང་
    མདའ་ཟུར་རྒཔོ་ དེ་ལས་མར་ ཨ་་་་བིན་ཇ་སྦིས་ ཨོ་རྒྱན་ཆོས་གླིང་ དེ་ལས་ ང་བཅས་ མདའ་ཟུར་རྒཔོ་ཚུ་གི་ རྩྭ་འབྲོག་འདི་ རང་རང་སོའི་ ཁྲམ་མའི་ནང་རང་ཡོད་ལགས་མར་ལས་མར་
  • རྡོ་རྗེ་ཚེ་དབང་
    དང་ཕུ་འདི་ དེ་ལས་མར་ ཟླཝ་ ༨ པ་ དགུ་པ་ལས་ མར་ལུ་བཙུགས་འོང་། བཞི་པ་ མ་གཏོགས་ ཡར་མི་བཏོན་ལགས། རྩྭ་འབྲོག་ རང་རང་སོའི་ ཁྲམ་ཡོད་ལགས།
  • རྡོ་རྗེ་ཚེ་དབང་
    ད་འདི་ཚུ་ ག་ཅི་ཟེརཝ་ཡང་མེད། ད་དེམ་ཅིག་ཨིན་པས། ད་ང་བཅས་ཀྱི་ ནོར་འདི་ཚུ་ མ་བཙུགས་པར་ ད་ལོ ་བཅོ་ལྔ་བཅུ་དྲུག་ཡང་སོང་ཡི།
  • འ་ནཱི་ཏེ་ རོགས་ཀྱིས་བསྡུ་སྟེ་ ཕར་སྐྱེལ་བར་འབག་སྟེ་ ཤུལ་ལས་འདི་ ང་བཅས་ར་གིས་རང་ སྐྱེལ་བར་འབག་ཡི། དེ་བསྒང་ ཁྲལ་འདི་ ཞན་དྲགས་ཨིན་པས་ལགས།
  • རྡོ་རྗེ་ཚེ་དབང་
    རང་རང་སོ་སོའི་ རྩྭ་འབྲོག་ ཁྲམ་ ཏེ་ གཞུང་ལས་གནང་བ་ཡོད་པའི་ དེ་ལས་ ཁྲམ་བཞག་ས་ ཀུར་སྟོད་ལྷུན་རྩེ་ལུ་ཨིན་པས་ལགས།
  • རྡོ་རྗེ་ཚེ་དབང་
    དེ་ལས་མར་ ད་རུང་ ཀུར་སྟོདཔ་འདི་ཚུ་གིས་ ས་ང་བཅས་རའི་འབད་བ་ཅིན་ ད་རུང་ ང་བཅས་ ལྷུན་རྩེ་རྫོང་ནང་ ཁྲབ་ཨ་ཙི་རེ་ བསྐྱལ་དགོཔ་ཅིག་ཡང་འདུག
  • རྡོ་རྗེ་ཚེ་དབང་
    ཏེ་ འ་ནཱི་གི་སྐོར་ལས་ མ་སྒྲིགས་པར་ ཕར་སླབ་གཞི་ཡང་ ལོ་གཉིས་རྐྱབ་ཅི། དེ་ལས་ ནོར་ཡང་ རམ་སོང་ཡི། ལ་ལུ་བཙོང་ ལ་ལུ་རམ་སོང་ཡི།
  • རྡོ་རྗེ་ཚེ་དབང་
    ད་ནོར་མེད་ ང་བཅས་ལུ་ ནོར་རག་རོག་དག་པ་ཅིན་ཡོད། ད་ལྟོ་ཕར་ ཇི་ངེ་ཁ་ཐུག་ལུ་ ཨ་ནཱི་ སའི་རྒྱབ་ཁར་ལུ་ ང་བསས་ལུ་འདི་ ཀྲིག་ཀྲི་ཨིན་ ང་བཅས་ལུ་དེ། གཡུང་རྡོག་རག་ཀ་རོག་ཀ་རེ་བྱིན་ཏེ་ ང་གིས་ ནོར་རྫིཔ་འབད་དེ་ ནོར་ག་ར་ལེནམ་ད་ ནོར་ཡོདཔ་བ་མ་མས་ གཉིས་རྐྱངམ་ཅིག་ཡོད།
  • རྡོ་རྗེ་ཚེ་དབང་
    ཤུལ་ལས་ ང་གིས་ ནོར་འཚོ་ཡི་འཚོ་ཡི་ ཕར་བསྒྲུབས་ཚུར་བསྒྲུབསའབད་དེ་ བ་བཅོ་ལྔ་བཅུ་དྲུག་དེ་ཅིག་འདི་འཕེལ་ཡི། དེ་ལས་ ང་གིས་ ནོར་རྫིཔ་ལས་ཐོནམ་ད་ ནོར་བཅུ་གསུམ་རྐྱངམ་ཅིག་ ལུས་ཡི། དེ་ལས་
