Skip to main content Skip to search
15 Dec 2011
9 min 47 sec
Rating
0
No votes yet
Video Overview
Creators: 
Unknown

该章讲述了本寺的最初的规模和有多少僧人,,该寺分寺 ,经堂,佛像等讲解的比较细致。 该寺建于吐番赞普松赞干布时期,从建立到至今本寺历史。

Show More

  • སྐུ་ཞབས།
    ལགས་སོའོ། དཔལ་རི་དགོན་པ་ད་ཡ་གའི་བྲག་ཁྲི་པ་གཏེར་འདོན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ་གནང་པའི་དགོན་པ་དེ། དཱ་ཕྱག་བཏབ་གནང་ཙང་དགེ་འདུན་གྲངས་ཚད་འདྲ་པོ་བྱས་ན་ག་ཚད་༿ཚོད་༾ཡོད་ནམ།༿དམ་༾
  • ངག་དབང་རྒྱ་མཚོ།
    དགེ་འདུན་བྱས་ན། དགེ་སློང་རང་བྱས་ན་ལྔ་བརྒྱ་འདས་ཙམ་ཡོད་པཱ་ཟེར།
  • སྐུ་ཞབས།
    ལྔ་བརྒྱ་འདས་ཙམ།
  • ངག་དབང་རྒྱ་མཚོ།
    ཨན། ལྔ་བརྒྱ་འདས་ཙམ་དང་གྲྭ་པ་གྲངས་དེའི་འོག་འོག་འདི་མར་དེའི་ལྷ་ཁང་བྱས་འདི་ཚོ་ཡོད་པའི་གྲྭ་པ་བྱས་པ་ཡིན་ན་ཕོན་ཆེ་ཐགས་ཆོད་ཡོའོ་༿ཡོད་༾རེད་ཟེར་གྱིས། དགེ་སློང་རང་ལྔ་བརྒྱ་ཡོད་པ་ཟེར།
  • སྐུ་ཞབས།
    དགེ་སློང་ལྔ་བརྒྱ།
  • ངག་དབང་རྒྱ་མཚོ།
    འོ་་་།དགེ་སློང་ལྔ་བརྒྱ་ཡོད་པ་ཟེར། དཱ།དེ་ནས་དེ་ནི་ཁོ་རང་ཁོ་རང་ཉམས་རྒུད་ལ་ཕྱིན་ནས། དེ་ནི་གྲྭ་པོ་ཡིན་ནའི་ཉུང་རུ་ཉུང་རུ་ཉུང་རུ་ཉུང་རུ་ཉུང་རུ་ཕྱིན། དགོན་པ་ཡིན་ནའི་དེ་འདྲས་འཐོར་ཡའི་༿ཡས་༾ཐོར་དེ་འདྲས་ཅིག་བྱས་པའི་ཐོག་ལ། དེ་ནི་གཞུག་ལ་ལྔ་བཅུ་ང་དགུ་ཕུར་འདས་གྲྭ་པ། བསམ་ཡས་མཆིམས་ཕུ་དང་མཉམ་པོ་སྦྲགས་པའི་བརྒྱ་འདས་ཙམ་ཅིག བརྒྱ་འདས་ཙམ་ཅིག་འདི་འདྲས་ཅིག་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    བསམ་ཡས། བསམ་ཡས་མཆིམས་ཕུ་ལ་ཡིན་ན་གྲྭ་པ་སུམ་ཅུ་ཙམ་མ་ཟིན་པ་ཅིག དཔལ་རི་ལ་གྲྭ་པ་བདུན་ཅུ་ལྷག་ཙམ་ཅིག འོ་་་་འདི་འདྲས་ཅིག་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    