Skip to main content Skip to search
15 Dec 2011
12 min 30 sec
Rating
0
No votes yet
Video Overview
Creators: 
Unknown

A monk points out and discusses the history of some royal tombs in the Chonggyé area from the top of the Red Tomb.

Show More

  • ཤེས་རྦ་འགྱུར་མེད
    དེ་ནས་དང་པོ་དེ་ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འཇིག་མེད་ཡེ་ཤེས་རྡོ་རྗེ།
  • ཤེས་རྦ་འགྱུར་མེད
    ལགས་སོ། ཨ་ནི་ཁྱེད་རང་གི་འཁྲུངས་ས་ག་པ་ཡོའོ་རེད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འཁྲུངས་ས་དེ་ཆོས་སྒོ་དཔལ་རི། དཔལ་རི་ནས་རེད། དཔལ་རི་རུ་ཁག་དང་པོ་ནས་རེད།
  • ཤེས་རྦ་འགྱུར་མེད
    ཨ་ནི་ཁྱེད་རང་དེ་རབ་བྱུང་གནང་ནས་ལོ་ག་ཚོད་བྱུང་སོང་།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་ལོ་བཅུ་གསུམ་ཙམ་འགྲོ་གི་ཡོའོ་རེད།
  • ཤེས་རྦ་འགྱུར་མེད
    ཨ་ལས། ཨ་ནི་ཁྱེད་རང་དགོན་པ་ག་གི་རེད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དཔལ་རི་དགོན་པ་ནས་ཡིན།
  • ཤེས་རྦ་འགྱུར་མེད
    དཔལ་རི་དགོན་པ་ཨ་ལས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེ་ནི་དཔལ་རི་དགོན་པ་ནས་མར་དེ་དུས་དའི་ཡ་ཆོས་སྡེ་ཆུས་ནས་དའི་ཡ་སྐུ་གཉེར་ཡོང་རོགས་བྱེད་ཟེར་ནས་དེ་ནི་མར་འདུ་རུ་ཡོང་རོགས་བྱེད་ཟེར་ནས་ད་ད་ལྟ་ལོ་བཞི་ཙམ་འགྲོ་གི་ཡོའོ་རེད།
  • ཤེས་རྦ་འགྱུར་མེད
    ལོ་བཞི་ཕྱིན་ཚར་སོང་།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འོང་ལོ་བཞི།
  • ཤེས་རྦ་འགྱུར་མེད
    ཨ་ནི་དཔལ་རི་དགོན་པ་ཟེར་ཡས་དེ་གཅིག་ཆོས་ལུགས་ག་གི་རེད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ཆོས་ལུགས་རྙིང་མ་རེད།
  • ཤེས་རྦ་འགྱུར་མེད
    རྙིང་མ་རེད་པས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འོང་བྲག་ཁྲེང་གོ་གཏེར་ཆེན་ཤེས་རབ་འོད་གསལ་གྱི་ཕྱག་བཏབ་པའི་དགོན་པ་གཅིག་ཡོའོ་རེད་པ།
  • ཤེས་རྦ་འགྱུར་མེད
    ལགས་ཟེ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་དེ་གནས་དའི་དེ་ཟེར་དགོས་རེད། དཔལ་རི་ཐེགས་ཆེན་གླིང་ཡའི་ཟེར་དགོས་རེད། ཨུ་རྒྱན་རིན་པོ་ཆེ་ཡི་སྦས་ལུང་རེད་ཟེར་དགོས་རེད་ད་དེ་འདྲས་ཀྱི་ཤོད་སྲོལ་ཁག་གཉིས་ཡོའོ་རེད། དེ་དགོན་པ་དེ་ཕྱག་དང་པོ་བཏབ་མཁན་དེ་བྲག་ཁྲེང་གོ་གཏེར་ཆེན་ཤེས་རབ་འོད་གསལ་གྱི་ཕྱག་བཏབ་པའི་དགོན་པ་འདྲ་ཅིག་རེད།
  • ཤེས་རྦ་འགྱུར་མེད
