Skip to main content Skip to search
28 Jun 2018
16 min 46 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ལགས་སོ་ ད་འདི་ཡང་ཨིན་ མ་པ་ད་ གནས་ཟེར་མི་འདི་ཚུ་ ང་བཅས་རའི་ ལམ་སྲོལ་དང་འབྲེལ་བ་ག་ཅི་ཡོད་སྨོ་ཟེར་བ་ཅིན་ ད་ འདི་གཙོ་བོ་གནས་དང་ འ་ནཱི་ཚུ་འབྲེལ་བ་ག་ཅི་སྨོ་ཟེར་བ་ཅིན་ ཆོས་དང་འབྲེལ་བ་ཡོད་པའི་གི་གཙོ་བོ་འ་ནཱི་ཨིན་མས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    དེའི་ནང་དོན་ཉིད་ལས་ ང་བཅས་མི་སྡེ་མཐུན་འབྲེལ་ལུ་ཡང་ ཕན་ཐོགས་པས་བ་ལགས་ གཅིག་གི་གཅིག་ ཏེ་ གཅིག་ཁར་འགྱོ་ ཡར་དཀར་མེ་ཕུལ་བར་འགྱོ་རུང་ གནས་བསྐོར་ལུ་འགྱོ་བ་ཅིན་ ད་ ཁམས་སངས་དང་འགྱོ་བའི་ འབྲེལ་ཁ་སྦེ་འགྱོ་ གནས་འགྱོ་བའི་སྐབས་ མཇལ་བར་འགྱོ་བའི་སྐབས་སུ་ གཅིག་མཐུན་འབྲེལ་ལུ་ཡང་ ཕན་ཐོགས་པས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    གཅིག་ང་བཅས་ར་གི་གནས་འདི་དེ་ ཉམས་སྲུང་འབད་ནི་ལུ་ཡང་ ཕན་ཐོགས་པས་ ད་གནས་མ་མཇལ་བར་བཞག་སྟེ་འབད་བ་ཅིན་ ཡུདཔ་ཅིག་ཁར་ལས་གནས་འདི་ འཚོལ་མི་ཐོབ་པས་བ་ ང་བཅས་ར་གིས་ ཏེ་ ད་གནས་ཟེར་མི་འདི་ ང་བཅས་ད་ གུ་རུ་རིན་པོ་ཆེ་གི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་ནཱ་ འབྲུག་རྒྱལ་ཁྱབ་འདི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ གུ་རུ་རིན་པོ་ཆེ་མ་འབྱོན་པའི་གོང་ལུ་ཡང་ ཏེ་ ང་བཅས་རང་གི་ སངས་རྒྱས་ཤཱཀྱ་ཐུབ་པ་འདིར་ནཱ་ དག་པའི་སྐྱེས་བ་ལྔ་བརྒྱ་བཞེས་པའི་སྐབས་སུ་ མ་དག་པའི་སྐྱེས་བ་ལྔ་བརྒྱ་བཞེས་བའི་སྐབས་སུ་ལུ་ དག་པའི་སྐྱེས་བ་ལྔ་བརྒྱ་བཞེས་ཏེ་ རྒྱལ་པོའི་སྲས་སྦེ་ ཏེ་ རྒྱལ་སྲས་དང་ འ་ནཱི་ཚུ་སྦེ་བཞུགས་པའི་སྐབས་སུ་ལུ་ ཏེ་ དཀའ་ཐུབ་དམ་པ་སྤྱད་པའི་གནས་ ང་བཅས་རའི་ནཱ་ འབྲུག་རྒྱལ་ཁབ་ཨིན་པའི་གི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ ལོ་རྒྱུས་ལུ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ རྒྱལ་པོ་དོན་གྲུབ་ཟེར་མི་དེ་ དཀའ་ཐུབ་དམ་པ་སྤྱད་ས་དང་ རྒྱལ་པོ་དྲི་མེད་ཀུན་དོན་ཟེར་མི་འདི་ འ་ནཱི་ཚུ་ དོན་དུ་དཔྱད་པ་ཅིན་ ང་བཅས་ནཱ་ལུ་ཨིན་མས་ ད་འདི་གི་ཤུལ་ལས་ ང་བཅས་རའི་ གུ་རུ་རིན་པོ་ཆེ་ནཱ་ ད་ ང་བཅས་རའི་རྣམ་ཐར་དང་འཁྲིལ་བ་ཅིན་ མ་འབྱོན་པའི་གི་ གོང་ལུ་ཡང་ ཏེ་ ང་བཅས་རའི་ གུ་རུ་རིན་པོ་ཆེ་འོག་མིན་ལུ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    བཞུགས་པའི་གི་དུས་སུ་ཚུ་ ང་བཅས་རའི་སྐུ་གསུང་ཐུགས་ཀྱི་རྟེན་རང་བྱོན་དུ་འབྱོན་པའི་ས་གོ་ཡང་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཨིན་མས་བ་ལགས། དེ་ལས་ གུ་རུ་ ག་ཅི་སྨོ་ཟེར་བ་ཅིན་ མ་པ་སྤ་རོ་སྟག་ཚང་ལུ་ སྐུའི་རྟེན་རྡོ་རྗེ་གྲོ་ལོད་ གསུང་གི་རྟེན་མ་ཎི་ ཐུགས་རྟེན་བྱང་ཆུབ་མཆོད་རྟེན་གཅིག་ ཏེ་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་འོག་མིན་ལུ་ བཞུགས་པའི་སྐབས་སུ་ལུ་འབྱུང་ནུག
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འ་ནཱི་འབད་ནི་འདི་གིས་ རང་བྱོན་ཡང་ཐོག་མ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཨིན་མས་ ཏེ་ སྐུ་རྗེ་གི་ཐོག་མ་ཡང་ ལྷོ་ལྗོངས་མོན་གྱི་བྲག་ལ་སྐུ་རྗེ་བཞག་ཟེར་བའི་སྐབས་སུ་ལུ་ སྐུ་རྗེ་ཡང་ཐོག་མ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཨིན་མས་ གུ་རུ་རིན་པོ་ཆེའི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འ་ནཱི་འབད་ནི་འདི་གིས་ གུ་རུ་རིན་པོ་ཆེ་གི་གནས་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ ཏེ་ མེད་ཟེར་བ་ཅིན་ཤོབ་ཨིན་ ཏེ་ གུ་རུ་རིན་པོ་ཆེ་ ཁོ་རའི་ཞལ་གྱིས་ཡང་ ག་དེ་སྦེ་བཞེས་ཡི་ཟེར་བ་ཅིན་ བདག་གི་ཞབས་ཀྱི་མ་བཅགས་ས་ཆགས་ནི། རྟ་རྨིག་ཙམ་དང་ཏིལ་འབྲུ་ཙམ་ཡང་མེད། ཟེར་མི་ཞལ་གྱིས་བཞེས་ཡི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    སྐུ་རྫུ་འཕྲུལ་གྱི་སྒོ་ནས་ག་དེ་སྦེ་ཡོད་གོ་ འ་་་བྱོན་རང་ སྐུ་དངོས་སུ་སྦེ་འབྱོན་ཡི་ སྐུ་དངོས་སུ་སྦེ་ རྫུ་འཕྲུལ་གྱིས་འབད་དེ་ ག་ཏེ་ཡང་ ད་ འདི་ནང་དོན་ཉིད་ལས་ ང་བཅས་རའི་འབྲུག་ལྷོ་ཚམས་ལས་ཕར་འབད་རུང་ གནས་འདི་ཚུ་དེ་ གུ་རུ་རིན་པོ་ཆེའི་གནས་མི་འོང་ཟེར་མི་འདི་ རྩ་ལས་མི་སྲིད་ཡོད་ འདི་ནང་དོན་ཉིད་ལས་ མར་རྒྱ་གར་གྱི་ གྲུབ་ཐོབ་འདི་ཚུ་དང་།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ང་བཅས་ར་ནང་པ་གི་ པན་དི་ཏ་འདི་ཚུ་ དེ་བསྒང་གི་ མར་ང་བཅས་ར་རྒྱ་གར་གྱི་ས་འདི་ ཁྱིམ་ཚང་རྒྱལ་ཁབ་ཐང་ནང་སྦེ་ ཚདཔ་ཀྱིས་འབད་མ་ཚུགས་པའི་སྐབས་སུ་ལུ་ ཁོང་ཆ་ཁྱབ་ ཏེ་ ང་བཅས་རའི་ས་གོ་ནང་ལུ་ རླུང་བསིལ་ཏོང་ཏོ་ཡོད་ འདི་ཡང་ཆུ་བསིལ་ཏོང་ཏོ་ཡོད་ནི་འདི་གིས་ ཁོང་ཡར་མར་ མཐུ་དམ་གྱིས་ ཉམས་རྩལ་སྦྱོང་པ་འདི་ཚུ་ ང་བཅས་རའི་ ལྷོ་མཚམས་ཀྱི་ ས་གོ་ནང་ལས་ཕར།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འབྱོན་འབྱོན་པའི་ བཞུགས་བཞུགས་པའི་སྣང་བ་ཤར་མས་བ་ལགས་ ཏེ་ ཤུལ་ལས་ ང་འ་ནཱི་མནོ་བསམ་བཏང་སྡོདཔ་ད་ ཇ་བྲལ་རིན་པོ་ཆེ་ཞིང་ཕེབས་ཀྱིས་ དེ་སྦེ་རང་གསུངས་ནུག་ལགས་ འ་་་ གཞན་ཅིག་ལས་གོ་ཡི་ ཏེ་ ད་ གྲུབ་ཐོབ་འདི་ཚུ་བསམ་གྱིས་མི་ཁྱབ་པ་ཅིག་འབྱོན་ཏེ་ཡོད་ཟེར་ འབྲུག་ལྷོ་མཚམས་ཀྱི་ས་ཁར་ལུ་ རྒྱ་གར་གྱི་ ནང་པའི་པན་དི་ཏ་འདི་ཚུ་ གྲུབ་ཐོབ་འདི་ཚུ་ འ་ནཱ་ལས་ཕར།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འ་་་འདུལ་བ་ཉམས་དང་རྟོག་པ་སྐྱོང་སྟེ་བཞུགས་པའི་ཀྱིས་ད་ དཀའ་ཐུབ་སྤྱད་པའི་གི་གནས་ཨིན་ཟེར་ གསུངས་པའི་ལོ་རྒྱུས་ཡོད་ལགས། ཏེ་ འ་ནཱི་འབད་ནི་འདི་གིས་ མང་ཆེ་ཤོས་ཅིག་ དེ་འབདཝ་ད་ལྷོ་མཚམས་པའི་ས་གོ་ནང་ལས་ཕར་ གནས་མང་ཆེ་ཤོས་ ཁོང་གི་ཧིན་དུ་གི་ ང་བཅས་ར་གི་ ད་ ཤི་བྷ་དང་ མྷ་དི་ཝི་ཟེརཝ་ད་ ལྷ་མོ་ འ་ནཱི་ཚུ་གི་གནས་ཨིནམ་སྦེ་ ངོས་འཛིན་འབད་དེ་སྡོད་ནུག་བ་ལགས་ ང་བཅས་ར་འ་ནཱི་འབདཝ་ད།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ད་ འ་ནཱི་འདི་ཚུ་ ཏེ་ དཔེར་ན་འབད་བ་ཅིན་ མྷ་ཀ་ལི་ཟེར་མས་ ཏེ་ ང་བཅས་རའི་ནཱ་ལས་འབད་བ་ཅིན་ ཏེ་ ཕུན་ཚོགས་གླིང་འབད་བ་ཅིན་ རྗེ་དགེ་འདུན་རིན་ཆེན་གྱི་རྣམ་ཐར་ནང་ལུ་ གཏུམ་བྲག་གནས་འདི་ གནས་ཤིང་སྦེ་ཡོད་ དེ་ལས་ཕར་ གསར་སྤང་འབད་བ་ཅིན་ སྒོམ་བྲག་མདའ་གམ་རྫོང་ཟེར་མི་གནས་ཤིང་སྦེ་ཡོད་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འབྲུག་ལྷོ་འཇུག་གི་གནས་བཤད་ནང་ཚུད་དེ་ཡོདཔ་ཨིན་འ་ནཱི་ཚུ་ག་ར་ འབྲུག་ལྷོ་འཇུག་གི་དེ་ཚུ་ནང་ ད་ འ་ནཱི་འབད་ནི་འདི་གིས་ བྱེ་མ་ཆུ་ལུ་འབད་བ་ཅིན་ གནས་ཤིང་གྲས་ཁར་མ་ཚུད་པའི་ ཏེ་གཙང་མཁྱེན་ཆེན་བྱམས་དབྱངས་དཔལ་ལྡན་རྒྱ་མཚོའི་རྣམ་ཐར་དང་འཁྲིལ་བ་ཅིན་ ད་རིན་འཛིན་དགའ་རབ་རྡོ་རྗེ་འདི་ སྐུ་འཇའ་ལུས་གནས་ས་འདི་ འ་མི་ནང་ཨིནམ་སྦེ་གསུངས་ཏེ་འདུག་བ་ལགས་རྣམ་ཐར་ནང།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འ་ནཱི་སྦེ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་གནས་ ད་ འ་ནཱི་ཚུ་གཙོ་བོ་ ང་བཅས་ར་གིས་ ཉམས་སྲུང་འབད་བ་ཅིན་ ཏེ་ མི་མང་ཆེ་ཤོས་ འ་ནཱི་མནོཝ་མས་ ད་ ང་ར་ནཱ་ གོ་སྐབས་ཐོབ་ད་ཞུ་བཞག་དགོ་པས་ གནས་ཟེར་མི་འདི་ ད་རེ་ནངས་པ་ མི་གི་མཐོང་སྣང་ལུ་ ད་རེ་ནངས་པ་གི་ ཚན་རིག་པ་གི་ རྣམ་ཅོ་དང་འཁྲིལ་བའི་སྐབས་སུ་ལུ་ ད་རེ་ནངས་པ་མི་གིས་ ག་དེ་སྦེ་མནོ་དོ་ཟེར་བ་ཅིན།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འེང་་་ ད་འདི་ཏེ་ གནས་མེན་པ་ ཏེ་ ཁོ་འདི་ རྫས་ཀྱིས་སྦེ་བྲག་བཞུ་ཞིན་ན་ལས་ ཡར་ལས་མར་དཔྱང་སྡོད་སྡོདཔ་མས་ཟེར་ རྣམ་པ་མེ་ཏོག་ལུ་འགྱུར་འགྱོ་མས་ཟེར་ ད་ འ་ནཱི་སྦེ་ཨིན་མས་ཟེར་ ཡིད་ཆེས་མིན་འདུག་བ་ལགས་འ་ནཱི་ཚུ་ལུ་ ཏེ་ ང་གིས་ཡང་ དེ་སྦེ་རང་སླབ་ཨིན་ འདི་ཨིན་ཟེར་ གནས་ཀྱི་དབང་དུ་བཏང་པ་ཅིན་ ཁོ་བྲག་བཞུ་གྱི་ཐེབས་ཏེ་གིས་(?) མེ་ཏོག་དང་ དུང་དཀར་དང་ ཏེ་ འདྲ་བ་འདྲ་ཆ་ལ་སོགས་པ་ རྣམ་པ་ལུ་འགྱོ་འགྱོཝ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འ་ནཱ་ལུ་ ཕྱིའི་རྟེན་འབྲེལ་གྱིས་སྦེ་ ཏེ་ ང་བཅས་ནཱ་སྒྲུབ་པ་གཏང་པ་འོང་པ་ཅིན་ ཕྱིའི་རྟེན་འབྲེལ་ལུ་རྟེན་ཏེ་ ཏེ་ ང་བཅས་རའི་ རྟེན་འབྲེལ་ཚོགས་པ་ཅིན་ ནང་ན་རྟོག་པ་འདི་ འཕར་བཏུབ་པས་བ་ལགས་ ཕན་ཐོགས་དགོ་བ་ལགས་ ད་ཕྱིའི་རྟེན་འབྲེལ་འདི་ མེ་ཏོག་དང་ དཔག་བསམ་གྱི་ལྗོན་ཤིང་ལ་སོགས་པ་ཡོད་ནི་འདི་གིས་ སྒྲུབ་པ་འ་ནཱི་ ནཱ་ལུ་གཏང་དཔ་འདྲཝ་འབད་བ་ཅིན་ ཏེ་ཉམས་ལེན་རྟོག་པ་འདི་ འཕར་ནི་མགྱོགས་དྲགས་ཨིན་མས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཕྱིའི་རྟེན་འབྲེལ་གྱིས་ ཏེ་ ནང་གི་རྟོག་པ་ཡང་ དེ་འདི་རྟེན་འབྲེལ་ལུས་ལ་བརྩོན། རྟོག་པ་ལུས་ལ་འཆར་ཟེར་ སེམས་ལ་འཆར་ཟེར་མི་འདི་ཨིན་མས་བ་ལགས་ རྟེན་འབྲེལ་ལུས་ལ་ཚང་དགོ་པས་བ་ལགས། རྟོག་པ་འདི་རང་བཞིན་གྱིས་སེམས་ལ་འཆར་མྱོང་འོང་ འ་ནེམ་ཅིག་གི་གནད་ལས་བརྟེན་ཏེ་གིས་ ནང་ན་རྟོག་པ་གྲུབ་པ་ཐོབ་ནི་མགྱོགས་དྲགས་ ཁོ་རྟོག་པ་ཐོབ་སྟེ་འོང་བའི་སྐབས་སུ་ལུ་ ཏེ་ གནས་འདི་བྱིན་གྱིས་བརླབ་བཞགཔ་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    གཉིས་ཆ་རང་བདག་གཞན་ཕན་ཚུན་གཉིན་འབྲེལ་བ་ཡོད་ ཏེ་ འ་ནཱི་འབད་ནི་འདི་གིས་ ཡིད་ཆེས་བསྐྱེད་དགོ་ལགས་ མི་མང་ཤོས་ཅིག་རང་ འ་ནཱི་མི་མནོ་བས་བ་ འ་་་ མི་གིས་གནས་ཨིན་ཟེར་སླབ་མས་ ག་ཅི་ཏེ་ འ་ནཱི་རྡོ་ཨིན་མས་ཟེར་ ད་སྐྱོང་གཞི་དང་ བྲག་བཞུ་ད་ཡར་ལས་མར་བཞུ་སྦེ་དཔྱང་བཞག་ད་འདི་མས་ཟེར་ལགས། འ་ནཱི་སྦེ་མནོཝ་མས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འ་ནཱི་རྟེན་འབྲེལ་ཨིན་ རྟེན་འབྲེལ་གྱི་ ཕྱིའི་ཞལ་ལས་ཁང་གི་རྣམ་པར་རྟེན་ཏེ་ རྟེན་འབྲལ་འགྱུར་སོང་པའི་ འ་ནཱ་ལུ་སྒྲུབ་པ་བཏང་པ་ཅིན་ རྟོག་པ་མགྱོགས་དྲགས་ཐོབ་ཨིན་ལགས་ རྟོག་པ་ཐོབ་འོང་ ཆོས་ཉིད་ཀྱི་བདེན་པ་ཐོབ་པ་ཅིན་ ཁོང་གནས་དེ་ བྱིན་གྱིས་བརླབ་འགྱོ་བའི་ལགས། ཏེ་ འ་ནཱི་འབདན་ ང་བཅས་ར་ རྟེན་འབྲེལ་གྱིས་སྦེ་ ང་བཅས་འ་ནཱ་ལུ་ སྒྲུབ་པ་བཏང་པ་ཅིན་ ཏེ་ ང་བཅས་ར་ཉམས་རྟོག་འཕེལ་ནི་ལུ་ ཁྱད་པར་ཡོད་པ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འ་ནཱི་འབད་ནི་དེ་གིས་ ང་བཅས་རའི་ ཏེ་ གནས་འདི་ ཉམས་སྲུང་འབད་བའི་རྒྱུ་རྐྱེན་གཅིག་ གཙོ་བོ་འདི་ ང་གིས་འབད་བ་ཅིན་ འ་ནཱི་ཨིན་ ཏེ་ མང་ཆེ་ཤོས་ཀྱིས་ ད་རེ་ནངས་པ་ ཏེ་ ང་བཅས་གནས་ཡོད་ཚད་ག་ར་ ཨ་ནཱི་ཨིན་མས་བ་ལགས་ བྲག་ཞུན་གྱི་རྡོ་ མཐོང་གྲོལ་ཐོབ་ཐོབ་པའི་ ད་ མི་མང་ཤོས་ཀྱིས་ ག་ར་འདི་ད་ ཚོང་འབྲེལ་གྱི་མནོ་བསམ་བཏང་སྟེ་ འ་ནཱི་ འབའ་བཏབ་ཨིན་ལགས་ ད་ཁོང་ བརྡལ་ནི་བཅག་ནི་གི་དོན་ལུ་སྨོ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    མང་ཆེ་ཤོས་སྨོ་ཤིག་ལགས་ ད་ འ་ནཱི་ཚུ་ང་བཅས་ར་གིས་ ཨ་ཙི་རེ་ཉམས་སྲུང་འབད་ནི་འབད་དགོ་ལགས་ དེ་ལས་ འབད་དེ་འབད་རུང་ གནས་ཁོ་ར་ཨིན་པའི་ས་ཁོངས་གཅིག་འདི་ ང་བཅས་ར་གིས་ ཨ་ཙི་ཅིག་ ཉམས་སྲུང་ཅིག་འབད་ཚུགས་པ་ཅིན་ ང་བཅས་ར་ ག་དེ་དྲག་དྲག་ཅིག་ ད་ འ་ནཱི་ཚུ་བཏང་པ་ཅིན་ འདི་ལུ་ འ་ནཱ་ལུ་ གནས་ནང་ལུ་ རྟོག་པ་བརྙེད་པའི་སྐབས་སུ་ལུ་ ཆོས་འཁོར་ཆོས་ཀྱི་ ཆོས་དར་བའི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཆོས་ཀྱི་བདག་པོ་ ལ་ལུ་གཏེར་སྟོན་པ་ལུ་ གཏེར་སྦས་ཏེ་ཡོདཔ་ཨིན་ལགས་ འ་ནཱ་ལུ་ གཏེར་བདག་ཡོདཔ་ཨིན་ལགས་ ཏེ་ འ་ནཱི་ཚུ་གིས་འདི་ལུ་ ཁྲོས་ང་བཅས་ར་ ཕོག་ཐུག་འོང་ནིའི་ཉེན་ཁ་ཡོད་བ་ལགས། ཡོད་ཆུ་ ཏེ་ ལོ་ཕྱུག་མ་ལེགས་ ནད་ཡམས་མུ་གེ་འདི་ཚུ་འོང་ནི་ཉེན་ཁ་ཡོད། ཏེ་ གུ་རུ་རིན་པོ་ཆེ་གིས་གཏེར་སྦས་ས་ལུ་ གཏེར་བདག་ཡོད་རང་ཡོད་ལགས་ གནས་བདག་རེ་རེ་ཡོད་རང་ཡོད།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འ་ནཱི་ཚུ་ལུ་ ང་བཅས་ར་ཆོས་ འ་ནཱི་གསུང་ནི་འདི་ གནམ་མེད་ས་མེད་ཁག་ཆེ་ འ་ནཱི་འབད་ནི་འདི་གིས་ ང་གི་ཉམས་མྱོང་དང་འཁྲིལ་བའི་སྐབས་སུ་ལུ་ དེ་སྦེ་རང་སླབ་ཨིན་ དཔེ་འབད་བ་ཅིན་ ཏེ་ མི་ ལ་ལུ་ཅིག་གིས་ སླབ་མས་བ་ ལམ་ཁར་ལུ་འདུག་ ཨ་ཕར་ཞབས་རྗེ་འདི་ཕར་འདུག་ མི་གིས་ སྤོག་བཀོ་ནི་མས་མནོ་སྟེ་ འཐུ་འབག་འོང་སྟེ་ ནཱ་ལྷ་ཁང་ནང་བསྐྱེལ་ཡི་ཟེར་སླབ་མས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    དེ་སྦེ་མ་འབད་ཟེར་སླབ་ཨིན་ ཞབས་རྗེ་ཨ་ཕི་ནང་བཞག་དགོ་པའི་ རྒྱུ་མཚན་ཡོད་ཟེར་ ཡང་ཅིན་ རྡོ་སྲུང་གི་དོན་ལུ་བཞག་བཞགཔ་འོང་ཟེར་ ཡང་ཅིན་ བདུད་དང་འདྲེ་འདི་ཚུ་ དམ་བཏགས་བཞག་གི་ ཏེ་ ནཱ་རྒྱལ་བཏབ་བཞག་བཞགཔ་པའི་ ཞབས་རྗེ་འོང་བཞག་སྟེ་ ཆོས་ལྡན་གྱི་རྣམ་པ་སྦེ་ བཀོད་དེ་བཞག་བཞགཔ་འོང་ འདི་ཚུ་འཐུ་ནི་མི་འོང་ཟེར་ ང་གིས་འབད་བ་ཅིན་ ས་གོ་ན་རང་བཞག་དགོ་ཟེར།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཁྱོད་ཆ་ཁྱབ་ཀྱིས་ རཝ་རྐྱབ་སྦེ་ འ་ནཱི་ཉམས་སྲུང་འབད་ནི་གནམ་མེད་ས་མེད་ཁག་ཆེ་ཟེར་ འདི་དང་རིགས་འབྲེལ་ཏེ་ ད་རེ་ནངས་པ་རྒྱལ་ཁབ་ཡར་རྒྱས་འགྱོ་སར་ ང་བཅས་ར་འཐུང་ཆུ་དྲངས་མས་ལགས་ ད་འཐུང་ཆུ་ཡར་ལས་བཏོན་པའི་སྐབས་སུ་ ཆུའི་རྐ་ཁ་ལུ་འདི་ རྩི་ས་བཏང་བཏང་མས་བ་ལགས་ རྩི་ས་ནང་ལུ་རྫས་འདུག་བ་ལགས། ཏེ་ རྫས་ཡོད་ནི་ ཀླུ་ལུ་གནོད་པའི་རྫས་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ང་བཅས་ཀྱི་ ང་བཅས་རའི་པགས་ཀོ་ ལགཔ་ཚརཝ་མས་བ་ལགས་འ་ནཱི་ རྩི་ས་གི་ལགཔ་གཅིག་ལུ་ འདོགས་མི་ཚུགས་པས་བ་ལགས་ ལགཔ་ལུ་ཡང་གནོད་དོ་བཟུམ་ ཀླུ་ལུ་ཡང་གནོད་དོ་ ཏེ་ ཀླུ་བྱོག་འགྱོ་འོང་ལགས་ ཀླུ་བྱོག་འགྱོཝ་ད་ ཆུ་འདི་སྐམ་འགྱོ་བའི་ འ་ནཱི་འབད་ནི་འདི་གིས་ ང་གིས་ རྒེད་འོག་ནང་ལས་ཕར་ལྷོདཔ་ད་ ཁྱོད་ཆ་ཁྱབ་ཡར་འཐུང་ཆུ་བཏོན་པ་ཅིན་ ཡུདཔ་ཅིག་དོམ་གང་དང་དོའི་ས་ཁར་འདི་ རྩི་ས་མ་བཏང་ཟེར།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཡར་ལས་མར་ཏེ་ གཟར་དཔག་ཞིནམ་ན་ལས་ མར་གཏང་ཞིནམ་ལས་ མར་ལས་ ཏེ་ ཆུ་གི་མཛོད་དེ་བཙག་བཞག་པ་ཅིན་ལེགས་ཤོམ་འོང་ ད་ འ་ནཱི་རྩི་ས་གི་ ང་གིས་འབད་བ་ཅིན་ ཀླུ་ལུ་གནོད་པའི་གི་ ཨ་ནཱི་ཉེན་ཁ་འདུག་ཟེར་ འ་ནཱི་སྦེ་བསླབ་སྟོན་བྱིན་ཏེ་ཡོད་ བྱིན་པའི་ལགས་ང་གིས་འདི་ འ་ནཱི་ཚུ་ང་བཅས་ར་གིས་ ཤེས་དགོ་པས་ལགས་འ་ནཱི་ཚུ་ ཏེ་ ཆུ་ཅིག་སྐམ་མི་གཅིག་འ་ནཱི་སྦེ་ཨིན་ གྲུབ་ཆུ་ལེ་ཤ་ཅིག་སྐམ་སོང་སྟེ་ཡོད་ འ་ནཱི་སྦེ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཁོང་གིས་ཏེ་ ཧེ་མ་ལས་ ་་་་(?) འདི་ཉམས་སྲུང་འབད་བའི་ཟེར་སླབ་ད་ རྩི་ས་གི་དེ་ལས་ ཨུམ་ཏོག་(?)བཟོ་བཞག་ དེ་ལས་ཆུ་སྐམ་མེད་ད་ ཏེ་ འ་ནཱི་ཚུ་ང་བཅས་ར་ཤེས་དགོ་པས་ལགས་ འ་ནཱི་ཚུ་གཞུང་གིས་ དེ་ལས་ སྲོལ་འཛིན་ལས་ཁུངས་ལས་འབད་རུང་དྲག་ ནང་སྲིད་ལྷན་ཁག་ལས་འབད་རུང་ ཁྱབ་བསྒྲགས་གཏང་དགོ་པས་བ་ལགས་འ་ནཱི་ཚུ་རང་གི་ གཡུས་ཁ་ལུ་ གྲུབ་ཆུ་འབད་རུང་ཉམས་སྲུང་འབད་དགོ
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཞབས་རྗེ་ག་ཅི་ཨིན་རུང་ བདག་འཛིན་འབད་ ཏེ་ དཔེ་འབད་བ་ཅིན་ ནཱ་འདི་ ཐིམ་ཕུག་ལམ་ཁར་ལེ་ཤ་འབྱང་ཡི་ལགས་ ཐིམ་ཕུག་ལུ་ ང་གིས་ལོག་ཅི་རང་སླབ་དོ་ དཔེར་ན་ ཨ་མར་ས་མར་རྫིང་ཁར་ལས་ཡར་ ཞབས་དྲུང་རིན་པོ་ཆེ་ཡར་ བདེ་ཆེན་ཕོ་བྲང་བྱོན་པའི་སྐབས་སུ་ལུ་ ཞབས་རྗེ་གཅིག་བཞག་ནུག་བ་ལགས་ ཏེ་ ཞབས་རྗེ་མེད་བ་སྟེ་ དཔོག་བཀོ་ནུག་བ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    མ་པ་ལས་རང་མེད་ ད་ འ་ནཱི་བཟུམ་གྱི་ནཱ་ཡར་ཆོས་འཁོར་རྩེ་ལས་ཡར་འགྱོ་བའི་སྐབས་སུ་ལུ་ ཡར་ཆོསའཁོར་ ད་དབང་འདུས་རྩེ་ལས་འགྱོ་བ་ཅིན་ ཞབས་དྲུང་གི་ ཆིབས་ཀྱི་ཞབས་རྗེ་ཚུ་ཡོད་པའི་ལོ་རྒྱུས་ཡོད་ ད་འདི་ཚུ་ཡང་འཚོལ་མི་ཐོབ་པས་ ཡར་མུ་ཏི་ཐང་ལུ་ བསྟན་འཛིན་རབ་རྒྱས་ཀྱི་ ཆིབས་ཀྱི་ཞབས་རྗེ་ཡོད་ཟེར་སླབ་མས་ འདི་ཡང་འཚོལ་མི་ཐོབ་པས་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འ་ནཱི་བཟུམ་ ང་བཅས་ཐིམ་ཕུག་ནང་ན་ལུ་འདི་ ཐིམ་ཐུག་གི་ཁྱིམ་རྐྱབ་ འ་ནཱི་གྲུབ་ཆུ་དང་ འདི་ཚུ་ལེ་ཤ་ཅིག་ བརླག་སྟོར་ཤོར་ཡི་ལགས་ ང་བཅས་ནཱ་ལུ་ ཏེ་ ད་ལྟོ་མདངས་ཞག་ཨ་ཡར་ཅིག་ཁར་ ན་ཧི་ཞེ་ཧིང་འགྱོ་ཡི་ཨ་ཡར་ལུ་ ཕ་ཇོ་སྡིངས་ཀྱི་ཨ་ཡར་ལས་ ག་ཅི་ལོ་ རྟོག་ལྡན་ཕ་ཇོ་གིས་ཡར་ མར་ལུང་བསྟན་ཟམ་རྐྱབ་ནི་ རྡོ་རང་འབྱུང་གི་ཟམ་རྐྱབ་ནི་ རྡོ་ཡར་ལས་ཡར་ལུ་ བྱ་པོད་འབོ་ཡར་ལུས་པའི་གི་ རྡོ་འདི་ཚུ་ ཨ་ཡར་ཡོད་བ་ལགས་ད་ལྟོ་ ཡུདཔ་ཅིག་ རིང་ཤོས་འདི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    དོམ་དགུ་ལྷགཔ་ཅིག་འདུག་ རིངམོ་འདི་འ་ནེམ་ཅིག་ དོམ་ལས་བཅད་པ་ཅིན་ རྡོ་གྲུབ་བཞི་ཏག་ཏ་ལགས་ འ་ནཱི་བཟུམ་ནང་ལས་ ཧེ་མ་བླམ་འབྲུག་པ་ཀུན་ལེགས་ཀྱིས་ བདུད་དམ་བཏགས་སའི་ འོད་གསལ་སྤང་གི་འཇུག་ལུ་ མར་ རྡོ་སྦུལ་གྱི་རྣམ་པ་སྦེ་རང་ཡོད་ལགས། རྡོ་སྦུལམོ་ཆེ་ཟེར་རང་སླབ་ཨིན་ད་རེས་ཡང་ འ་ནཱི་ཚུ་ཡང་ ཧ་ལམ་དོམ་དགུ་མཐོང་ལགས་འ་ནཱི་སྦུལ་སྦེ་རང་ཡོད་འ་ནཱི་ཚུ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ད་ འ་ནཱི་ཚུ་ང་བཅས་ར་གིས་ ཨ་ཙི་རེ་སེལ་འབད་ འ་ནཱི་བཞག་པ་ཅིན་ ཉམས་སྲུང་གི་དོན་ལས་ གནམ་མེད་ས་མེད་ཁག་ཆེ་བ་ ཏེ་ ལ་ལུ་ཅིག་ ཨ་ནཱི་ཚུ་སྤོག་བཏང་པ་ཅིན་ ད་ཅི་ཞུ་དོ་བཟུམ་སྦེ་ ཏེ་ ཡར་འ་ནཱི་ལྟག་ལུ་ གཏོར་མ་་་་སའི་སྤང་(?) ཟེར་སླབ་མས་བ་ལགས་ ཏེ་ གུ་རུ་ཁོ་འདི་ མར་ལས་མར་བདུདམོ་འདི་དམ་བཏགས་ སྤུན་ཆ་འདི་ཡར་ལས་མར་འོང་བའི་སྐབས་སུ་ལུ་འདི་ དེ་ལསནི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    བླམ་འབྲུག་པ་ཀུན་ལས་ ཡར་ཟོར་འཕང་ཞིན་ན་ལས་ དམ་བཏགས་ནུག་བ་ལགས་ འ་ནཱི་རྡོ་དགའ་གྲམ་(?)