ད།དེ་ནས་འདིའི་འདི་ལོ་སྲོང་བཙན་སྒམ་པོ་ཅིག་དག་མར་གཙོས་འབྲེལ་བ་བྱས། སྔོན་མ་སྲོང་བཙན་སྒམ་པོའི་བང་སོ་འདི་ཡིན་ན། དེའི་དཔལ་རི་དགོན་པའི་ཁུངས་གཏོགས་ཟེར། དཔལ་རི་དགོན་པའི་ཁུངས་གཏོགས་བྱས། དེ་ནི་དེ་དུས་སྲོང་བཙན་བང་སོ་ནས་ཡ་༿ཡར་༾ནས་མར་གྲྭ་པ་ནི་ཡོང་མཁན་ནི་སྲོང་བཙན་བང་སོའི་ནས། མར་གྲྭ་པ་དེ་རེ་མོས་བྱས་ཡོང་། གྲྭ་པ་རེ་མོས་བྱས་ཡོང་ནས་སྐུ་གཉེར་གཅིག་ལོ་གཅིག་གྲྭ་པ་གསུམ་འདི་གྱད། ཟླ་བ་རེ་རེར་གྲྭ་པ་གསུམ་གསུམ་གསུམ། གསུམ་བྱས་ནས་བསྐྱོངས། དེ་འདྲས་ཅིག་བྱེད་དགོས་པ་ཟེར།
  • ངག་དབང་རྒྱ་མཚོ།
    དཱ།འདི་མཚན་ཐོའི་ནང་ནས་མར་བཏོན་བཞག་དགོས་པ་ཟེར། ཅི་ཟེར་ང་འགྲོ་ཡས་ཡིན་དང་འགྲོ་ཡས་མིན་ཟེར་ས་ཁྱོན་ནས་མེད་པ་ཟེར། མཚན་ཐོའི་ནང་ནས་བཏོན་བཞག་རོགས་པཱ། ཟེར།
  • ངག་དབང་རྒྱ་མཚོ།
    དཱ། འདི་སྲོང་བཙན་བང་སོ་འདི་སྔོན་མ་ཡིན་ན་རྒྱ་ཆེ་ཐག་ཆོད། སྔོན་མ་ཡིན་ན་རྒྱ་ཆེ་ཐག་ཆོད་བྱས། འདུ་ཁང་ཡིན་ན་འདུ་ཁང་ཀ་བ་བཅུ་གཉིས། འདུ་ཁང་ཀ་བ་བཅུ་གཉིས་བྱས། འདུ་ཁང་ནང་ལ་སྐུ་གང་འདྲས་གཅིག་ཡོད་པཱ། ཟེར་ན།
  • ངག་དབང་རྒྱ་མཚོ།
    གཙོ་བོ་དེ་རྒྱལ་བ་བྱམས་པ། མར་མེ་མཛད། དེ་ནི་ཨོའོ་སངས་རྒྱས་ཚེ་དཔག་མེད། ལོགས་ཚུར་ཕྱོགས་དེར་སངས་རྒྱས་ཚེ་དཔག་མེད། ཨན།ལོགས་ཕར་ཕྱོགས་དེར་ཤཀྱཱ་ཐུབ་པ། དེའི་འོག་ཏུ་གུ་རུ་མེ་འབར། དེའི་འོག་ཏུ་རྟ་མགྲིན་ཨོའོ་འདི་འདྲས་ཅིག་ཡོད་པཱ། ཟེར།
  • ངག་དབང་རྒྱ་མཚོ།
    ད།ཕྱག་ན་རྡོ་རྗེའི་འོག་འདི་ནས་མར་གང་ཡོད་པཱ། ཟེར། ཉེ་བའི་སྲས་ཆེན་བརྒྱད།
  • སྐུ་ཞབས།
    ཉེ་སྲས་བརྒྱད།
  • ངག་དབང་རྒྱ་མཚོ།
    འོ།ཉེ་སྲས་བརྒྱད་ཡོད་པ་ཟེར། ད།ཉེ་སྲས་བརྒྱད།བརྒྱད་འདི་བྱས་ནི་འདིའི་འོག་འདི་ག་ལ་བཀའ་འགྱུར་བསྟན་འགྱུར་ཡོད་པ་ཟེར། ཧྲིལ་གསམ། བཀའ་འགྱུར་བསྟན་འགྱུར་བྱས།
  • ངག་དབང་རྒྱ་མཚོ།
    ད།འདིའི་མདུན་འདི་གས་ལ་སྲོང་བཙན་སྒམ་པོ། སྲོང་བཙན་སྒམ་པོ་བྱས། རྒྱ་བཟའ་བྱས། བལ་བཟའ་བྱས། དེའི་འོག་དེར་དཔེ་སྟོན་་བློན་པོ་མགར་བ་བྱས། དེའི་འོག་དེར་ཐོན་མི་བསམ་བྷོ་ཌ་བྱས། ཁོང་རྣམས་ཚོ་འདི་གས་བྱས། དེའི་འོག་དེར་འདུ་ཁང་ཀ་བ་བཅུ་གཉིས་བྱས། འདུ་ཁང་ནང་སྐུ་འདི་འདྲས་ཅིག་བྱས།