    ལགས་སོ། ཨ་ནི་འདི་ལ་སྒང་འདི་དང་དཔལ་རི་དགོན་པ་འདི་འབྲེལ་བ་དམིགས་བསལ་འདུག་གས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འབྲེལ་བ་དམིགས་བསལ་དེ་ད་ཆོས་ལུགས་དེ་རྙིང་མ་བྱས། དཔལ་རི་དགོན་པ་དེ་མ་དགོན་གཙོ་བོ་དེ་བྱས། དཔལ་རི་དགོན་པའི་དགོན་ལག་དེ་དེ་ནི་སྲོང་བཙན་དགོན་པ་རེད་ཟེར་གསུངས་འདུག་ག།
  • ཤེས་རྦ་འགྱུར་མེད
    ཨ་ལས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འོང་། དཔལ་རི་དགོན་པའི་དགོན་ལག་རེད་ཟེར།
  • ཤེས་རྦ་འགྱུར་མེད
    ལགས་སོ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    བྱས་ཙང་དགོན་ལག་དེ་ཡིན་ཙང་སྲུ་མའི་སྐང་གསོ་གཏོང་ཡས་ཡིན་ནའི་འདྲ་ཚོགས་ཆོས་དེ་འདྲས་འབུལ་ཡས་ཡིན་ནའི་འདྲ་དེའི་དཔལ་རི་དགོན་པ་ནས་དེ་དང་འབྲེལ་བ་ཡོད་ཙང་ཨ་ནི་མ་གའི་ཆོས་ལུགས་དེ་གཅིག་པ་རེད་པ་ཨ་ནི་དེ་ལ་ཚོགས་གཏོང་ཡས་ཡིན་ནའི་འདྲ་སྐང་གསོ་གཏོང་ཡས་ཡིན་ནའི་ད་དཔལ་རི་དགོན་པ་དང་ཆ་ཆ་རྐྱང་རེད་གསུང་པ་རེད། ཨ་ནི་ཡ་གའི་དཔལ་རི་དགོན་པ་ནས་མར་དཀོན་གཉེར་གཏང་། དོ་ཚོའི་དེ་འདྲ་དེ་ཚང་མ་འདིར་ཕེབས་ཀྱི་རེད། སྲོང་བཙན་སྒམ་པོའི་གི་དེ་གཅོད་ས་དེ་དང་འཕྲིན་ལས་གཅོད་ས་དེ་དང་དེ་ཚོ་ལ་དེ་འདྲས་ཐོས་ཀྱི་རེད་གསུང་པ་རེད།
  • ཤེས་རྦ་འགྱུར་མེད
    ལགས་སོ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་བང་སོ་ཚུར་བ་ཡོད་པ་ལ་ཆ་བཞག་ནས་བོད་ཀྱི་རྒྱལ་པོ་ཉི་སུ་རྩ་གཅིག་གི་བང་སོ་ཡོད་གསུང་གི་འདུག
  • ཤེས་རྦ་འགྱུར་མེད
    ཨ་ནི་ང་འདི་ཕར་འགྲོ་གི་ཡིན། ཨ་ནི་ཁྱེད་རང་གི་འདི་ནས་མར་་་་་་་་།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    བོད་ཀྱི་རྒྱལ་པོ་ཉི་ཤུ་རྩ་གཅིག་གི་བང་སོ་དེ་འཕྱོངས་རྒྱས་ཀྱི་ད་དའི་འཕྱོངས་རྒྱས་ཤན་གྱི་སྡང་སེ་དེ་ལ་ཡོད་ཟེར་གན་དེ་ད་འདི་ལ་ཟེར་གྱི་རེད། ད་འདི་བང་སོ་དེ་བོད་ཀྱི་རྒྱལ་པོ་ཉེ་ཤུ་རྩ་གཅིག་གི་ནང་ནས་མ་ཚང་བ་གཅིག་དེ་སྟོད་མངའ་རིས་ལ་ཡོད་པའི་ཡུམ་བརྟན་ཡོའོ་རེད་པ། ཡུམ་བརྟན་གྱི་བང་སོ་དེ་འདི་ལ་ཚང་ཡོའོ་མ་རེད་ཟེར། སྟོད་མངའ་རིས་ལ་ཡོའོ་རེད་ཟེར་གྱི་འདུག ད་འདི་གས་ནང་ནས་རྩལ་ཡས་ཡོད་པའི་བང་སོ་ཁག་བཅུ་དྲུག་དངོས་སུ་མཐོང་ཐུབ་པ་དེ་ཡོད་པ་དེ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    གཙོ་བོ་དང་པོ་དེ་ཆོས་རྒྱལ་བང་སོ་ཆུ་མགོའི་མདའ་རུ་ཆགས་ཡོད་ཟེར། ཆུ་མགོ་ཡར་གའི་བྱས་མདའ་དེ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་ཆགས་ཡོད་ཟེར། སྲོང་བཙན་སྒམ་པོའི་སྲས་མང་སྲོང་མང་བཙན་གྱི་བང་སོ་དེ་འདི་རེད་གསུང་འདུག། མང་སྲོང་མང་བཙན་སྲོང་བཙན་སྒམ་པོའི་སྲས་རེད་གསུང་འདུག། མང་སྲོང་མང་བཙན་གྱི་སྲས་དེ་བློ་རྣ་འཁྲུལ་རྒྱལ་རེད་པ། བློ་རྣ་འཁྲུལ་རྒྱས་ཀྱི་བང་སོ་དེ་མང་སྲོང་མང་བཙན་གྱི་བང་སོ་འདིའི་རྒྱབ་ལ་བང་སོ་གཅིག་ཡོའོ་རེད། ད་གཞོགས་འདི་ག་གཡས་གཡོན་དའི་ཡོད་པའི་