Skip to main content Skip to search
22 Jan 2016
8 min 34 sec
Video Overview
Creators: 
Sherig Dhentshog

An elder from Nyingshingborang village in Pemagatshel district narrates a story of a hunter named Shamkhar Miruzangpo who can hear the voices of non-human spirits. One day he was sleeping by a tree and heard some non-human spirits talking to one another, saying that a recent new born was a boy which they predict will die at the age of nine, attacked by a tiger while sleeping in a forest. He finds out in the morning that his wife has given birth to a boy that night. When his son is nine years old, Shamkhar Miruzangpo guards his son in the forest and kills the tiger that came to eat him. But as the son kicks the tiger's dead body, he hits a fang and dies. The message of this story is that death will happen as it is destined to, we cannot change that.

 

༉  པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ ཉེང་ཤིང་བོ་རང་གཡུས་ཚན་ལས་ རྒས་ཤོས་ཅིག་གིས་ ཁོང་གི་གཡུས་ཚན་དང་གདོང་སྐོར་སྦེ་ཡོད་མི་ གཞལམ་སྒང་རྫོང་ཁག་ ཁེངས་ལུང་གཤོང་འདི་ གཡུས་ཚན་བ་ལ་བམ་ན་དང་གཅིག་ཁར་ཁྱིམ་མཚེས་སྦེ་ ག་དེ་སྦེ་སྡོད་དོ་ཡོདཔ་ཨིན་ནའི་སྐོར་ལས་བཤདཔ་ཨིན་པས། ཁེངས་ཟེར་མི་འདི་ གཞལམ་སྒང་རྫོང་ཁག་ནང་ རྒྱ་ཆེ་དྲགས་སྦེ་ཁྱབ་སྟེ་ཡོད་པའི་ལུང་གཤོང་ཅིག་ལུ་སླབ་ཨིནམ་ད་ ཉེང་ཤིང་བོ་རང་དང་བ་ལ་བམ་ནང་གཉིས་ཀྱི་བར་ན་ལས་ ཀུ་རི་ཆུ་དང་གོང་རི་ཆུ་བཅད་དོ་ཡོདཔ་མས། ཆུ་ཕར་ཁ་ཡོད་མི་ཁེངས་པ་ཆ་ཁྱབ་ ས་གནས་མཐའ་ཟུར་འབད་ནི་དེ་གིས་ གཞི་གསར་ཞུ་སྟེ་འགྱོཝ་སྦེ་ལོ་༡༢ དེ་ཅིག་འགྱོ་སྟེ་ཡོདཔ་ད་ ད་རིས་ནངས་པར་ཕར་ཚུར་འབྲེལ་བ་འཐབ་ས་ཅིག་མེདཔ་ཨིན་པས། ཧེ་མ་འབད་བ་ཅིན་ ཟམ་མེད་ནི་དེ་གིས་ཆུ་བརྒལ་ཏེ་ཕར་ཚུར་འགྲོ་འགྲུལ་འབད་ནི་ལུ་ཡང་ལཱ་ཁག་ཅིག་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཉེང་ཤིང་བོ་རང་ལས་བརྒྱུད་དེ་ ཁེངས་པཱན་སྦང་ཁ་ཐུག་གཞུང་ལམ་ སྣུམ་འཁོར་གྱི་ལམ་ཅིག་གསརཔ་བཏོན་པའི་བསྒང་འདུག