  • ངག་དབང་རྒྱ་མཚོ།
    ད། མགོན་ཁང་ནང་ལ་གང་འདྲས་ཅིག་ཡོད་པཱ། ཟེར་ན།
  • ངག་དབང་རྒྱ་མཚོ།
    མགོན་ཁང་ནང་ལ། ཨཱ། ཀ་བཞི། མགོན་ཁང་ཀ་བཞིའི་ས་ཡོད་པ་ཟེར། མགོན་ཁང་ཀ་བཞིའི་ནང་ནས། ཨཱ་དཀྱིལ་དེ་རུ་དེ་ཡོད་པ་ཟེར། ལྷ་མོ་བཙན་ཁྲི་ཀ་ཟེར།སོབ་གཅིག དེའི་འོག་དེ་རུ་དེའི་ཚུར་ཕྱོགས་དེ་རུ་རྩིག་དམར་གྱི་སོབ་གཅིག འདིའི་ནང་ཁུགས་དེ་རུ་།གུ་རུ་མཚན་བརྒྱད། མགོན་ཁང་ནང་ལ་གུ་རུ་མཚན་བརྒྱད། འོ་འདི་འདྲས་ཅིག་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    མགོན་ཁང་ཀ་བཞིའི་ས་རེད་ཟེར། ཀ་བཞིའི་སྟེང་དེ་རུ་གང་ཡོད་པཱ། ཟེར་ན། གནམ་ལྷ་ཁང་།
  • སྐུ་ཞབས།
    གནམ་ལྷ་ཁང་།
  • ངག་དབང་རྒྱ་མཚོ།
    གནམ་ལྷ་ཁང་ཀ་བཞིའི་ས། ཀ་བཞིའི་ས་ནས་དེའི་སྟེང་དེ་རུ་སྐུ་འདི་གས་གང་འདྲས་ཅིག་ཡོའོ་རེད་ཟེར་ན།
  • ངག་དབང་རྒྱ་མཚོ།
    སྐུ་དེ་གས་རྒྱ་གར་རིག་འཛིན་བརྒྱད། འོ་འདི་འདྲས་ཅིག་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    ད།རྒྱ་གར་རིག་འཛིན་བརྒྱད་ནང་ནས། ད་ད་ལྟའི་སྟེང་དེ་རུ་ཡོང་ན། ངའི་ཞོགས་ཚུར་ཕྱོགས་འདི་རུ་ལྷ་བཟང་དཀར་པོ་ཟེར་ཡས་གཅིག་ཡོའོ་རེད་ཟེར།  འདི་ཕྱོགས་ཚུར་ཕྱོགས་ནི་ལྷ་བཟང་དཀར་དང་།
  • སྐུ་ཞབས།
    ཞོགས་གཡས་དེར་རེད་པ། ལགས།
  • ངག་དབང་རྒྱ་མཚོ།
    འོང་གཡས་ངོས་དེ་ལྷ་བཟང་དཀར་པོ་བྱས། ལྷ་བཟང་དཀར་ནས་ག་འདྲས་ཅིག་བྱེད་དགོས་ཟེར་ན།
  • ངག་དབང་རྒྱ་མཚོ།
    ལྷ་བཟང་དཀར་བྱས། གནམ་ལྷ་ཁང་བྱས། ཨན།དེ་ནས་དེའི་རྡོ་རྗེ་སེམས་དཔའ་བྱས། དེ་གས་ནང་ལ་བཀའ་འགྱུར་བསྟན་འགྱུར། ལོ་རེ་རེར་བཀའ་འགྱུར་བསྟན་འགྱུར་ཞལཁ་འབྱེད་པའི་སྐབས་སུ། རི་བོ་བདེ་ཆེན་གྱི་གྲྭ་པ་ཕེབས་ཀྱི་རེད་ཟེར།  