བང་སོ་རིམ་པ་གསུམ་པ་དེ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཅོག་ཅོག་༼གཅེན་པོ་༽གི་བང་སོ་འཇང་ཚ་ལྷ་དབོན་གྱི་བང་སོ་རེད་ཟེར། འཇམ་ས་ལྷ་ཡུལ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འདིའི་སྟེང་གི་བང་སོ་རིམ་པ་བཞི་པ་ཡར་གྱི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་ལྡན་གྱི་བང་སོ་རེད་ཟེར། ཁྲི་ལྡེ་གཙུག་ལྡན། ཁྲི་ལྡེ་གཙུག་ལྡན་གྱི་བང་སོ་དེའི་གཡས་གཡོན་དེ་ལ་སེང་གེ་གཉིས་འདུག་ག རྡོའི་སེང་གེ་གཉིས། དེ་གནས་ལུགས་གཅིག་ཤོས་སྲོལ་འདྲ་དའི་དེ་འདྲས་ཀྱི་ད་བསྐལ་པ་བཟང་པོའི་དུས་ཚོད་དེ་ལ་ཁ་དུས་སྔོན་མ་བོད་གྱི་རྩྭ་རི་ཆགས་ཡས་དེ་འདའི་ཆགས་རབས་བྱས་པ་རེད་ཟེར། རྟགས་དེ་གང་འདྲས་ཅིག་ཐོན་པ་རེད་ཟེར་ན་ཨ་ནི་སྨྱུག་མ་ཏས་ཙ་ཏས་ཙ་སྐྱེ་ཡོའོ་རེད་ཟེར་གྱི་འདུག་ད་དེ་དུས་སྨྱུག་མ་ཏས་ཙ་ཏས་ཙ་སྐྱེ་ཡས་ཀྱི་དུས་ཚོད་དེ་ལ་སླེབས་པའི་ག་ཚང་དེ་ནི་ཁོ་རའི་ཡང་ཆགས་ཡས་ཀྱི་བསྐལ་བ་དེ་མེད་པའི་རྟགས་དེ་ལ་ཁ་ལྟས་དེ་ནི་ཤེད་ཚུལ་འདྲ་དི་ཁ་ལྟས་བུད་མེད་འདྲེས་སྲོང་གཅིག་གས་དེ་འདྲས་སེང་གེ་དེ་གཉིས་དེ་འདྲས་ཅིག་ཐུབ་ཡོའོ་རེད་ཟེར། དེ་ནི་སེང་གེ་དེ་རྡོ་ལ་འཐིམ་ནས་གཞི་ནས་རང་གནས་ལ་འཐིམ་བྱས་དེ་ནི་བསྐོར་ར་དེ་འདུག་ཟེར་ཏག་ཏག་ཐུབ་མ་ཐུབ་བྱས་དེ་ནི་རང་གནས་ལ་གནས་པ་རེད་ཟེར་གྱི་འདུག བྱས་ཙང་དེ་ནི་ད་ལྟ་མཇལ་རྒྱུ་ཡོང་ཡས་དེ་ཡའི་རྡོའི་སེང་གེ་ཡོང་ཡས་དེ་ཡའི་འོ་དེ་ནི་རང་གནས་ལ་བསྡད་ནས་དེ་ནི་བང་སོ་ལ་ཁ་ལོག་བྱས་བསྡད་པ་མ་གཏོགས་ཁོ་གཉིས་དེ་འདྲས་ཐུབ་ཡས་དེ་བྱུང་ཡོའོ་མ་རེད་ཟེར་སེང་གེ་དེ་གཉིས་འོ་དེ་ནི་དའི་བང་སོ་དེ་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་ལྡན་གྱི་བང་སོ་དེ་འདི་བྱས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་འདའི་གི་གཡོན་དི་དེ་རེད་ཟེར་གྱི་འདུག མུ་ནེ་བཙན་པོའི་གི་བང་སོ། གཞོགས་འདའི་མ་ཕྱོགས་ཀྱི་གཡས་དའི་དེ་རེད་ཟེར་གྱི་འདུག་ རྒྱལ་པོ་གླང་དར་མའི་སྲས་འོད་སྲུངས་ཀྱི་བང་སོ། སྲས་འོད་སྲུངས་ཀྱི་བང་སོ་དེ་ད་དའི་གྲོག་བུའི་མདའ་ཕ་གའི་ཆུ་མང་པོ་ཐོན་པ་རེད་པ་ཕ་གིའི་འོག་ལ་ཏས་ཙ་ནུབ་བསྡད་ཡོད་ཟེར་གྱི་ཡོའོ་རེད། ད་ཁོང་གི་ཡུམ་དེ་དེ་རེད་ཟེར་གྱི་འདུག་ག་ཡུམ་རྟེན་དེ་སྟོད་མངའ་རིས་ལ་ཡོའོ་རེད་ཟེར་བབ་ས་དེ་སྟོད་མངའ་རིས་ལ་ཡོའོ་རེད་ཟེར། འོ་དེའི་བང་སོ་དེ་འདིའི་ཁོངས་ལ་ཚུད་ཡོའོ་མ་རེད་ཟེར།ད་དེའི་གཤམ་འོག་ལ་ཡོད་པའི་བང་སོ་རིམ་པ་གཉིས་པ་དེ་རྒྱལ་པོ་གླང་དར་མའི་བང་སོ་རེད་ཟེར། རྒྱལ་པོ་གླང་དར་མའི་བང་སོ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    