ཟེར་མི་ཡོད་ཟེར་ཨིན་མས་བ་ ད་ འ་ནཱི་གཉིས་ཆ་རང་ ཏེ་ སྤོག་བཀོ་ད་ནུག་བ་ ཏེ་ ཨ་ནཱི་སྤོག་པ་ཅིན་ ང་བཅས་ར་ བདུད་ཁ་དར་འོང་ལགས་འ་ནཱི་ཚུ་ སྲི་གནོན་རྐྱབ་བཞག་བཞགཔ་ཨིན་མས་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འ་ནཱི་ང་བཅས་རའི་རྒྱལ་ཁབ་ལུ་ སྟབས་མ་བདེཝ་ཐོན་འོང་ལགས་ འ་ནཱི་ཚུ་ང་བཅས་ར་གིས་ ཉམས་སྲུང་འབད་ནི་འདི་ གནམ་མེད་ས་མེད་ང་གིས་འབད་བ་ཅིན་ཁག་ཆེ་ཟེར་ འ་ནཱི་འབདཝ་ད་ ང་བཅས་ར་གི་དྲན་པ་ཐེབས་ཅིག་རང་བཏོན་ཏེ་གིས་ གནས་འདི་ཚུ་འདི་ རྡོ་དང་ཤིང་ཨིན་རུང་དྲག་ ད་རྡོ་འདི་ཚུ་ཡང་ ང་བཅས་ར་གི་ ཏེ་ བོན་གྱི་ཁ་ཐུག་ལས་འབདན་ ལྷ་ཤིང་ཟེར་མི་ཅིག་ འ་ནཱི་ཚུ་འདི་ ང་བཅས་ར་གི་སྨོ་ཤིག་ ཀླུ་ཤིང་ཟེར་གཅིག་ཡོད།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཀླུ་ཆགས་ས་ལུ་ ཆུ་ཡོད་འབད་བ་ཅིན་ ཆུའི་རྐ་ཁ་ཡོད་པ་ཅིན་ ཀླུ་ཤིང་སྦེ་བརྩི་བའི་ལགས་ ཀླུ་གནས་ཏེ་ཡོད་ཟེར་ ཀླུའི་སྲོག་ཤིང་སྦེ་བརྩིཝ་ཨིན་གཡུས་ཁ་ལུ་ ཏེ་ འ་ནཱི་ཤིང་འདི་ ཉམས་སྲུང་འབད་བའི་ལགས་ ད་འ་ཡར་རྐ་ཁར་ཡོད་མི་ཤིང་འདི་ བརྡལ་བཏང་པ་ཅིན་ དེ་ལས་ ཆུ་འདི་སྐམ་འགྱོཝ་མས་བ་ལགས། འ་ནཱི་ཚུ་ང་བཅས་རའི་ དང་ཕུ་ལས་ང་བཅས་ཕ་མའི་ མི་རབས་ལས་རང་ ཏེ་ ལམ་སྲོལ་དང་འབྲེལ་བ་ཡོད་ ཆོས་དང་འབྲེལ་བ་ཡོད།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    རང་བཞིན་གནས་སྟངས་ཀྱི་འདི་ཏེ་ བདག་འཛིན་འཐབ་པའི་གི་ ལམ་སྲོལ་ཅིག་ཨིན་མས་བ་ འ་ནཱི་ཚུ་ག་ར་ ད་ འདི་ཚུ་ག་ར་ཏེ་ད་ རྒྱལ་རབས་ གཙོ་བོ་ང་གི་བསམ་འཆར་ལས་འབད་བ་ཅིན་ ད་དུས་དང་ འ་ནེམ་ཅིག་ནང་ལྷོདཔ་ད་ ག་ཅི་ཉོན་མོངས་པ་ནང་ལྷོད་ནུག་དགོ་ཟེར་བ་ཅིན་ རག་པ་འདི་ ང་གིས་འབད་བཅིན་ འདོད་པ་ཨིན་མས་ཟེར་ཞུ་ནི་ལགས། འདོད་པ་འདི་གནམ་མེད་ས་མེད་ ཆེ་དྲགས་ཡར་སོང་ནུག་ ང་བཅས་མི་དེ་ལུ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འདོད་པ་ཆེ་འགྲོ་བའི་སྐབས་སུ་ལུ་ ཏེ་ ཏེ་ཤུགས་ཀྱིས་རང་ དེ་ལསནི་ ཞེ་སྡང་ཡང་འ་ནཱ་འོང་མས་ གཏི་མུག་ཡང་ འ་ནཱ་འོང་མས་ གཏི་མུག་ག་ཅི་སྨོ་ཟེར་བ་ཅིན་ མཐོང་རུང་མ་མཐོང་ ད་ཅི་ཞུ་དོ་བཟུམ་སྦེ་ གནས་ཡོད་རུང་ མེད་རྫུ་བཏབ་ རྡོ་དགོ་བས་སྤོག་བཀོ་དགོ་པས་གོ་ཤིག་ ཏེ་ འ་ནཱི་འབདན་ཚོང་འབྲེལ་འཐབ་དགོ་པས་གོ་ཤིག་ ཏེ་ དེ་ལས་ ཏེ་ འ་ནཱི་འབད་ནི་འདི་གིས་ ང་བཅས་རའི་འདོད་པ་འདི་ ཕྱུགཔོ་ཆེ་དྲགས་འགྱོ་ནི་འདི་གིས་ ཏེ་ད།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ང་བཅས་ར་གི་རྒྱལ་ཁབ་ལུ་གནས་སྟངས་ ལམ་སྲོལ་འདི་ཚུ་ འ་ནཱི་སྦེ་ཐོག་ཕོག་མེན་ན་མནོ་སྟེ་ ང་རང་མནོ་བསམ་འ་ནཱི་སྦེ་བཏང་དོ་ལགས་ ཕྱི་རུ་ཞག་ཉལ་རུང་ཡང་སྐབས་སྐབས་ལུ་ འདི་མི་བདེན་ཨིནམ་མེད་ན་སྨོ་ཟེར་ ང་གིས་ མི་ལུ་ཡང་དེ་སྦེ་རང་སླབ་ཨིན་ ད་ན་འཐན་སྦེ་བརྟག་ཤིང་དཔྱད་དེ་ལྟ་བ་ཅིན་ ད་རེས་དུས་རབས་ འ་ནེམ་ཅིག་ལུ་མནོ་བསམ་བཏང་པ་ཅིན་ མི་ག་ར་ འདོད་པ་འདི་ ཆེ་དྲགས་ཡར་སོང་འདུག
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཉོན་མོངས་དུག་གསུམ་ལས་འདི་ ད་ འདོད་པ་འདི་ ཤུགས་ཆེ་དྲགས་ ཏེ་ མེ་འབར་དོ་བཟུམ་ཅིག་ གནམ་མེད་ས་མེད་ས་ཁར་ཡར་སོང་ནུག་རྨ་རེ་ ད་ འདི་ཡོད་ཞིན་ན་ལས་ དེ་ལསན་ག་ར་འདི་ ཉོན་མོངང་པ་གཞན་འདི་ཚུ་ རང་བཞིན་ཤུགས་ཀྱིས་རང་འོངམ་ཨིན་ལགས་ འ་ནཱི་འབད་ནི་འདི་གིས་ ང་བཅས་ར་ ཨ་ཙི་ཅིག་འདི་ རིགཔ་ཁ་བ་རི་པ་ཁོ་གིས་ བདག་འཛིན་འབད་མ་ཚུགས་ཏེ་འབད་རུང་།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ད་ ཁོ་ར་ས་གོ་ཡོད་པའི་གི་ གནས་པོའི་ཕོ་བྲང་ཨིན་པ་ཅིན་ ཕོ་བྲང་གནས་ཡོད་པ་ཅིན་ བྱག་ཕུག་གཅིག་འདི་ ང་བཅས་ར་གིས་ བདག་འཛིན་འབད་ བཞག་ནི་འདི་ གནམ་མེད་ས་མེད་ཁག་ཆེ་སུ་ཅིག་ མཐོང་མས་ཟེར་ཞུ་ནི་ང་གིས་འབད་བ་ཅིན་ འ་ནི་ གནམ་མེད་ས་མེད་ཁག་ཆེ་རང་ཆེ་ཞུ་ནི་ང་གིས་འབད་བ་ཅིན།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ཏེ་ ནཱ་དོ་རུང་ ད་ ལམ་སྲོལ་གྱི་ནང་ལུ་ ཞིབ་འཚོལ་གནང་སྟེ་གིས་སྦེ་ ཏེ་ གནམ་མེད་ས་མེད་ ཡུན་རིངམོ་སྦེ་རང་ སྡོད་ད་ནུག་ དེ་འབད་བའི་བསྒང་ལས་ གཞུང་དང་གཅིག་ཁར་འབྲེལ་བ་གནང་ འ་ནཱི་བཟུམ་འབད་བའི་སྐབས་ལུ་ ད་ ནཱ་གི་ཐུགས་འཆར་ལས་འབད་བ་ཅིན་ ཏེ་ གཞུང་གི་ཁ་ཐུག་ལས་ ལམ་སྲོལ་ཉམས་སྲུང་གི་ དོན་དག་ལས་ སྲིད་བྱུས་འདི་ཚུ་གི་འཐད་ལུ་ད་ ག་ཅི་ལོ་ལགས་ ད་བཟང་ངན་ག་དེ་སྦེ་འདུག་ག་ལགས?