  • རྡོ་རྗེ་ཚེ་དབང་
    འདི་ ལོའི་ན་རང་ མགུ་གླང་ཟེར་ས་ བཞག་པའི་ཟེར་ བཞག་པའི་ཟེར་ ག་ར་ཤི་ཚར་ཡི་ལགས། ད་ནོར་ཡང་ རག་རོག་ཙང་ཙ་འབད་ཅིག་ཡོད་དོ་མས། བ་འདི་མེདཔ་ཨིན་པས་ལགས།
  • རྡོ་རྗེ་ཚེ་དབང་
    ང་གིས་འདི་ ནོར་བཞག་སར་ མ་ལྷོད་པར་ལོ་བཅོ་ལྔ་བཅུ་དྲུག་དེ་ཅིག་སོང་ཡི།
  • རྡོ་རྗེ་ཚེ་དབང་
    ཡོད་ལགས། གཡག་ལྷ་འདི་ ད་ ཟླཝ་བདུན་པའི་ ཚེས་ ༡༥ ལུ་ ཡར་ཏ་ཁུང་པ་ལུ་ཡང་ཡོད། ཡར་ཆུ་སྟོད་པ་ལུ་ཡང་ཡོད། ཁང་རབས་ལུ་ཡོད། བིན་ཇ་སྦིས་ ང་བཅས་ ནཱ་མདའ་དང་ དེ་ལས་ ཉི་མ་ལུང་དང་ ཞིབ་ཞིབ་ཕུག་ལུ་ཡང་ཡོད།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཁྱོད་ ནཱ་སྟང་པ་འདི་ཚུ་གིས་ཡང་ དང་ཕུ་གཡག་ལྷ་ཟེར་ བཟའ་ནི་ཡོད་ག་ལགས།
  • རྡོ་རྗེ་ཚེ་དབང་
    ད་ལས་ ཡར་ང་བཅས་ ནཱ་རུད་པ་འདི་ཚུ་དང་ ཨ་ཕར་ ནམ་གང་ཕུག་ཟེར་ བྱིང་ཉེར་གདོང་ཁར་ཡར་ གཡག་ལྷ་ཟེར་ཡོད། ཟླ་བ་བཞི་པའི་ཚེས་ ༡༥ ལུ་ བསངས་ཟེར་ ནཱ་བསངས་འབད་བའི་ཤུལ་ལུ་ ཡར་ལྟག་འབག་དགོ་ལགས།
  • རྡོ་རྗེ་ཚེ་དབང་
    དེ་ལས་ བདུན་པའི་ ཚེས་ ༡༥ ལས་ གཡག་ལྷ་འབད་དགོ་ལགས། དེ་ལས་ གཡག་ལྷའི་ ཕ་ཇོ་ཁོ་ར་ཏེ་ རོགས་ ཡར་གྱི་ཚུ་གིས་ སོར་ཡི་སོར་ཡི་འོང་དོ་འོང་ ང་བཅས་ཀྱིས ་སོར་ནི་མེད།
  • རྡོ་རྗེ་ཚེ་དབང་
    ཕ་ཇོ་ ནཱ་ཞིབ་ཞིབ་ཕུག་གི་ མར་ བྱེམ་ལྗོངས་ལས་ ཁོ་ར་ རྟག་བུ་རང་ ཕ་ཇོ་བུ་གིས་ རྒྱུག་ཡོད་པའི་ ཕ་ཇོ་ཡོད། ནོར་ཡོདཔ་ད་ ཁོ་རང་ སྐྱེས་ཡར་གསར་མེད་ལས་ཨིན་པས། ཨམ་སྲུ་ ཁྱོད་ཕར ་ཨུ་ར་ལས་ཨིན་པས།
  • རྡོ་རྗེ་ཚེ་དབང་
    པགས་པ་བཀྲིས་ཟེར་ཡོད། གཟུགས་རིངམོ་སྦེ་ ཁོ་ར་ འབོ་ཡང་མི་དགོ ཁོ་ར་མ་འོང་པ་ཅིན་ ཁོ་ར་ལུ་ ན་ཚ་བྱུང་དོ་ཡོདཔ་ཨིན་པས། བསངས་ལུ་ ཁོ་ར་ ཀྲིག་ཀྲི་འོང་དགོ་ལགས། གཡག་ལྷ་ནང་ཡང་ ཆོ་ག་བཏང་པར་ ཁོ་ར་ཀྲིག་ཀྲི་འོང་དགོ་ལགས།