གླང་དར་མའི་བང་སོའི་རྒྱབ་ཀྱི་བང་སོ་དེ་མགྲིན་པ་མུ་ཏིག་བཙན་པོའི་བང་སོ་ཡིན་ཟེར། མགྲིན་པ་མུ་ཏིག་བཙན་པོའི་བང་སོ། ད་གཞོགས་འདི་ལ་ཡོད་པའི་བང་སོ་ཆེན་པོ་དེ་མངའ་བདག་ཁྲི་རལ་པ་ཅན་གྱི་བང་སོ་རེད་གསུང་པ། མངའ་བདག་ཁྲི་རལ་པ་ཅན་གྱི་བང་སོ། ད་རྡོ་རིང་དེ་དེ་རེད་ཟེར་གྱི་འདུག་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རྡོ་རིང་། ཨ་ནི་དེའི་འོག་ལ་ཁ་གཏད་རུས་སྦལ་བྱས། རུས་སྦལ་གྱི་སྒལ་པའི་སྟང་ལ་དེ་ནི་རྡོ་རིང་འདི་བྱས། དེའི་སྟེང་ལ་ལོ་རྒྱུས་དེ་གས་ཡོའོ་རེད་ཟེར་གྱི་འདུག།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་དངོས་སུ་གསལ་ཐུབ་ཡས་ཞེ་དྲག་མིན་འདུག། ཡི་གེ་འབྲུ་བསྡད་པ་ཙམ་མ་གཏོགས། རྨང་གཞི་དེ་འདྲས་གསལ་པོ་རང་ཚུར་ཀློག་ཐུབ་ཡས་ཡི་གེ་བསྡད་མི་འདུག། ད་སྔོན་མ་དེ་གས། མཐའ་བསྐྱོར་དང་རྒྱ་ཕིབས་དང་དེ་འདྲས་ཡོའོ་མ་རེད།ཞིང་ཁའི་དཀྱིལ་ཕེ་གའི་ཡར། དག་ཟེར་འདུག་ཟེར་རྡོག་རྡོག་འདྲ་ཅིག་མ་གཏོགས། འོག་དེ་གས་མཐོང་ཡས་ཡོའོ་མ་རེད་ད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེ་ནི་གཞུག་ལ་ཁ་གཏད་དེ་ནི་སྲིད་གཞུང་ཕེབས་ནས་ཡང་དགོན་པ་འདི་བསྐྱར་བཟོ་བྱེད་དུས་ཙམ་པ་ཁ་གཏད། དེ་ནི་ཡར་རྔོགས་ནས། དེ་ནི་གནས་ལུགས་དེ་འདྲས་དེ་བཤད་པ་དང་། དེ་ནི་རུས་སྦལ་འོག་ལ་ཡོའོ་རེད། རུས་སྦལ་གྱིས་བྱང་ཕྱོགས་ལ་མར་ཁ་སློག་བསྡད་པ་རེད་ཟེ་བཤད་པ་དང་དེ་ནི། གནས་ལུགས་དེ་དེ་འདྲས་ཅིག་དངོས་གནས་ཡིན་པ་ཡིན་ན། དེ་ང་ཚོས་སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་བྱས་པ་རེད་ཟེར་གྱི་འདུག། དེ་དེ་དུས་ཙམ་པ་ཐོག་རྩེགས་གཉིས་ཙམ་ཅིག་ཡར་རྔོགས་ནས། དེ་ནི་རུས་སྦལ་དངོས་སུ་འདོན་པ་དང་། དེ་ནི་ད་ག་རང་རེད་ཟེར་བྱས་ནས། དེ་ནི་ཕ་གའི་རྒྱ་ཕིབས་སྐོང་། མཐའ་བསྐྱོར་དེ་སྐོང་། ཨོའོ་དེ་འདྲས་བྱས་པ་རེད་ཟེར་གྱི་འདུག།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ཨོའོ་ད་ཕ་གའི། དེའི། འོག་གི་འདི་དེ་མར་བྱང་ཕྱོགས་ལ། རུས་སྦལ་དེ་ཁ་སློག་བསྡད་ཡོའོ་རེད་པཱ། དེའི་སྟང་གི། སྒལ་པའི་སྟང་ནས་དེ་ཡར། སྒལ་ཚིགས་ཀྱི་སྟེང་ནས་དེ་ཡར་ཨོང་རྡོ་རིང་དེ་བྱས། རྡོ་རིང་དེ་ལ་ལོ་རྒྱུས་དེ་བྲིས་བྱས། འབྲུག་ཁ་འཕྲོད་བྱས་དེ་འདྲས་ཅིག་ཡོའོ་རེད་གསུང་གི་འདུག། ཁྲི་སྲོང་ལྡེ་བཙན་གྱི་རྡོ་རིང་རེད་ཟེར་གྱི་འདུག། འདི། ད་གཞོགས་ཕ་གའི་ཡར་འདི་རེད། ད་ལྟ་དངོས་སུ་ཞེ་དྲག་གསལ་ཐུབ་ཀྱི་མི་འདུག་གང་། ཞོགས་པ་ཡིན་ན་བང་སོ་དེ་ལྟ་བུའི་གི་དེ་ནི་གསལ་པོ་ཞེ་དྲག་མཐོང་གི་འདུག། གྲིབ་ནག་དེ་འཁོར་བསྡད་པ་རེད་པཱ། ད་ཉིན་དགུང་གི་དུས་ཚོད་དེ་འདྲས་སླེབས་དུས་ཙམ་པ་ལ་དེ་ནི་ཞེ་དྲག་གསལ་ཐུབ་ཀྱི་མི་འདུག། དེ་རེད་ཟེར་གྱི་འདུག་གང་། གྲིབ་ནག་དེ་ཕོག་ནས་བྱས་ཉི་མ་ཤར་ཙང་དཀར་པོ་ཆགས་བསྡད་པ་རེད་པཱ། བྱས་ཙང་དེ་ནི་གསལ་ཐུབ་ཀྱི་མི་འདུག་ཟེར། ཕ་གི་གུང་རི་གོང་བཙན་གྱི་བང་སོ་རེད་ཟེ། གུང་རི་གོང་བཙན།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ཁྲི་སྲོང་ལྡེའུ་བཙན་གྱི་བང་སོ་རང་དེ། དེའི་མུ་ར་རི་ཡི་བརྒྱབ་ལ་ཡོད་ཟེར། མུ་ར་རི་ཟེར་དེ་རི་ཟུར་དེའི་བརྒྱབ་ལ་ཡོད་གསུང་གི་འདུག། ཨོའོ་དེ་འདྲས་ཅིག་གསུང་གི་འདུག། ཧ་ཧ་། ད་སྔོན་མ་དེའི་རྒྱལ་བ་ལྔ་པ་འཁྲུངས་ས་དེ་དེའི་སྡེ་པ་གཟིམ་ཁང་ཟེར་དེ་ཨོའོ་ཕ་གི་རེད། སྡེ་པ་གཟིམ་ཁང་གི། ཨོང་། ད་བང་སོ་དེའི་ནང་ལོག་དེ་གས་བཤད་དགོས་རེད་པས།
  • ཤེས་རྦ་འགྱུར་མེད
    སྐར་མ་གཅིག་གཉིས་གསུང་རོགས་གནང་། ངས་ཁ་སྣོན་ཁ་ཤས་གཅིག་བཞུ་གི་ཡིན། འདི་ཨོའོ་དང་པོ་དེ་ཨ་ནི་བང་སོ་དང་པོ་དང་པོ་བྱུང་དུས་རེད་པཱ། དེའི་ཅིག་གནས་ཚུལ་དང་ཆ་རྐྱེན་གང་འདྲས་ཟེ་རད། དཔེར་ན་བོད་ཀྱི་ལོ་རྒྱུས་ནང་ལོག་དེ་ནི་བང་སོ་མེས་པའི་དེ་ཚོ་ཡུན་རིང་པོ་རེད་པཱ། དེ་ནི་སྐབས་གཅིག་ནང་ལ་འདི་བང་སོ་ལུགས་སྲོལ་དེ་གསར་པ་མགོ་བཙུགས་པ་རེད་རེད་པཱ། ཨ་ནི་འདི་ག་དུས་མགོ་བཙུགས་པ་རད། ཨ་ནི་ཨོའོ་འདི་ཅིག་གསུང་རོགས་གནང་།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    བང་སོ་རང་དེའི་ཆགས་ཡས་དེ་དང་། མགོ་བཙུགས་ཡས་དེ་ད་ང་གསལ་པོ་བཤད་ཐུབ་ཡས་མི་འདུག་ལགས། ཨོང་ལགས། ད་བང་སོ་ད་ལྟ་ཡོད་ཡོད་པ་དེ་གས་ད་དེ་འདྲས་ཀྱི་ལོ་རྒྱུས་དེ་ད་འདྲས་ཡོད་ཟེར་གྱི་འདུག། ལོ་རབས་ཆིག་སྟོང་ལྔ་བརྒྱའི་ལོ་རྒྱུས་ཡོད་ཟེ། ལོ་རབས་ཆིག་སྟོང་ལྔ་བརྒྱའི་ལོ་རྒྱུས་ཡོད་ཟེར་གྱི་འདུག། གཞན་མ་གཏོགས་ད་བང་སོ་དེ་ད་ལྟའི་འདུག་ཟེར་ཆགས་ཡས་དེ་དང་། ཆགས་པའི་དུས་ཚོད་དང་དེ་འདྲས་ཅིག་ད་ང་ལ་རྦད་ཤོད་ཡས་ཁྱོན་ནས་མི་འདུག་ཟེ།
  • ཤེས་རྦ་འགྱུར་མེད
    དེ་ཨའ་དངོས་གནས་བྱས་ན། འདི་བང་སོ་དེ་ཚོ་དང་པོ་ཡར་བརྒྱབ་འདུག། དེ་ནི་ཁོང་ཚོའི་འདི། ནང་ལོག་བང་མཛོད་འདྲ་པོ་བརྒྱབ་པ་རེད་པཱ། ཨ་ནི་ནོར་བུ་དང་།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ཨོང་། རིག་དངོས་ཐམས་ཅད་དབང་དུ་བསྡུས་ཡོད་ཟེར་གི་འདུག། རེད།
  • ཤེས་རྦ་འགྱུར་མེད
    དེ་ནི་རྗེས་ལ་གླང་དར་མའི་གི་རྗེས་སུ། དེ་ནི་རྒྱལ་ཁབ་འཕྲོ་བརླགས་ཕྱིན་སོང་། དེ་ནི་དེ་ནས་རྐུ་མ་དེ་འདྲས་མང་པོ་ཤོར་སོང་།
  • ཤེས་རྦ་འགྱུར་མེད
    ཡིན་ན་ཡང་དེ་རིང་སང་ནངས་དེ་ད་ཅིག་མིས་བང་སོ་ནས་ད་ནང་ལོག་བྲུས་ནས་ཕྱིར་ལེན་བྱས་དེ་འདྲས་འདྲ་པོ་ཅིག་ལབ་རྒྱུ་འདུག་གས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེ་འདྲས་མི་འདུག་ལགས། ནོར་བུ་ཡེ་བཏོན་པ་དེ་འདྲས་ཨེ། དེ་འདྲས་བང་སོ་རྔོགས་གཤེར་ཁྱོན་ནས་བྱུང་ཡོའོ་མ་རེད་ཟེར་གྱི་འདུག། སྔོན་མ་སོག་པོ་ཇུན་གར་གྱི་ད་དེ་རེད་པཱ། རྙིང་མའི་ཆོས་ལུགས་ཏད་