  • བསམ་གཏན་ཡེ་ཤེས་ Samten Yeshi
    འདི་བཟུམ་སྦེ་ དོ་རུང་ད་ སྲིད་བྱུས་ཡོད་དེ་རང་འབད་ས་ཅིག་རུང་ལག་ལེན་གྱི་ཐོག་ལས་ བཟང་ངན་ག་དེ་སྦེ་འདུག་ག་ལགས་ འགྱུར་བཅོས་འབད་དགོཔ་དང་ ཡང་ཅིན་ འདི་གི་རང་མཐུས་པས་ག་ ཡང་ཅིན་ འགྱུར་བཅོས་དང་ ཏེ་ འདི་ཚུ་འབད་དགོཔ་གི་ ག་དེ་སྦེ་གཟིགས་མས་ག་ འདི་ཚུ་གི་སྐོར་ལས་ཅིག
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ད་ སྲིད་བྱུས་རོགས་ ཏེ་ མ་པ་བཙུགས་དགོ་ཏེ་ རོགས་ནང་སྲིད་ཀྱི་ཁ་ཐུག་ལས་ གཞུང་གི་ཁ་ཐུག་ལས་ མ་མཛདཔ་འདི་མེན་པས་ རོགས་ག་ཅི་སྨོ་ཟེར་བ་ཅིན་ ད་རེས་ནཱ་སྲོལ་འཛིན་ལྷན་ཁག་གི་ཁ་ཐུག་ལས་ ཁོང་གནས་ཐོ་བཀོད་ཅིག་ཡང་རྐྱབ་དེས་བ་ལགས། ད་འདི་ཚུ་ ང་གིས་ཡང་ ལོག་ཅི་རང་ཞུ་ཡི་ ཐོ་བཀོད་དེ་ཡང་ གནམ་མེད་ས་མེད་ཁག་ཆེ་ཟེར།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ད་ རབ་ཏུ་འབྱུང་པ་ཅིན་ གནས་ཀྱི་རྒྱབ་ཁུངས་འདི་ གནས་ཡིག་འདི་དགོ་པས་ཟེར་ གནས་ཡིག་འདི་ཚུ་ དཔེ་ཆ་འདི་ཚུ་ག་ཅི་ལས་ཐོནམ་ཨིན་ན། ཏེ་ ང་གིས་འ་ནཱི་སྦེ་རང་སླབ་ཨིན་ཏེ་ཁོང་ ཐོ་བཀོད་དེ་རྐྱབ་དགོ་པས་ཟེར་ ཐོ་བཀོད་དེ་རྐྱབ་ཞིནམ་ན་ དེ་ལས་ གནས་ཀྱི་ཚོར་དབང་འདི་ཚུ་(?) ཏེ་ ཁྲམ་རྐྱབ་དགོ་པས་བ་ལགས་ང་བཅས་ར་ ཏེ་ འ་ནཱི་ཚུ་ ཁོང་འཆར་གཞི་འདི་འདུག
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ ཨིན་ཏེ་འབད་རུང་ གནམ་མེད་ས་མེད་ ཏེ་ ལེགས་པའི་འགྱུར་བ་དང་བཏང་དགོཔ་འདི་ ག་ཅི་འོང་བ་ གཙོ་བོ་རང་རོགས་ གཞུང་གི་སྲིད་བྱུས་འདི་ མ་པ་ང་བཅས་རང་གི་ རྒྱལ་ཡོངས་ག་ཅི་ལོ་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞིའི་ནང་ལས་ ཏེ་ སྔར་སྲོལ་ལམ་ལུགས་འདི་ ཉམས་སྲུང་འདི་ཚུ་དང་ ང་བཅས་ རང་བཞིན་གནས་སྟངས་འདི་ཚུ་འདུག་བ་ལགས་ འ་ནཱ་ལུ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འ་ནཱ་ལས་ ང་བཅས་ར་གི་ ཏེ་ གཞུང་གིས་ ག་དེ་སྦེ་འབད་ན་ གུ་དེ་སྦེ་འབད་ན་ ད་འབད་བའི་སྲོལ་ ལམ་ལུགས་སྲོལ་ཡང་འདུག་ ད་ ཆུ་གི་སྐོར་ལས་འདི་ ཁོང་གིས་ བཅའ་ཁྲིམས་འདི་ཚུ་ནང་ཡང་བརྩམས་ཏེ་འདུག་ ག་ཅི་ཡང་ ལེ་ཤ་འབད་དོ་སྨོ་ལགས། ངེའི་ཁ་ཐུག་ལས་ཡང་ ང་གིས་ ཆུའི་སྐོར་ལས་ ཀི་ཏབ་གཅིག་ཡང་བྲིས་ཡི་ ཏེ་ ང་བཅས་ནང་པ་ཆོས་ཀྱི་ཁ་ཐུག་ལས་འབད་བ་ཅིན་ ཏེ་ ཆུ་འདི་ག་དེམ་ཅིག་ ཁག་ཆེཝ་ཨིན་ན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཆུའི་རིགས་འདི་ དབྱེ་བ་ག་དེམ་ཅིག་ཡོདཔ་ཨིན་ན་ འདི་ཚུ་ག་ར་ ང་གིས་ ཞིབ་འཚོལ་འབད་དེ་ ང་ར་གིས་གཅིག་བྲིས་ཡི་བ་ལགས། འ་ནཱི་བཟུམ་སྦེ་ ཏེ་ ང་གིས་ གནས་སྟངས་དང་འཁྲིལ་ཡི་འཁྲིལ་ཡི་སྦེ་ ཀི་ཏབ་འ་ནེམ་ཅིག་རེ་བྲིས་དོ་ ཏེ་ ང་གིས་ ད་ལྟོ་སའི་སྐོར་ལས་ཡང་ ཧ་ལམ་ལོ་རྒྱུས་དག་པ་ཅིག་འདི་བཀོད་ཅི་ ད་ སའི་སྐོར་ལས་འདི་ བརྒྱ་ཆེ་དྲགས་འགྱོཝ་མས་ལགས་ སའི་སྐོར་ལས་བརྒྱ་ཆེ་དྲགས་འགྱོ་མི་ ག་ཅི་སྨོ་ཟེར་བ་ཅིན་ རིན་པོ་ཆེ་གི་བྱེ་བྲག
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ག་ར་ ས་ལས་བསྟེན་དགོ་ནི་འདི་གིས་ དེ་ཚུ་ཞིབ་འཚོལ་གནམ་མེད་ས་མེད་འབད་དགོ་པས་བ་ལགས་ འ་ནཱི་མིང་འདི་ཚུ་བཏགས་དགོ་པས་ ད་ རྡོའི་རྣམ་པ་ ས་གི་དབྱེ་བ་ འ་ནཱི་ཚུ་ག་ར་ ཤེས་དགོ་པས་བ་ལགས།་ འ་ནཱི་ང་གིས་མ་པ་ དོན་ཚན་བཞི་བཞི་དེ་ཅིག་བཙུགས་བཞག་སྟེ་ཡོདཔ་ཨིན། ཏེ་ ཤིང་གི་སྐོར་ལས་ཆུང་ཀུ་ཅིག་བྲིས་ཡི་ ཏེ་ ང་གིས་ ཆུ་གི་སྐོར་ལས་ཅིག་ཡང་བྲིས་ཡི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    དེ་ལས་ཏེ་ ད་ སའི་སྐོར་ལས་ཅིག་ཡང་ འ་ནེམ་ཅིག་ ང་གིས་མནོ་བསམ་ཅིག་བཏང་སྦེ་འབད་བའི་བསྒང་ཨིན་ གཙོ་བོ་གཙོ་བོ་ང་བཅས་ར་གིས་ཨ་ཙི་ཅིག་ ལམ་སྲོལ་འདི་ཚུ་དང་འགྱུར་བ་བཏང་སྟེ་འབད་རུང་ ད་ འགྱུར་བ་འདི་ ་་་(?) འབྲུག་རྒྱལ་བཞི་པའི་ དགོངས་གཏེར་ཨིན་མས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་ཟེར་མི་འདི་ ཡར་ལས་རོགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཁག་ཆེ་ཏོག་ཏོ་ཨིན་མི་ མཁྱེན་ཏེ་གསུངས་གསུངསམ་འོང་ཏེ་ལགས་ ཁོ་འདི་ སྤྲུལ་པའི་གང་ཟག་ཨིན་མས་ ཁག་མ་ཆེ་བ་ཅིན་ ཁོ་གིས་གསུང་ཡང་མི་གསུང་ཏེ་ ཀ་ཆེན་བཞི་གི་གྱལ་ཁར་བཙུགས་ཡང་མི་བཙུགས་ཏེ་ འ་ནཱི་འབད་ནི་འདི་གིས་ ཡར་ལས་མར་ ཏེ་ ང་བཅས་ར་གི་གཞུང་གིས་ ད་ ད་ཅི་ཞུ་དོ་བཟུམ་སྦེ་ གཙོ་བོ་ང་བཅས་རའི་ མཐུན་འབྲེལ་གྱི་ཐོག་ལས་ ཏེ་ ཡར་ལས་མར་ལས་འོང་པ་ཅིན་ ཨིན་ན་མེན་ན་ཁོང་ཞིབ་འཚོལ་ཅིག་འབད།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    མར་ལས་སྒེར་གྱི་ཁ་ཐུག་ལས་ ཏེ་ ལེ་ཤ་ཅིག་བཟོ་སྦེ་ ཁོང་ནང་བཙུགས་དཔ་འདྲཝ་འབད་བ་ཅིན་ དངུལ་གྱི་རྒྱབ་སྐྱོར་ མ་དངུལ་གྱི་རྒྱབ་སྐྱོར་མེད་པའི་བསྒང་ལས་ གནང་བ་ཅིག་ཁོང་གིས་སྤྲོད་ འདི་གི་ཁོང་གི་རྒྱབ་སྐྱོར་ག་ཅི་འབད་དགོ་མི་ཚུ་ཁོང་གིས་གཟིགས་ཞིན་ན་སྦེ་ ཏེ་ ཁོང་རའི་འབད་ཚུགས་མི་ཡོད་པ་ཅིན་ ཁོང་གི་ཁ་ཐུག་ལས་མཛད་ནི་དེ་ གཞུང་གིས་མཛད་ནི།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ ང་བཅས་ར་གི་ ག་ཅི་སྨོ་ཟེར་བ་ཅིན་ སྒེར་གྱི་འདི་ གཞུང་གིས་མཛད་མི་ཁྱད་པར་ག་ཅི་ཡོད་ཟེར་བ་ཅིན་ གཞུང་གིས་འདི་དང་ དེ་ལས་ ང་བཅས་རང་གི་ ཕྱག་ལཱ་འདི་མང་དྲག་ ཏེ་ མི་སྟོབས་ཀྱི་ལང་མ་ཚུགས་པའི་སྐབས་སུ་ལུ་ ཏེ་ ལོ་བདུན་བདུན་བརྒྱད་འགོར་བ་ཅིན་ སྒེར་གྱི་ཁ་ཐུག་ལས་ ལོ་གཉིས་གསུམ་གྱི་ནང་ལུ་འབད་ད་འོང་ལགས་ སྒེར་ཟེར་མི་འདི་ བདེན་ཆེད་རང་ལཱ་འབད་ནི་གི་དོན་ལུ་ཨིན་མས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    དེ་འབདཝ་ད་ལུ་ ཁོང་གི་རྒྱབ་སྐྱོར་དགོ་པས་བ་ང་བཅས་ལུ་ དཔེར་ན་ རྫོང་ཁག་ནང་ལུ་འགྱོ་བ་ཅིན་ མི་འ་ནཱི་ལུ་རྒྱབ་སྐྱོར་འབད་ ངོས་ལེན་ཡོད་ཁོ་ལུ་ འ་ནེམ་ཅིག་ ཁོ་བཏང་ཡི་ཟེར་མི་ ཏེ་ ང་རང་ཕྲང་ཞུ་བའི་ ང་གིས་ ཉམས་མྱོང་དང་འཁྲིལ་ཞུ་བའི་སྐབས་སུ་ ད་ རྫོང་ཁག་ལ་ལུ་ཅིག་གིས་ ངོས་ལེན་མི་འབད་བས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ག་ཅི་ཐུགས་རྗེ་གནང་ནུག་ཟེར་བ་ཅིན་ ཨ་ ཁོང་འདི་ཏི་རུ་བཟོ་ནིའི་དོན་ལས་འོང་འོངམ་ཨིན་ ནཱ་ལས་བཀའ་ཤོག་གཅིག་བཏང་ད་ རྒཔོ་འདི་ཚུ་ལུ་ ཆ་རོགས་འབད་སྦེ་བྱིན་ཟེར་སླབ་ཟེརཝ་ འ་ནེམ་ཅིག་ལས་ ཁོང་གིས་ཕྲང་ཕྲང་ཏེ་ འ་ནཱི་གནས་ཀྱི་དོན་ལུ་ ཐོ་བཀོད་རྐྱབ་སྟེ་ ཞིབ་འཚོལ་འབད་བར་འོང་མི་ ཐུགས་བཞེད་མི་གནང་བས་བ་ལགས། ཏི་རུ་བཟོ་བར་འོང་ཡི་ཟེར་ འ་ནཱི་ཀི་ཏབ་བཟོ་བཞིན་དུ་ ཁོང་གིས་ ཀི་ཏབ་ཚོང་འབྲེལ་འཐབ་ནི་མས་ཟེར་མནོ་སྡོདཔ་མས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ ཚོང་འབྲེལ་འཐབ་དགོ་ཏེ་ལགས་ ཚོང་འབྲེལ་མ་འཐབ་པར་ཐབས་རང་མིན་འདུག་བ་ལགས་ ད་ ཏེ་ ལོག་སྟེ་ཏི་རུ་བཟོ་དགོ་པས་བ་ལགས་ འ་ནཱི་གི་དོན་ལུ་ ད་རུང་ཕྱུགཔོ་གནམ་མེད་ས་མེད་ཡོད་པ་ཅིན་ ཨིན་པ་ཅིན་ ཏེ་ མ་བྱིན་རུང་ ཆོས་སྦྱིན་སྦེ་བཏང་ད་རུང་བཏུབ་པས་ དེནི་ལཱ་ཁག་འདུག་སྨོ་ལགས། ཏེ་ འ་ནཱི་འབད་ནི་འདི་གིས་ ཕར་ཏི་རུ་ཅིག་འདི་བཟོ་དགོ་པས་ བཟོཝ་ད་ལུ་ དེ་ཚུ་ཚོང་འབྲེལ་འཐབ་སྟེ་འབད་རུང་ ས་གོ་འདི་ཉམས་སྲུང་འབད་ནི་དང་ ལོ་རྒྱུས་ཤེས་ནི་གི་དོན་ལུ་ཨིན་མས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    འ་ནཱི་བཟུམ་ ང་གིས་ ན་ཧིང་ད་ཞུ་ཡི་ དཔེར་ན་ ང་བཅས་ར་དགོན་ཚེ་ཕུག་ལུ་ ཏེ་ མ་ར་ཏི་ཀ་གཉིས་པ་ཨིན་ཟེར་སླབ་མས་ རྣམ་ཐར་ག་ཅི་ནང་ལས་ཐོན་དོ་ཟེར་བ་ཅིན་ སླབ་ནི་མེད་པ་ཅིན་མི་བཏུབ་པས་བ་ལགས། ཏེ་ ང་གིས་ ཤུལ་ལས་མཇལ་ལྟ་བའི་བསྒང་ ཐུགས་སྲས་ཟླ་བའི་རྣམ་ཐར་ནང་འདུག་བ་ལགས་ ཐུགས་སྲས་ཟླ་བའི་རྣམ་ཐར་ནང་ལུ་ ཉམས་སྣང་ནང་ལུ་ ཏེ་ མཁའ་འགྲོམ་འདི་ཚུ་འབྱོནམ་འབད་སྦེ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཁྱོད་ ཏེ་ཕར་ མེ་ལོག་ ཏེ་ མ་ར་ཏི་ཀ་གཉིས་པ་ལུ་ ཚེའི་སྒྲུབ་པ་གནང་པར་འབྱོན་ཟེར་ ཏེ་ འ་ནཱི་སྦེ་རྒྱུད་བསྐུལ་མས་བ་ལགས། ཏེ་ འ་ནཱི་བཟུམ་ ང་བཅས་རའི་ལོ་རྒྱུས་ཤེས་དགོ་པས་ ཏེ་ རྒྱབ་ཁུངས་འདི་ཡང་དགོ་པས་ང་བཅས་རའི་ ཐོབ་ཚུགས་པ་ཅིན་ རྒྱབ་ཁུངས་རབ་ཨིན་མས་ མ་ཚུགས་ཏེ་འབད་རུང་ འཇིག་རྟེན་པའི་ངག་རྒྱུན་འདི་ ཐོ་བཀོད་འབད་རང་འབད་དགོ་ལགས་ང་བཅས་འཇིག་རྟེན་པའི་ ངག་རྒྱུན་ལུ་བདེན་པ་ཡོད་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཕ་ཚིག་བུ་ལ་རྣ་རྒྱུན་ཡོད་མི་འདི་ ནཱ་བུ་གི་ཤེས་རྒྱུན་ཟེར་མི་འདི་ འདི་འབད་དོ་བ་ལགས་ ཡར་ལས་མར་ཤེས་བྱ་གི་རྒྱུན་འདི་ མི་གི་རྣམ་ཅོ་ཁར་ལུ་ རྒྱུད་དེ་རྒྱུད་དེ་སྡོད་སྡོད་བའི་བར་ན་ལུ་ ཤོབ་ཅིག་འདི་མི་སླབ་བ་ཏེ་ དེ་བསྒང་ མི་འདི་གིས་ སླབ་སླབ་པའི་ཅིག་རང་ཨིན་འ་ནཱི་ སླབ་པའི་བདེན་པ་ཅིག་འདི་ཡོད་འ་ནཱ་ལུ་ ཏེ་ འ་ནཱི་ཨིན་ན་མེན་ན་ང་བཅས་ར་གིས་ ཨ་ཙི་རེ་ཞིབ་འཚོལ་ཅིག་འབད་སྦེ།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཁུངས་ཅིག་འདི་ཡོད་བ་འ་ནཱ་ལུ་ འ་ནཱ་འཇིག་རྟེན་གྱི་ གྲགས་པ་ཨིན་མས་ ཐ་སྙད་ཨིན་མས་རོགས་ འ་ནཱི་ང་བཅས་ར་གིས་ ཏེ་ ཉན་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེ་ ཨིན་ཏེ་འབད་རུང་ གནས་སྟངས་དང་མ་མཐུན་པའི་གི་གནད་ལུ་ ཏེ་ ལམ་སྲོལ་ད་རེས་ནངས་པ་གསརཔ་འགྱུར་བ་འབད་བ་ཅིན་ ཏེ་ ང་བཅས་ར་གིས་ བརྟག་ཤིང་དཔྱད་དགོ་པས་འ་ནཱི་སྦེ་ ཏེ་ བདེན་པ་རྙིང་མའི་(?) ཧེ་མ་ལས་སྦེ་ སླབ་པའི་ལམ་སྲོལ་ཅིག་ཡོད་པ་ཅིན།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ འདི་ཡང་ ཤེས་རྒྱུན་ཨིན་ཏེ་ ཡར་ལས་མར་ ཤེས་ ཤེས་བྱ་གི་རྒྱུན་ཨིན་མས་ཡར་ལས་ སླབ་ཅི་སླབ་ཅི་འོང་འོངམ་མས་ ཏེ་ འ་ནཱི་ང་བཅས་ར་གིས་ བདག་འཛིན་འབད་ནི་གནམ་མེད་ས་མེད་ཁག་ཆེ་ གཙོ་བོ་གཙོ་བོ་ང་བཅས་རའི་འགྱུར་བ་ཟེར་འདི་འབད་རུང་ ད་ རོགས་སྲིད་བྱུས་འདི་ ད་ཅི་ཞུ་དོ་བཟུམ་ཨིན།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    རྒྱལ་ཡོངས་དགའ་སྐྱིད་དཔར་འཛོམས་ཀྱི་ ཀ་ཆེན་བཞི་ནང་ལུ་ མ་པ་ལས་རང་ ཧིང་སང་ས་སྦེ་འདུག་ ད་ འ་ནཱི་ང་བཅས་ར་གིས་ ཏེ་ གཞུང་དང་མི་སེར་ སྒེར་ག་ཨིན་རུང་ མཉམ་འབྲེལ་གྱི་ཐོག་ལས་ མི་སེར་གྱི་འབད་འོང་ཟེར་ མི་སེར་གྱིས་འབད་བ་ཅིན་ གཞུང་གིས་འབད་འོང་ཟེར་ གཅིག་ད་རེས་ ཁ་ཉེས་འ་ནཱི་བཀལ་ནི་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཏེ་ ཕྲང་སྟེ་ཞུ་བ་ཅིན་ མི་སེར་གྱི་ཁ་ཐུག་ལས་ ག་ཅི་སྨོ་ཟེར་བ་ཅིན་ ཨེ་མ་ཟ་ཡུདཔ་ཅིག་ཁ་ལས་ ཁ་ཚ་རུང་ཡང་ཡུདཔ་ཅིག་ཁ་ལས་ ཆུ་དགོ་པས་ཟེར་ཡང་སླབ་ནིའི་ཉེན་ཁ་ཡོད་ཏེ་ད་ ཏེ་ ད་ ག་ཅི་སྨོ་ཟེར་བ་ཅིན་ གཞུང་གིས་ཡར་ལས་མར་ ད་ གཅེས་དྲག་ནི་འདི་གིས་ ཧེ་མ་མི་སེར་གྱིས་གཞུང་གསོཝ་མས་ ད་རེས་གཞུང་གིས་ མི་སེར་གསོཝ་འབད་དོ་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    ཕྱི་འགྱུར་ཀྲིག་ཀྲི་འབད་དོ་བ་ལགས་ ཧེ་མ་ང་བཅས་སློབ་གྲྭ་ནང་བཙུགས་པའི་སྐབས་བྱེལ་སྐད་ཤོར་ཤོརཝ་ཨིན་ ད་ ལོག་སྟེ་ མི་སེར་གྱིས་ གཞུང་ལུ་བྱེལ་སྐད་ཤོར་དགོ་ སློབ་གྲྭ་ནང་བཙུགས་གནང་ད་བཙུགས་གནང་ད་ ང་བཅས་བཏོན་བཞག་བཞགཔ་ཨིན་ལགས་ཧེ་མ་ སློབ་གྲྭ་ནང་མི་བཏང་ཟེར་ཏེ་ ཆོས་ལྷབ་བཅུག་དགོ་ཟེར་ཨ་ལོ་འདི་ ག་ཏེ་འོང་ནི་ཟེར་ རྐངམ་ན་ནཝ་ཨིན་ཟེར་ མིག་ཏོ་མི་མཐོང་ཟེར་ རྣམ་ཅོ་བྱ་རྡུགས་ཨིན།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    རྣམ་ཅོ་མི་གོ་ཟེར་སླབ་ཟེར་ འ་ནཱི་སྦེ་ཤོབ་རྐྱབ་རྐྱབ་ཨིན་ལགས་ ཏེ་ ཧེ་མ་ བྱེལ་སྐད་ཤོར་འ་ནཱི་སྦེ་འགྱོ་བའི་ ནམ་དུས་ཨིན་མས་ ཏེ་ འ་ནཱི་སྦེ་ནི་འདི་གིས་ ད་རེས་ནངས་པ་ འ་ནཱི་ང་བཅས་གཅིག་གིས་གཅིག་ ཧད་འཕུལ་ནི་འདུག་ལགས་ གཞུང་གིས་འབད་བ་ཅིན་མི་སེར་ མི་སེར་གྱིས་འབད་བ་ཅིན་ གཞུང་གིས་བཏོན་བྱིན་འོང་ གཞུང་གིས་ལམ་བཏོན་བྱིན་འོང་།
  • ཀུན་བཟང་འཕྲིན་ལས་ Kuenzang Thinley
    གཞུང་གིས་མཛད་འོང་ གཞུང་གིས་ཉམས་གསོ་འབད་འོང་ ཏེ་ གཏན་འཇགས་རང་གི་གཡུས་ཁའི་ལུགས་སྲོལ་དང་ ལམ་སྲོལ་འདི་ཚུ་དང་ གནས་སྟངས་ཚུ་ ག་ར་ཉམས་འགྱོ་ནི་མས་ཏེ་ལགས་ ཡལ་འགྱོ་འོང་ལགས་ འ་ནཱི་འདི་ཚུ་ འ་ནཱི་འབད་ནི་འདི་གིས་ ང་བཅས་ར་གི་སེམས་འདི་ གནམ་མེད་ས་མེད་ཀྱི་ མཐུན་འབྲེལ་ཐོག་ལས་ འ་ བཏང་ནི་འདི་ གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་ འ་ནཱི་སྦེ་མཐོང་མས་ཟེར་ ཞུ་ནི་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།