  • རྡོ་རྗེ་ཚེ་དབང་
    ཏེ་འདི་ ང་བཅས་ཞུ་རང་ མི་དགོ དེ་ལས་འདི་ ང་བཅས་སྟང་པ་གི་ ཨོ་རྒྱན་ཆོས་མན་ཆད་ ཕོ་ལྷ་ག་ར་ འདི་གིས་ གསོལ་འོང་། གསོལ་དགོ་ལགས་དྲོ་པ།
  • རྡོ་རྗེ་ཚེ་དབང་
    ཟླཝ་དང་པའི་ཚེས་ ༡ ལས་འགོ་བཙུགས་ཏེ་ ཕོ་ལྷ་ག་ར་ ཁོ་གིས་ གསོལ་འོང་ལགས། དྲོཔ་རན་ཆད་ འཕྲལ་འཕྲལ་ ཕོ་ལྷ་གསུམ་གསུམ་རེ་གསོལཝ་མས། འཕྲལ་འཕྲལ་ གཉིས་གཉིས་རེ་རེ་འདི་ཏེ་ ཨ་ནཱི་གསར་མེད། ཨོ་རྒྱན་ཆོས་གླིང་། དེ་ལས་ ང་བཅས་ན་རུད་ འདི་ཚུ་ག་ར་ ཁོ་གིས་གསོལ་དགོ
  • རྡོ་རྗེ་ཚེ་དབང་
    ཕ་ཇོ་གཞན་འཚོལ་ནི་མེད་སྦ་ ཁོ་གིས་ མི་འོང་ཟེར་ནི་ཡང་མེད། དེ་ལས་ འབྲུ་སྣ་ལེན་ཡི་ལེན་ཡི། ཏེ་ ཨམ་སྲུ་ཕར་ ཨུ་ར་གི་ ཨའི་གཡུ་སྒྲོན་ཟེརཝ་མས་ ཏེ་ ཁྱིམ་ནང་ལས་ མོ་རའི་ བུམོ་མེན་དོ་མས། བུ་ཡར་ཅིག་ཨིན་དོ་མས། མིང་བསོད་ནམས་བཟང་མོ་ཟེར་མི་ཅིག་ རྡོ་རྗེམོ་ཟེར་མི་ཅིག་ བུཚུ་ཀུན་བཟང་རྡོ་རྗེ་ཟེར་མི་ཅིག་ཡོད། འ་ནཱི་ཚུ་གིས་ ཁུར་ཆ་ལེན་པར་འོང་མས།
  • རྡོ་རྗེ་ཚེ་དབང་
    ཁོ་ར་ བྱཱར་རིང་ ཡར་ངེའི་ ཁྱིམ་ནང་སྡོད་ཅི། པགས་པ་བཀྲིས་ཟེར་ རིངམོ་ཅིག་ཡོད་ཏེ་ བྱཱར་རིང་ ཡར་ངེའི་ ཁྱིམ་ནང་ ཞིང་རྨོ་མི་མེད་པར་ ངེའི་ ཨ་ཞང་རྐྱངམ་ཅིག་ཡོད་ཏེ་ ཁོ་གིས་རྨོཝ་མས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གཡག་ལྷའི་སྐབས་ ག་ཅི་རང་འབད་དགོཔ་སྨོ་མེ་མེ? ཞག་ག་དེམ་ཅིག་བཟུང་ག་ཏེ་
  • རྡོ་རྗེ་ཚེ་དབང་
    ཞག་ཁྱོད་ ཨུ་ར་པ་ཚུ་ བཟུམ་སྦེ་མེད་ལགས། ང་བཅས་ཀྱི་ བསངས་ལུནི་ དྲོ་པ་ཧ་སག་ ཕོད་འབག་མི་ སྐོར་རྒྱབ་འབད་འོང་ལགས།
  • རྡོ་རྗེ་ཚེ་དབང་
    ང་བཅས་ར་ ནོར་གྱི་བདག་པོ་འདི་ཚུ་ འདི་གིས་ ནམ་མ་ལངསམ་ལས་ ཏེ་ ཕོད་ཀྱི་ རིགས་སུ་ག་ར་ ནམ་མ་ལངསམ་ལས་ མི་དང་ མ་ཕྱེདཔ་ལས་ ཕར་ནོར་གྱི་བྱང་ས་ འབག་དགོ དེ་ལས་ དེའི་དྲོ་པ་རང་ སྟེང་དོ་བཏགས། པཱམ་ཟན་འདི་ཚུ་དཔྱང་ དེ་ལས་ ཕོ་ལྷ་ཅིག་གསོལ། ནོར་འདི་ཚུ་ལུ་ པཱམ་ཟན་དཔྱང་ དརཝ་བླུགས་ ཨོམ་བླུགས་འབད་ འདི་ཉིནམ་གཅིག་རང་ཨིན།