དཔལ་རི་དགོན་པའི་གྲྭ་པ་ཕེབས་ཀྱི་རེད་ཟེར། སྤྱན་ཡས་ཀྱི་གྲྭ་པ་ཕེབས་ཀྱི་རེད་ཟེར། འོ་འདི་གས་ཁོང་རྣམས་ཚོ་གསུམ་དེ་གས་། ཁོང་་རྣམས་ཚོ་ཁག་གསུམ་གྱིས་མ་གིའི་སྟོད་ཡ་གའི་འདུ་ཁང་། རུམ་ཁང་ཀ་བཞིའི་ས་ཆ་གཅིག་རྒྱབ་དེ་རུ་ཕར་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    ཞོགས་ལྷོ་ངོགས་དེ་རུ་ཡར། ལྷོ་ངོགས་དེ་རུ་ཀ་བ་བཞིའི་ས་ཆ་གཅིག་ཡོད་པ་ཟེར། ད།རྡོ་རྗེ་སེམས་དཔའི་ནང་གང་ཡོད་པ་ཟེར་ན།
  • ངག་དབང་རྒྱ་མཚོ།
    རྡོ་རྗེ་སེམས་ལྕམ་གནས་སྤྲིན་དཀར་ཆིབས་པ་ཟེར།  ལྕམ་གནས་རི་སྒང་རྩེའི་ནང་ལ་རྡོའི་རྡོ་སེམས་དཔའ་རྐྱང་རྐྱང་། སྐུ་ཡོད་པ་ཟེར། འདིའི་ནང་ལ།
  • སྐུ་ཞབས།
    འོའོ།རྡོ་བརྐོས་ཀྱི་དེ་རྡོ་རྗེ་སེམས་དཔའི་སྐུ།
  • ངག་དབང་རྒྱ་མཚོ།
    འོ།རྡོ་བརྐོས་ཀྱི་སྐུ། ལྷ་བཟང་ཁང་ནང་གང་ཡོད་པ་ཟེར་ན། ལྷ་བཟང་ཁང་ནང་ལ། ཨོའོ།སངས་རྒྱས་སྟོང་སྐུ་རྐྱང་རྐྱང་རེད་ཟེར། མི་འཁོར་བྱས་ནས་བརྒྱད།
  • ངག་དབང་རྒྱ་མཚོ།
    ལྷ་བཟང་ཁང་ནང་ལ་བརྒྱད། སྟེང་ཡ་གི་ནང་ལ་དེ་རེད་ཟེར། ཨན།སྟོན་པ་དེ་་་་་་་་མཚོན་དེ་གས་ཀྲག་རྩིས་བཏང་བའི་ད་ག་ཟེར་སྐྱ་རིས་བྱས་པའི་དེ་རང་མ་རེད་ཟེར། ཚོན་སྣ་མིན་སྣ་ཚོགས་རང་མ་རེད་ཟེར། སྐྱ་རིས་རེད་ཟེར། འོ་་འདིས་ཀྱི་སྟེང་ལ་གནམ་ལྷ་ཁང་ནང་ལ་ཨོའོ་འདི་འདྲས་གཅིག་ཡོད་པཱ་ཟེར།
  • ངག་དབང་རྒྱ་མཚོ།
    ཨོའོ།ཞོག་འདིའི་ནང་ལ། ཞོག་ལོགས་འདིའི་ནང་ལ། གཙང་འོག་འདིའི་ནང་ལ་མ་ཎི་ལྷ་ཁང་མ་ཎི་ཆེན་པོ་གཅིག་ཡོད་པཱ་ཟེར། 
  • ངག་དབང་རྒྱ་མཚོ།
    འདིའི་མ་ཎི་འདི་དཔལ་རི་ནས་ཁྱེར་ཡོང་དུས་དཔལ་རི་ནས་ཡ་ནས་མར་ཡོང་གི་ཡོའོ་རེད་ཟེར། ད།ཚུར་ཕྱོགས་འདི་རུ་མ་ཎི་འདིའི་མ་ཎི་ལྷ་ཁང་ཚུར་ཕྱོགས་འདི་རུ་ཨོའོ་མར་བླུགས་སའི་ཁང་པ་ལྕམ་མིག་ཆུང་ཆུང་གཅིག་ཡོད་པཱ་ཟེར།
  • ངག་དབང་རྒྱ་མཚོ།