ཙེ་གཏོར་བརླགས་གཏང་འདུག་གང་། དེ་དུས་ཙམ་པ། ལྕགས་གཟོང་ཏད་ཙེ་བརྒྱབ་ནས་རྟགས་དཔྱད་གཅིག་བྱས་ཡོད་ཟེར་གྱི་རེད། དེ་ནི་དེ་ཁོས་རྦད་རང་བརྩད་མ་ཆོད་པ་ཡིན་གྱི་རེད། དེ་ནི་རྔོགས་གཤེར་ཁྱོན་ནས་བྱུང་ཡོའོ་མ་རེད་ཟེར་གྱི་འདུག། ཨོང་། ཡོད་ཡས་བྱས་ན་བོད་ཀྱི་རྒྱལ་པོ་ཉི་ཤུ་རྩ་གཅིག་གི་བང་སོ་ཚང་མ་ཨོའོ་དེའི་ནང་ལ་ཡོད་ཟེར། ད་དངོས་སུ་མཐོང་ཐུབ་པ་དེ་ཁག་བཅུ་དྲུག་གི། དེའི་གཤམ་དེ་ལ་ཡ་མཚན་བརྗོད་ཐུབ་པ་ཅིག་ཡོད་ཟེ། ཁག་ལྔ་ཅིག་ད་ངོས་འཛིན་རྒྱུ་མེད་པ་དེ་རི་ཕ་གའི་གཤམ་ཕ་གའི་སྦུག་ཕ་གའི་ཡོད་ཟེར།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    གཏོར་བརླག་ཏས་ཙེ་ཕྱིན་འདུག་ཟེ། དེ་དངོས་པོ་དེ་འདྲས་བཏོན་པ་རེད་ཟེར་བཤད་ཡས་མི་འདུག་ཟེ། ཨོང་།
  • ཤེས་རྦ་འགྱུར་མེད
    དེ་ནས་མི་ཁ་ཤས་ཀྱི་ནང་ནས་སྐད་ཆ་དེ་འདྲས་འདྲ་པོ་གོ་བྱུང་། མི་ཁ་ཤས་ཀྱི་བསམ་པ་ཨ་ནི་བང་སོ་ཡི་ནང་ལོག་་་་་་་་་གང་ཡིན་ཟེར་ན་བང་སོ་ཡི་ནང་ལོག་ཕལ་ཆེར་ད་ནོར་བུ་མེད་པ་ཡིན་ན་ཡང་གཅིག་བྱས་ན་ཡིག་གེ་རྙིང་པ་ཡོའོ་རེད་གཅིག་བྱས་ན་་་་་་ཡོའོ་རེད་དེ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཏས་ཙ་མང་པོ་གསལ་པོ་ཧ་གོ་ཐུབ་ཀྱི་རེད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེ་འདྲས་ཞེ་དྲག་གོ་ཐུབ་ཀྱི་མི་འདུག།
  • ཤེས་རྦ་འགྱུར་མེད
    དེ་ཁྱེད་རང་དེ་འདྲས་འདྲ་བུ་གོ་ཐུབ་ཀྱི་མི་འདུག་གས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེ་འདྲས་གོ་གི་མི་འདུག།
  • ཤེས་རྦ་འགྱུར་མེད
    ལགས་ཟེ།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་བང་སོ་འདིའི་ནང་ལོག་ཆ་བཞག་ན་ད་ལྟ་གནས་བཤད་བྲིས་བཞག་པ་དེའི་ནང་ལ་གསལ་བཤད་ནང་ལ་བྱས་པ་ཡིན་ན་ད་བང་སོ་འདིའི་ནང་ལོག་ལ་ཤར་རུ་སྒྲོན་མ་ལྷ་ཁང་ཡོད་ཟེར། ལྷོ་ཡི་ཕྱོགས་ལ་སྨན་ལྷ་བདེ་བཤེགས་བརྒྱད་ཀྱི་ལྷ་ཁང་ཡོད་ཟེར། ནུབ་ཀྱི་ཕྱོགས་ལ་སངས་རྒྱས་དགའ་བ་ཡི་ལྷ་ཁང་ཡོད་ཟེར། བྱང་གི་ཕྱོགས་ལ་སྣོན་སྦྱིན་རྫ་པ་ལྷ་ཡི་ལྷ་ཁང་ཡོད་ཟེར། ད་མཐའ་ད་གས་གཙོ་འཁོར་བཞུགས་ཡོད་ཟེར་སྲོང་བཙན་སྒམ་པོའི་བང་སོའི་ནང་ལོག་ཁ་ཏས་ད་ཞལ་ཡས་ཁང་ཆེན་ཁག་ལྔ་པོ་དེ་གས་དབུས་ཀྱི་སྐུ་རྟེན་དེ་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་འདྲ་སྐུ་གཅིག་ཡོད་ཟེར་ཨོའོ་དེ་འདྲས་བཤད་སྲོལ་འདུག། ད་སྲོང་བཙན་སྒམ་པོའི་ཐུགས་སེམས་དེ་ད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཐུགས་ལ་འཐིམ་པ་རེད་ཟེར་གྱི་འདུག་གང་བྱས་ཙང་དབུས་ཀྱི་སྐུ་རྟེན་དེ་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་འདྲ་སྐུ་དེ་འོ་དའི་བང་སོ་དེའི་དཀྱིལ་ལ་ཡོད་ཟེར་འོ་དེ་འདྲས་གཤད་སྲོལ་འདུག།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    