Transcript search
No results found for this search
0 of 0
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལགས་སོ། ང་ ང་ནཱ་ ཉིང་ཤིང་བོ་རང་ ནོར་བུ་སྒང་རྒེད་འོག་ ཉིང་ཤིང་བོ་རང་ལས་ཨིན་ལགས། ང་ ད་ལྟོ་ འགན་ཁག་འབད་བ་ཅིན་ ཚོགས་པ་ཅིག་འབད་དེ་ཡོད། ཨིན་རུང་ ང་གིས་ ཨ་ཙི་ཅིག་ ནཱ་གི་བཤད་པ་ ཨ་ཙི་ཅིག་ ང་རའི་ ཤེས་མི་ཅིག་ ནཱ་ སློབ་དཔོན་ལུ་ ཞུ་ནི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ད་ ནཱ་ལུ་ཏེ་ རྒེད་འོག་ནོར་བུ་སྒང་ ཏེ་གཡུས་འབད་བ་ཅིན་ ཉིང་ཤིང་བོ་རང་ཨིན་ལགས། ནཱ་ ཉིང་ཤིང་བོ་རང་ལུ་འདི་ རྒེད་འོག་ ནོར་བུ་སྒང་རྒེད་འོག་ཡོད་ རྒེད་འོག་ལྟེ་བ། ཨར་ཨེན་ཨར་ དེ་ལས་ ད་རུང་ སློབ་གྲྭ་དང་ སྨན་ཁང་ ལྷ་ཁང་ཡང་ ནཱ་ལུ་ཡོད་ཟེར་ཞུ་ནི། དེ་ལས་ འ་ནཱ་ལས་ གཙོ་བོ་ར་ ང་བཅས་དང་ཕུ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཧེ་མ་ཧེ་མ་ ཕར་ ས་ཆ་འབད་བ་ཅིན་ འ་ནཱ་ལས་ཕར་དེ་ ནཱ་ ཆུ་ཡོད་བར་ན་ འ་ནཱི་ཡར་ སྐུ་རི་དང་ གྲངས་མེད། ཡར་ མོང་སྒར་ལས་མར་འོང་མི་ ཆུ་ཆེན་ཡོད། གོང་རི་ འ་ནཱ་ལས་ ཆུའི་ཕར་བལྟ་འདི་ཏེ་ ཁེངས་པ་ འ་ནཱི་ བྱོ་ཀ་པ་ ཁོང་ འ་ནཱི་སྦེ་ཡོད་ ཡར་གཞལམ་སྒང་ཆ་འོག་གི།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཏེ་དེ་འབདཝ་ད་ ད་ལྟོ་འདི་ ཁོང་ཆ་ཁྱབ་གཞི་གསར་སྦེ་མར་ འ་ནཱི་ དགེ་ལེགས་ཕུ་ལུ་སོང་ཡི། ཧེ་མ་འབད་བ་ཅིན་ འ་ནཱི་ལས་མར་ ཁོང་ཚུ་ གཞི་ཆགས་སྟེ་སྡོད་ཅི། ཏེ་གཞི་ཆགས་སྡོདཔ་ད་ ང་བཅས་ ཕར་ཚུར་འབད་དེ་ འབྲེལ་བ་འཐབ་པའི་ སྐོར་ལས་ཞུ་ནི་ཨིན་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    མར་ སའི་མིང་འདི་ བ་ལ་བམ་ནང་ཟེར་ སླབ་ཨིན། ཁོང་གི་ སའི་མིང་། འདི་ལུ་ བཟའ་སྤྱོད་འབད་དེ་ ལོ་དག་པ་ཅིག་སྡོད་ཅི། འདི་ཁར་ ཚལ་ལུ་ཤིང་དང་ བྲམ་ཟས་ཤིང་ ག་ནི་ཡང་འཚོ་སྟེ་སྡོད་ཅི། དེ་ལས་ འདི་ལུ་ ཁོང་ཚུ་ སྡོད་པའི་སྐབས་ལུ་དེ་ ཁོང་གི་ ཆུ་ནང་སྦེ་ སྦ་གི་ གྲུ་བཟོ་སྟེ་ དེ་གིས་ ནཱ་ལུ་ འ་ནཱི་ ཆུ་བརྒལ་ཏེ་འོང་དེས། ཁོང་ འ་ནཱི་ རྟ་དང་ བོང་ཀུ་ཡང་ ནཱ་ལུ་ འཁྱིད་དེ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚལ་ལུ་ཡང་ ཕར་བསྐྱལ་ཏེ་ ཨེ་མ་ཚུ་ཡང་ ནཱ་ལུ་ ཚོང་སྦེ་བསྐྱལ་ཏེ་ ནཱ་ལུ་ འོང་དེས། ཁོང་གི་ ནཱ་ལས་མར་ མར་རྒྱ་གར་ལུ་ རང་ང་པ་ནི་ཟེར་སར་ལུ་ མར་སོང་ཞིནམ་ལས་ ཁོང་གི་ འ་ནཱ་ ཆུ་སྦོམ་མ་འགྱོ་བའི་བར་ན་ འ་ནཱ་ འ་ནཱི་ ཁོང་ ས་མར་ཁུ་དང་ ཚྭ་ཚུ་ དགུན་ལས་ར་ བཏོན་བཞག་འོང་ ཁོང་གིས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ དེ་ལུ་ ནཱ་ལས་ ང་བཅས་ ནོར་བུ་སྒང་པ་ཡང་ ནཱ་ལས་ཕར་བལྟ་སོང་སྟེ་ ཕར་ལུ་ ཕར་ཚུར་འབད་དེ་ ང་བཅས་ཀྱི་ ཚལ་ལུ་ཚུ་ཡང་ ཕར་ལས་ཚུར་ ཉོ་སྟེ་ ཚུར་ཡང་བཙུགས་ཅི། དེ་ལས་ ཁོང་སྡོད་པའི་སྐབས་ལུ་ ཕར་ཚུར་འབད་དེ་ གཅིག་གི་གཅིག་ ངོ་ཤེས་ཤེསཔ་སྦེ་སྡོད་ཅི།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཨིན་རུང་ གཉེན་གྲོགས་ དེ་འབད་འདི་ རྐྱབ་རྐྱབ་མེད། དེ་ལས་ ཨིན་རུང་ ཨ་མར་ ས་ཆ་ཚུ་འདི་ ཕར་ ཆུའི་ཕར་ བཅད་མི་འདི་ ཁེངས་པ་ཨིན། ཁོང་ ཁེངས་པ་ཟེར་ སླབ་ཨིན། དེ་འབདཝ་ད་ ཨ་མར་ ས་ ཕུ་གི་མིང་འདི་ དུང་དཀར་ཕུ་ཟེར་ སླབ་ཨིན། ཡར་གྱི་འདི་ རྒྱུ་རི་ཕུ་ཟེར་ སླབ་ཨིན།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    འ་ནཱ་ལས་ ཡར་བལྟ་འབད་བ་ཅིན་ ཡར་ ཡངས་བྷ་རི་གི་ལོག་ཨིན་མས། ཡངས་བྷ་རི་གི་ལྟག་གི་དེ་ ཡར་ ཀེང་མཁར་ ནཱ་ལས་ ཀེང་མཁར་ཡང་མཐོངམ་ཨིན། ད་ལྟོ་ ས་སྨུག་གི་སྦེ་ སྦ་བཞག་ནུག། ཚུར་བལྟ་འབད་བ་ཅིན་ བདེ་ཆེན་གླིང་ཨིན། དེ་ལས་ཏེ་ འ་ནཱ་ལས་མར་བལྟ་ ཆུའི་མཇུག་ལོག་ལུ་འབད་བ་ཅིན་ པཱན་བཱང་ཨིན་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ད་ལྟོ་ འ་ནཱ་ལུ་ སྣུམ་འཁོར་ལམ་བཏོན་མི་འདི་ འ་ནཱི་ གསརཔ་འདི་ མར་ པཱན་བཱང་ཁ་ཐུག་ལུ་འགྱོ་མི་ པཱན་བཱང་ཁ་ཐུག་ལུ་བཏོན་མི་ སྣུམ་འཁོར་ལམ་ཨིན་ལགས། ད་ལྟོ་ ཁོང་ སྣུམ་འཁོར་ལམ་ སེལ་མི་ཚུ་གིས་ སེལ་བའི་བསྒང་ར་ཡོད། ད་ལྟོ་ ལེགས་ཤོམ་འགྱོ་བའི་བསྒང་ར་ཡོད། སྣུམ་འཁོར་ཡང་ ཡར་མར་ འགྱོ་དེས་འགྱོ་ནི་དེ་ ཨིན་རུང་ ཁོང་ འ་ནཱི།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལས་འགུལ་ ཁོང་ལཱ་འབད་མི་ལུ་ཐོགས་མས་ཟེར་ གནམ་མེད་ས་མེད་ སྣུམ་འཁོར་ཡང་ ཤུགས་བདའ་མི་བཅུག་པས། ཁག་ཆེ་མི་ཚུ་བདའ་བཅུག་མས། དེ་ལས་ འདི་ལས་ ཨ་ཕར་བལྟ་ འ་ནཱི་ ཕྲང་སྟེ་འདི་ འ་ནཱི་ བྱོ་ཀ་ཨིན་ལགས། ཁོང་ བྱོ་ཀ་ལུ་ ང་གིས་ ཧེ་མ་ལྷོད་ཅི། བྱོ་ཀ་ཨིན་ལགས། འ་ནཱི་ལས་ མར་བལྟ་དེ་ ཁོང་ པཱན་བཱང་ཀྱི་ཨིན་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ འ་ནཱ་ལས་ མར་བལྟ་ རྒྱབ་ཁ་ཐུག་ལུ་འབད་བ་ཅིན་ ཁོང་ རྒྱ་གར་གྱི་ ང་བཅས་རའི་ སྤོ་ཏོ་ལས་མར་བལྟ་ར་ མར་གྱི་ ནགས་ཚལ་སྲུང་སྐྱོབ་་ཀྱི་ཨིན་ལགས། མར་བལྟ་ རྒྱ་ཐང་ཁ་ཐུག་ལུ་འབད་མི། དེ་ལས་ འདི་འབདཝ་ད་ དང་ཕུ་ ང་བཅས་ ནཱ་ ཁེངས་ཀྱི་མི་ཚུ་དང་གཅིག་ཁར་སྡོདཔ་ད་ དཔེ་འབད་བ་ཅིན་ ང་བཅས་ཚུ་ ཧ་ལམ་ལོ་ ལོ་འབད་བ་ཅིན་ ཧ་ལམ་ ལོ་ ༢༡ དེམ་ཅིག་ར་ ནཱ་ལུ་ གཅིག་ཁར་སྡོད་སྡོདཔ་འོང་ ཕར་ཚུར་འབད་དེ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ ཤུལ་ལས་འདི་ ཁོང་ཚུ་སྟབས་མ་བདེཝ་བར་ ཨ་ཙི་ཅིག་ ས་ཟུར་ཁར་ར་ འགྱོ་འགྱོཝ་མས་ཟེར་ ཁོང་ གཞི་གསར་ལུ་འགྱོ་ཡི་ མར་གཞི་གསར་ལུ་སྤོ་འགྱོ་ཞིནམ་ལས་ ད་ལྟོ་ གཞི་གསར་སོང་སྟེ་ ལོ་འབད་བ་ཅིན་ ཧ་ལམ་ ལོ་༡༢་ལྷག་ཙམ་ཅིག་ འགྱོ་དོ་བཟུམ་འདུག། ཁོང་ཚུ་སོང་སྟེ་ དེ་ལས་ ད་ལྟོ་ ཁོང་ཚུ་གིས་ བཟའ་ཤུལ་ག་ར་ ཚལ་མ་འགྱོ་སྟེ་ འ་ནཱི་ ཤིང་ཚུ་ཡང་ སྦོམ་འགྱོ་ཚར་ནུག་ ད་ལྟོ་
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    སྦོམ་འགྱོ་ནུག། ད་ལྟོ་ ང་བཅས་ ཕར་ཚུར་འགྱོ་ནི་ཡང་མེད། ནཱ་ལས་ འ་ནཱི་ ཁོང་སྡོད་པའི་སྐབས་ལུ་ ཁོང་གིས་འདི་ གྲུ་ཡང་ ཁོང་གིས་ བཟོ་ཤེས། གྲུ་བཟོ་ནི་ཡང་ ཁོང་གིས་ཤེས་ཏེ། ཁོང་ སྡོདཔ་ད་ལུ་འདི་ ང་བཅས་ཡང་ ཕར་སོང་སྟེ་ ཁོང་ཡང་ ཚུར་འོང་སྟེ་ དེ་སྦེ་སྡོད་ཅི། དེ་ལས་ འ་ནཱ་ གནམ་བྱཱར་ལུ་འདི་ ཁོང་ ཆུ་བརྒལ་མི་ཚུགས་ཆུ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཆུང་ཀུ་སྦེ་ཏེ་ ཟླཝ་དགུ་པ་དང་ བཅུ་པ་ འ་ནཱ་ དང་པ་ཚུན་ཚོད་འདི་ ཁོང་ ཆུ་བརྒལ་ཚུགས་སྡོདཔ་ཨིན། དེ་ལས་ འདི་ཡི་བར་ན་ ཆུ་བརྒལ་མ་ཚུགསཔ་ད་འ་ནཱི་ གེརད(ཚར)་སྐུདཔ་གི་སྦེ་དེ་ སྤྲིང་སྟེ་ རྩིགཔ་རྐྱབ་སྟེ་ ཕར་ཚུར་ འགྱོ་དེས་ ཁོང་ འ་ནཱི་ ཆུ་གུ་ལས་སྦེ་ འ་ནཱི་ ཚར་ལྔ་དྲུག་དེམ་ཅིག་