    ཁང་པ་ལྕམ་མིག་ཆུང་ཆུང་གཅིག་མ་གཏོགས་མེད་པ་ཟེར། འདིའི་ནང་ལ་ཆོས་མར་བཞུར་བའི་སྐབས་སུ། ཆོས་མར་རྒྱབ་ཕྱོགས་ནས་ཆོས་མར་འདི་འོ་འདིའི་ནང་ཁུག་ལ་བཞག་གི་ཡོད་པ་ཟེར། ཨོའོ་དེར་བཞུར་གྱི་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
     ད།དེ་ནས་མར་གཟིམ་ཆུང་སྟེང་ཞོལ་གཉིས་ཡོད་པ་ཟེར། སྟེང་འདི་ནས་མར་སྟེ་ང་འདི་རུ་ཀ་བ་གཉིས་ས་གཅིག འདིའི་འོག་འདི་རུ་ཀ་གཉིས་གཅིག དེའི་མདུན་དེ་རུ་དེ་རེད་ཟེར། ཨོའོ།ཇ་ཁང་འདི་ནས་མར་བྲག་ཙ་རིའི་ཟམ་པའི་ཀ་བ་བདུན་ཡོད་ན་གཅིག་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    འདིའི་འོག་འདི་རུ་ལྕམ་མིག་ཆེན་པོ་གཅིག་ཡོད་པཱ་ཟེར།  ལྕམ་མིག་ཆེན་པོ་དེར་སྐུ་གཉེར་གྱི་ཅ་ལག་ཞོག་སའི་ཁུངས་པ་ཟེར། ཞོག་འདི་ནས་མར། འོ།འདི་གས་པ་ཟེར།
  • ངག་དབང་རྒྱ་མཚོ།
    འད།ཞོག་འདི་ངོགས་དེར་འདི་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    ཨན།རྒྱབ་ཏུ་རུམ་ཁང་ཆེན་པོ་གཅིག རུམ་ཁང་ཆེན་པོའི་སྒང་དེ་རུ། ཨན།སྐུ་གཉེར་ཅིག་དག་ཞོག་སའི་ཁང་པ་ཀ་བ་གཉིས་བྱས་པའི་ས་གཅིག་ཡོད་པ་ཟེར། ད།འདི་ནས་མར་བྱས་མ་གིའི་དཀྱིལ་འདི་ནས་མར་ཨན་རྡོ་རྗེ་སེམས་དཔའི་དཀྱུས་འདི་ནས་མར་ཁང་པ། ཨན།ལྕམ་མིག་རིང་ཐག་གཅིག་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    ལྕམ་མིག་རིང་ཐག་འདིའི་ནང་ལ་ཨ་ནི་རྡོ་རྗེ་སེམས་དཔའི་འདི་གས་བྱས་ནས། འདིའི་མདུན་ལ་ཇ་ཁང་ཡོད་པ་ཟེར། ད།ཇ་ཁང་ཡོད་པའི་ནང་ནས་འདིའི་ལོགས་དཀྱུས་འདི་རུ། ཁང་པ་ཚུར་ཕྱོགས་འདི་ནས་ཚུར་དེ་ཡོད་པཱ་ཟེར། ཨི་མི་༼སྤོ་བོ་༽བསམ་ཏན་རྡོ་རྗེ་ཟེར་བ་གཅིག སྔོན་མ་ཨི་མི་༼སྤོ་བོ་༽བསམ་ཏན་རྡོ་རྗེ་ཟེར་བ་གཅིག་ཡོད་པ་ཟེར། འོ་དེའི་འདི་རུ་ཅི་དག་སློང་ཡས་ཆེད་དུ་ཨི་མི་༼སྤོ་བོ་༽འདི་རྒན་འཁོགས་བྱས། ཞར་ཁོག་པ་ཟེར། འདི་ཅི་དག་སློང་གི་རེད། ཟེར།
  • ངག་དབང་རྒྱ་མཚོ།