  • རྡོ་རྗེ་ཚེ་དབང་
    དེ་ལས་ གཡག་ལྷ་གི་སྐབས་ ཡར་རི་ཁར ་ཏེ་ ཞག་གཅིག་ཉལ་དགོ ད་ནངས་པ་ཨིན་ཟེར་བ་ཅིན་ ད་ད་རེས་ ཕྱི་རུ་ཐོན་འོང་། ག་ར་ཡར་ཐོན་འོང་། ཕོད་འབག་མི་འདི་གིས་ བྱ་པོད་སྐད་དང་པ་རྐྱབ་ད་ མི་གཅིག་དང་ཕྱེད་མི་ཆོག
  • རྡོ་རྗེ་ཚེ་དབང་
    ཕོད་འབག་སྟེ་ འགྱོ་དགོ ཏེ་ དེ་ལས་ཕ་ཇོ་གིས་ རྔ་དང་ ཕ་ཇོ་གི་ དཔེ་ཆ་འབག་སྟེ་ ཕོད་འབག་སྟེ་ དེ་ལས་ ཡར་མར་ཏེ་ གཡག་ལྷ་གི་ འགྱེདཔ་འདི་ཚུ་ འདི་གིས་ བསྐྱལ་བར་འབག་དགོ
  • རྡོ་རྗེ་ཚེ་དབང་
    དེ་ལས་ ཡར་ཁཱད་པ་ཟེར་ བཟོ་ནི་ཡོད་སྦ་། འ་ནཱི་ཁཱད་པ་འདི་ ཁོ་གིས་ འབག་སྟེ་ ཁྱིམ་ནང་ཚུན་ བསྐྱལ་བར་འབག་འགྱོ་དགོ་ལགས། ཁོ་གིས་
  • རྡོ་རྗེ་ཚེ་དབང་
    དེ་སྦེ་རང་ཨིན། དེ་ལས་ ཞིབ་ཞིབ་ཕུག་ལུ་ཡང་ དེ་སྦེ་རང་ཨིན་པས་ལགས། ཞག་གཅིག་རང་ཨིན། ང་བཅས་སྟང་ལུ་ ཞག་གཅིག་མ་གཏོགས་ དེ་སྦེ་ ཁྱོད ་ཨུ་ར་ལུ་བཟུམ་ ཞག་ལས་ཞག་བཅད་དེ་ འབད་ནི་མིན་འདུག་ལགས།
  • རྡོ་རྗེ་ཚེ་དབང་
    ཁྱོད་ ཨ་ར་ལུ་འབད་བ་ཅིན་ གཡག་ལྷ་ཟེར་ གནམ་མེད་ས་མེད་ ཏེ་ ཞག་གཉིས་གཉིས་རེ་ ཁྱིམ་སྒོ་བསྡམས་བཞག་སྟེ་ འགྱོ་སྟེ་ཨིན་པས། སྒོ་བསྡམས་ཏེ་ དེ་ལས་ གཡག་ལྷ་ལུ་ སྟོང་ཕུག་གི་ མེ་ཕྱི་སྤོགསཔ་ད་ གཡག་ལྷ་ལུ་ཨིན་པས་སྦ།
  • རྡོ་རྗེ་ཚེ་དབང་
    ཨུ་རཔ་ཚུ་གིས་ གཡག་ལྷ་ཟེར་མི་འདི་ གཡུས་ལཱ་ཨིན་པས་ཟེར་ ཁྱིམ་ཐོག་ཡང་ དེ་བསྒང་སྤོགས་ མེ་ཕྱི་ཡང་ དེ་བསྒང་འཐུ་ ཁྱོད་ ཨ་རཔ་ཚུ་གིས་ ཁྱིམ་ཡང་ དབང་ཅན་ཨིན་པས་ཏེ་ དེ་བསྒང་
  • རྡོ་རྗེ་ཚེ་དབང་
    སྟོང་ཕུག་གི་མེ་ཕྱི་ འདི་འབད་དེ་ ཞག་གསུམ་གསུམ་བཞི་བཞི་སྡོད་དོ་ཡོདཔ་མས། ང་བཅས་འདི་ ཞག་རེ་རེ་རང་ཨིན་ལགས། བསངས་ལུ་ ཞག་ཡང་མི་ལུས། གཡག་ལྷ་ལུ་ ཞག་གཅིག་ ནཱེམ་ཅིག་མ་གཏོགས་ གཞན་ག་ནི་ཡང་ འབད་ནི་མེད་ལགས།