    ད།དེ་ནས་ཚུར་ཁང་པ་གཉིས་ཡོད་པ་ཟེར།  མ་གའི་དཀྱུས་འདི་རུ་ཁང་པ་གཉིས་ཡོད་པའི་ནང་ནས་ཁང་པ་གཅིག་འདི་འདི་པ་ཟེར། མ་ཎི་ལྷ་ཁང་གསུས་ཐོག གསུས་ཐོག་གཅིག་དང་ཨི་མིའི་ཁང་པ་གཅིག་ཡོད་པ་ཟེར། འདིའི་དཀྱིལ་འདི་རུ་ཚུར་འདི་ནས་ཚུར་གྲལ་བསྒྲིགས་ནས་ཡོད་པ་ཟེར།
  • ངག་དབང་རྒྱ་མཚོ།
    འདིའི་དཀྱིལ་འདི་རུ་མདུན་འདི་རུ་ཀ་བ་རུམ་ཁང་ཀ་བ་གཉིས་ཡོད་པ་ཟེར། ཀ་བ་གཉིས་དེ་འོ་ད་བརྒྱུད་བྱས་ན་འདི་དང་གཅིག་པ་གཅིག་རྐྱང་རེད་ཟེར། འདུ་ཁང་འདི་དང་གཅིག་པ་གཅིག་རྐྱང་རེད་ཟེར། མར་ཁ་ཐུག་ལ། འོ།འདི་འདྲས་ཟེར་ཡོའོ་རེད་ཟེར། ད།འདིའི་ཁུངས་འདི་རུ་བྱས་ན་རྒྱ་ཆེ་ཐག་ཆོད་པ་རེད་ཟེར།
  • ངག་དབང་རྒྱ་མཚོ།
    འདི་ཚུར་ཨན།འདིའི་ཁ་འདི་རུ་སྔོན་མ་ཡིན་ན་སྔོན་ནས་ནི་འདིའི་བར་དུ་ག་ཚད་བསྡོད་ཐུབ་ཐུབ། ད།དེ་རིང་སང་མེད་པ་ཟེར། དེ་རིང་སང་རྒྱ་ཆུང་རུ་ཕྱིན། ལྷ་ཁང་དེའི་ཁ་དེ་རུ་ཐོག་དཔངས་དམའ་པོ་བྱས། འདིའི་སྟེང་འདི་རུ་བྱས་པ་ཡིན་ན། ཁ་གཏུག་ལ་ར་འགྲོ་ཡས་བཟོ་འདྲ་ཅིག་བྱས་ནི་མ་གཏོགས། སྟེང་ནས་མར་བབ་དགོས་ཡས་པ་ཟེར།
  • ངག་དབང་རྒྱ་མཚོ།
    འདུ་ཁང་འདིའི་འདི་ནས་ཡར་རྡོ་བཀྱག་འཛེགས་འགྲོ་སའི་ཁར་ཐུག་དེ་ནས་མར་བབ་དགོས་ཡས་རེད་མ་གཏོགས། ཕ་གའི་དེ་རྐང་ཁོ་རང་མེད་པ་ཨེརེད་ཟེར། རྒྱ་ཆུང་ཆུང་བྱས། ཟླ་བ་བཞི་པ་ཟེར་ཡས་འདྲ་པོ། ཟླ་བ་དང་པོ་ཟེར་ཡས་འདྲ་པོ། འདི་གས་ནང་མི་ཤོང་ཡས་རྐང་ཁོ་རང་མེད་པ་ཟེར།
  • ངག་དབང་རྒྱ་མཚོ།
    སྔོན་མ་གི་བསམ་གཏང་ན། སྔོན་མ་ཀ་བ་བཅུ་གཉིས་པ་དེ་རིང་སང་ཀ་བ་འོ་ད་ག་ཀ་བ་དྲུག་ས་ཡའི་བཟོ་འདྲ་གཅིག་མ་གཏོགས་མེད་པ་ཟེར། རྐང་ཁོ་རང་ནས་བྱས་ཙང་། རྒྱ་ཆུང་ཆུང་བྱས་དེ་ནི་མི་ཟིངས་ལིངས་་གོ་ལིངས་བྱས་པ་དང་། ཕར་ཚུར་བྱེད་ཐུབ་ཡས་རྐང་ཁོ་རང་མི་འདུག་ཟེར། འོ།འདི་འདྲས་གཅིག་ཞུ་ཡས་ཡོད་ཟེར།
  • སྐུ་ཞབས།
    ད།འདིའི་རིགས་འདི་ཨན་དཔལ་རི་དགོན་པའི་དགོན་ལག་འདྲ་འདི་འདི་རེད་པཱ། སྲོང་བཙན་སྒམ་པོ་དཔལ་རི་དགོན་པའི་དགོན་ལག་ཟེར།
  • ངག་དབང་རྒྱ་མཚོ།
    ད་དགོན་པའི་དགོན་ལག་ལ་ཆ་བཞག་ན།  དགོན་ལག་ཁག་ཞེ་དྲག་ཡོད་པ་ཟེར། ཁམས་ངོགས་མར་བྱས་ན། རྫོགས་ཆེན་ཡོད་པ་ཟེར།  ཨོའོ།བསམ་ཡས་ལ་བྱས་ན་བསམ་ཡས་མཆིམས་ཕུ་ཡོད་པ་ཟེར། བསམ་ཡས་མཆིམས་ཕུ། བསམ་ཡས་མཆིམས་ཕུ་དེ་ཟླ་བ་དྲུག་པའི་ཚེས་པ་བཅུ་ལ་ཡིན་གཅིག་མིན་གཅིག་ཟླ་བ་དྲུག་པའི་ཚེས་པ་བཅུ་ལ་ཚེས་པ་གསུམ་ནས་བར་འགྲོ་དགོས་རེད་ཟེར།  ཚེས་པ་བཅུའི་ཉིན་བར་དེར་མེ་ཏོག་མཆོད་པ་རྒྱག་དགོས་རེད་ཟེར།
  • སྐུ་ཞབས།
    སྐུ་འཆམས་སྒྲིག་ཡས།
  • ངག་དབང་རྒྱ་མཚོ།
    འོ།སྐུ་འཆམས་རྒྱག་ཡས་འདི་མེ་ཏོག་མཆོད་པ་འདི་མ་གའི་བར་གྲྭ་པ་དཔལ་རི་ངོགས་ཚང་མ་ཚུར་ལ་སླེབས་ཀྱི་རེད་ཟེར། ཟླ་བ་དྲུག་པའི་ཚེས་པ་བཅུ་ལ་དཔལ་རི་དགོན་ཡོད་སའི་གྲྭ་པ་འདི་གས་དཔའ་རིའི་གྲྭ་པ་འདི་གས་ཚང་མ་ཕར་འགྲོ་དགོས་རེད་ཟེར།
  • ངག་དབང་རྒྱ་མཚོ།
    ད།བཀྲལ་མོ་ཚེས་བཅུ་ཟེར་དུས། ལོ་བཅུ་གཉིས་ཐོག་ལ་གྲྭ་པ་དཔལ་རིའི་གྲྭ་པ་ཚོགས་མང་ཁོ་འདྲ་འགྲོ་དགོས་རེད་ཟེར། ཕར། ཚོགས་མང་ཁོ་འདྲ་་ཕྱིན་ནས་ཕ་རུ་འཆམ་རྒྱག་ཡས་འདི་གས་བརྒྱོབ། འདི་རུ་ཟླ་བ་ལྔ།ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔའི་ཉིན་མོ་འདི་རུ་ཏག་ཏག་གསོལ་ཆུང་རྗེས་ཟིན་པ་ཡོང་གི་ཡོད་རེད་ཟེར། སྔ་ས་ནས། འོ་དེ་གཞན་ཚང་མ་ཕ་རུ་སྒུག་གི་རེད་ཟེར།
  • ངག་དབང་རྒྱ་མཚོ།
    དེ་ནི། ཨ་ནི་བསམ་ཡས་མཆིམས་ཕུ་བྱས། འདི་སྲོང་བཙན། སྲོང་བཙན་ནས་དཔལ་རིའི་དགོན་ལག་གཅིག་རེད། དགོན་ལག་ཁག་གསུམ་ཡོད་པ་ཟེར། དཔལ་རིར། ད།དེ་རིང་སང་དགོན་ལག་ཕལ་ཆེར་དེ་བྱས་པ་བྱས། རྫིག་ག་བྱས། དགོན་པ་རང་མ་དགོན་དེ་ད་ལྟ་སྐྱོ་ཐག་ཆོད་གཅིག་བྱས་དེ་འདྲས་བྱས་ནས་བསྡད་ཡོའོ་རེད།ཟེར།
  • ངག་དབང་རྒྱ་མཚོ།
    དེ་ནི་ཡང་ཡར་བར་ཉམས་བཟོ་བྱེད་ཡས་ལས་ཉམས་བཟོ་ཡའི་བྱེད་རུ་འཇུག་མཁན་མེད་པ་ལ། གྲྭ་པའི་ཉུང་ཉུང་བྱས་འདི་འདྲས་གཅིག་འདི་འདྲས་བྱེད་ཡས་གའི་མེད་པ་ཟེར།
  • སྐུ་ཞབས།
    ཨ་ནི། ཁྱེད་རང་གི་འཁྲུངས་ས་འདྲ་དེ་བྱས་ན་འདི་རེད་པས། དཔལ་རི་ད་ག་རེད་པས།
  • ངག་དབང་རྒྱ་མཚོ།
    ད།ང་་་་་དེ་བྱེད་ས་དེ་དཔལ་རི་རང་རེད་ཟེར། ད།དཔལ་རིར་སྔོན་མ་དེ་འདི་རུ་དེ་བྱས་ཙང་ནས། ང་ཚོ་་་་་་ད།ངའི་ཁུངས་བྱས་ན་ངའི་་ནང་ལ་སྔོན་མ་ཕ་མ་གཤེགས་མངན་འདི་དང་ང་དང་མི་གཅིག་རེད་ཟེར།  དེ་ནི་འོ་འདུག་བཟོ་བྱས་ནས་ང་གཉིས་ཕར་ཚུར་ཁ་བྲལ་ནས། ང་ཡ་རུ་ཡར་བསྡད་དེ་ནི་མང་ཆེ་བ་དཱ། གཞུག་ལ་དཔལ་རི་དགོན་པའི་གཤམ་མ་གའི་ཁམས་པའི་བླ་མ་གཅིག་གིས་བཞེངས་གནང་བྱས་འདི་འདྲས་གཅིག་བྱས་པ་ཟེར།
  • ངག་དབང་རྒྱ་མཚོ།
    ད།འོ་ད་དེའི་ཚོའི་ཐོག་ལའི་ཡ་རུ་རོགས་འདྲ་གཅིག་བྱས། བཞེངས་རོགས་བྱས་མི་ཁྱོན་གཞི་ཁམས་པ་འདི་ཀྱིས་སློང་རྒྱག་ལ་གནང་འདུ་འདི་ཚོ་གནང་པ་ཟེར།  ཡིན་ནའི་ད་སོ་སོའི་བསམ་བློའི་ནང་ལ་ཡ་གའི་དགོན་པ་ཡ་གའི་གྲྭ་པ་་ཡིན་ཙང་ཡ་རུ་བསྡད། གང་བྱས་དགོན་པ་ཡ་གི་བཞེངས་རོགས་བྱས། གྲྭ་པ་མི་གཉིས་ཡོད་པ་ཟེར། གྲྭ་པ་བྱས་ནའི་ཁོ་གཉིས་མི་གྲངས་གཉིས་ཡོད་པ་ཟེ།དེ་དང་མཉམ་པོ་ཁམས་པའི་བླ་མ་འདི་དང་མཉམ་པ་རོགས་བྱས་ནས། ཡ་རུ་བཞེངས་ཡས་ཀྱི་དེའི་མི་གས་བསྡོམས་བྱས། ཡ་གའི་ཡོད་པའི་ཁང་པ་དེ་གས་མང་ཆེ་འདྲ་པོ། འོ་འདུག་བཟོ་བཞེངས་རོགས་བྱས།
  • ངག་དབང་རྒྱ་མཚོ།
    ཕར་ཚུར་རོགས་བྱས་བྱས་འདུག་བཟོ་བྱས་པ་རེད། དེ་ནི་་ལྔ་བཅུ་་་་་་་དྲུག་ཅུ།གོ་བཅུ་གོ་དགུའི་ཁ་ཐུག་འདི་པ་གཅིག་ནས། དེ་ནི་སྲོང་བཙན་ལྷ་ཁང་མར་ཕྱིན། ཤོག་ཟེར་གནང་། སྲོང་བཙན་ལ་་ལོ་བཅུ་གཉིས། ཕལ་ཆེར་ལོ་བཅུ་གཉིས་ཙམ་གཅིག་འགྲོ་གི་ཡོད་ཟེར།  འོ་དེ་འདྲས་འདྲ་གཅིག་འདུག་བཟོ་ཡིན་ཟེར།
  • སྐུ་ཞབས།
    ལགས་སོ། ད།མཚན་དེ་ག་རེ་ཟེར་གྱི་ཡོད་ནམ།
  • ངག་དབང་རྒྱ་མཚོ།
    ངའི་མིང་ལ་ངག་དབང་རྒྱ་མཚོ་ཟེར།
  • སྐུ་ཞབས།
    ངག་དབང་རྒྱ་མཚོ།
  • ངག་དབང་རྒྱ་མཚོ།
    འོའོ། ངག་དབང་རྒྱ་མཚོ།
  • སྐུ་ཞབས།
    ཨོའོ་འོ། ཐུགས་རྗེ་ཆེ།