བང་སོ་དེ་གནས་སྒོ་དེ་ནུབ་ཕྱོགས་བལ་ཡུལ་ཕྱོགས་སུ་བསྟན་ཟེར་བྱས་ནས་དེ་ནི་ཕ་གིའི་རྒྱབ་ཕ་གའི་མི་དམངས་ཀྱི་བསྐོར་རྩ་མང་པོ་ཡར་ཕུལ་བཞག་པའི་དེ་གཅིག་ཡོའོ་རེད། འོ་དེ་ནས་ཡར་དེ་ནི་གནས་སྒོ་དེ་འོ་དེ་ནས་ཡར་ཡོད་ཟེར། ད་གནས་སྒ་ཨོ་དེ་བརྗེས་ཡས་ཀྱི་དེ་དི་ཨ་ནི་སྔོན་མ་ལུག་རྫི་གཅིག་ཡོའོ་རེད་ཟེར་གྱི་འདུག་ད། ད་ང་ལས་ད་གཞན་དག་མི་གས་གཙོ་བོ་སྔོན་མ་ཡི་སྐུ་ཞབས་འདྲེས་པ་ཚོས་ཚུར་ང་ཚོ་འདྲ་ཅིག་ལ་ཚུར་བཤད་གནང་པ་དེ་མ་གཏོགས་འདྲ་ཅིག་གཞན་ང་ལའི་ཤོད་ཡས་ཞེ་དྲག་མེད། དེ་ནི་དེ་ཚུར་ཤོད་གནང་པ་དེ་ད་དེ་རེད་ཟེར་གྱི་འདུག་ད་སྔོན་མ་གི་ལུག་རྫི་གཅིག་ཡོའོ་རེད་ཟེར་ལྡན་མན་གྱི་ཡ་གའི་སྦི་དབང་ལུག་རྫི་ཟེར་ཡས་གཅིག་ཡོའོ་རེད་ཟེར། སྔོན་མག་ཡ་གའི་ར་ལུག་འཚོ་བ་ལ་ཉིར་ལྟར་རེ་ཞིག་ར་ལུག་འཚོ་བ་ལ་འགྲོ་གྱི་རེད་ཟེར་ལུག་རྫི་དེ་འོ་དེ་ནི་ར་ལུག་འཚོ་བ་ལ་འགྲོ་དུས་ཙམ་པ་ར་དཀར་པོ་གཅིག་ཉིན་ལྟར་རེ་ཞིག་དུས་ཚོད་གཅིག་ལ་ཁ་ཏད་རྒྱང་བརླ་ནས་དེ་ནི་སྔོན་སུ་མཐོང་ཐུབ་ཡས་རྒྱུ་ནས་ཡོའོ་མ་རེད་ཟེར་འགྲོ་གི་དའི་མཐོང་གི་ཡོའོ་མ་རེད་ཟེར་དེ་ནི་གཞུག་ལ་ཁ་ཏད་དེ་ནི་དེ་བྱས་པ་རེད་ཟེར་གྱི་འདུག་ཕུད་སྤྲུག་བྲུ་གུ་ཆེན་པོ་གཅིག་ར་དའི་རྭ་ཅོ་དའི་རྟགས་རྒྱབ་བཞག་པ་ཡིན་ཟེར་དེ་ནི་ར་དེ་ལ་རྟགས་དེ་འདྲས་ཅིག་རྒྱབ་བཞག་པ་དང་དེ་ནི་ཉིན་མོ་གཅིག་ཁོང་ཚོ་ཡང་དུས་ཚོད་དེ་ཏག་ཏག་ར་དེ་བསྡད་ཡོའོ་རེད་ཟེར་ར་དེ་བསྡད་མེད་ཙང་ཨ་ནི་ཕུད་སྤྲུག་བྲུ་གུ་ཆེན་པོ་དེ་ད་གའི་རྫར་རེའི་བསྡད་པ་རེད་པ་དེ་ནི་དེ་མར་ལུག་རྫི་དེ་གས་བྲུ་གུ་རྒྱག་གི་རྒྱག་གི་རྒྱག་གི་མར་འདུག་ཟེར་ཡོང་དུས་ཙང་མ་དེ་ནི་གནས་སྒོ་དེ་བྱེ་བསྡད་པ་དའི་སླད་པ་དང་གནས་སྒོ་བྱེ་བསྡད་པ་དེ་ཧ་གོ་ཡས་དེ་དེ་ནས་གོ་པ་ཡིན་ཟེར། དེ་ནི་ར་དཀར་པོ་དེ་རྒྱུན་གཏན་རྒྱང་བརླག་ཡས་དེ་ཡའི་༔་ཕ་གའི་ཡ་འགྲོ་གི་ཡོའོ་རེད་ཟེར་དེ་ཡོད་སའི་གཞལ་ཡས་ཁང་ནང་ལ་ཕྱིན་ནས་དེ་ནི་སོ་སོའི་འོ་ཕུད་དེ་ར་དཀར་པོ་དེ་གས་འོ་མའི་འོ་ཕུད་དེ་འོ་ལྷ་ཁང་དེའི་ནང་ལ་འབུལ་གྱི་ཡོད་ཟེར་གྱི་ཡོའོ་རེད་དེ་དུས་གནས་སྒོ་དེ་བྱེ་བསྡད་ཡོའོ་རེད་ཟེར་དེ་ནི་ཉིན་ལྟར་རེ་ཞིག་རྒྱང་བརླག་ཡས་དེ་འོ་དེའི་བཟོས་ནས་དེ་ནི་ཟེར་སྲོལ་ལ་འོ་ཕུད་དེ་མི་གས་མ་བཞོས་སྒོ་ནས་དེ་ནི་སོ་སོའི་འོ་ཕུད་དེ་དེ་ནི་ཞལ་ཡས་ཁང་ནང་ལ་ཁ་ཏད་འོ་ཕུད་འབུལ་གྱི་ཡོད་ཟེར་དེ་ནི་ར་དཀར་པོའི་འོ་མའི་འཁུ་བ་བྱས་ནས་དེ་ནི་འོ་མའི་རྟ་མགྲིན་གཅིག་བཞངས་པ་རེད་ཟེར་དེ་ལ་ཡ་དྲོད་རྟེན་ང་ཙམ་ཅིག་ཡོད་ཟེར་འོ་དེ་འདྲས་ཅིག་གསུང་ཡས་འདུག།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེ་ནི་དེ་དུས་ཙ་ནས་གཞི་ནས་ལུག་རྫི་དེ་གས་ད་ར་དཀར་པོ་དེ་དེ་ནི་ཉིས་ལྟར་རེ་ཞིག་རྒྱག་བརླག་ཡས་དེ་འོ་ད་དི་རེ་ནས་ཧ་གོ་སོང་ཟེར་དེ་ནི་དེ་དུས་དའི་རྫུལ་བསྡད་ཞག་ཟེར་དེ་ནི་འོ་དེ་འདྲས་ཅིག་ལ་འགྲོ་གི་ཡོའོ་འདྲ་ཟེར་བྱས་ནས་དེ་ནི་ཁོས་ངོས་འཛིན་དེའི་ཐོག་ནས་གཞི་ནས་གནས་སྒོ་དེ་ཕྱེ་མཇལ་རྒྱུ་མེད་པ་ཆགས་ར་དཀར་པོ་ནང་ལོག་ལ་ཚུད་པ་ཡིན་གསུང་པ་རེད་དེ་ནི་དེ་འདྲས་ཀྱི་མཇལ་རྒྱུ་མེད་པ་ཆགས་དེ་ནི་གཞི་ནས་གནས་སྒོ་དེ་བསྐལ་པའི་དུས་ཚོད་གཅིག་ག་དུས་སླེབས་པའི་སྒང་གཅིག་ལ་གཏོགས་གནས་སྒོ་དེ་བྱེ་གི་མ་རེད་ཟེར། འོ་དེ་འདྲས་ཅིག་ཁྱབ་བསྡད་ཡོའོ་རེད་ཟེར། གནས་སྒོ་འབྱེ་ཡས་ད་གའི་ད་བསྐལ་པའི་དུས་ཚོད་དེ་བརྩམ་པའི་དུས་ལ་དེ་ནི་ཕ་གའི་སྣོན་ཟེར་ཅིག་ཡོའོ་རེད་པ་ཕ་གི་ཆུ་ཆེན་པོ་རེད་ཟེར་རི་ཚང་མ་ཆུ་རེད་ཟེར་ཆུ་དེ་རི་དེ་ཁ་འབར་ནས་དེ་ནི་ཆུ་ཚང་མ་ཚུར་དོན་ནས་དེ་ནི་གལ་པ་མཐོ་པོ་དེ་མཁལ་གཞི་ནས་དེ་ནི་གནས་སྒོ་དེ་བྱེ་གི་ཡོད་ཟེར་མ་གཏོགས་གཞན་ད་དེ་དེ་འདྲས་ཀྱི་གནས་སྒོ་བྱེ་ཀྱི་རེད་ཟེར་བྱས་བྱས་དེ་ནི་དེ་བྱེད་ཡས་ཡོའོ་མ་རེད་ཟེར། གནས་སྒོ་འབྱེ་རན་པ་ཟེར་མི་རིགས་ཕྱེ་ཕྱེ་ཟེར་ཡས་ཡོའོ་མ་རེད་ཟེར། དེ་སོ་སོ་རང་བཞིན་གྱི་གནས་སྒོ་དེ་འབྱེ་གི་ཡོད་ཟེར་བསྐལ་པའི་དུས་ཚོད་དེ་བསླད་དུས་ཙམ་པ། འོ་དེ་འདྲས་བཤད་སྲོལ་འདུག་ལ།
  • ཤེས་རྦ་འགྱུར་མེད
    ཨོང་དེ་ནི་ཡང་འདིའི་བང་སོ་དང་་་དེ་གྱི་་་་དམིགས་བསལ་དེ་འདུག་གས། དཔེར་ན་འདི་མཛད་རྗེས་འདྲ་བུ་ཡིན་ནའི་མཛད་པ་ཐོག་ལ་དབྱེར་ན། དེ་ནི་ཕྱོགས་ཁག་མི་བསལ་གྱི་གནས་སྐོར་བྱེད་མཁན་མང་པོ་ཡོང་ཡས་འདྲ་བུ་ཅིག་དེ་ནི་འདྲ་བུ་་་་དམིགས་བསལ་འདུག་གས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    དེང་སང་ཨས།
  • ཤེས་རྦ་འགྱུར་མེད
    འོང་དེང་སང་།སས
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    ད་དེང་སང་མང་ཆེ་བ་ཕ་གའི་རེད་ད་གཙོ་བོ་ཕྱི་རྒྱལ་དང་དེ་རེད་པ་ལ། ཕྱི་རྒྱལ་དང་ཤང་ཁང་དང་ཐན་དབེན་དང་ཨོའོ་དེ་འདྲས་ཅིག་རེད། ཡང་སྔོན་མག་དེ་བར་དེ་ཡའི་ཏས་ཙ་ཅིག་ཡོང་སོ་རི་པིང་ཡིན་ཟེར་ཡན་འདྲ་བུ་ཏས་ཙ་འདྲ་ཅིག་གཞན་བོད་པ་དང་ཁམས་པ་མང་ཆེ་བ་རེད་མ་གཏོགས་གཞན་གཞན་དག་མི་ཟེར་གཞན་དག་ཡོང་མཁན་མི་འདུག་ལ།
  • ཤེས་རྦ་འགྱུར་མེད
    ཨ་ལས་གནས་སྐོར་འགྲོ་མཁན་མང་ཤོས་དེ་ཡུལ་གྱི་མི་རེད་པས།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འོང་། དེ་ནི་མང་ཆེ་བ་དེ་ཡུལ་དེ་རེད། ད་ཁ་ཤས་དེ་རྒྱང་རྩེ་ནས་སླེབས་ཀྱི་རེད་གཞི་ཀ་རྩེ་འོང་དེ་ནས་སླེབས་ཀྱི་རེད་གཙང་ནས་ཡའི་སླེབས་ཀྱི་རེད། འོང་ཕ་གའི་ཆ་བཞག་པ་ཡིན་ན་དེ་ནས་ཡའི་སླེབས་ཀྱི་རེད་ག་རེ་ཟ་ཟངས་རི་ངོ་ཕྱོགས་ཟེར་ཡས་འདྲ་བུ། རྒྱ་རྩེ་ངོ་ཕྱོགས་ཟེར་ནས་འདྲ་བུ་ད་བོད་ཀྱི་ཡུལ་གྱི་མཐའ་མཐའ་ལ་སླེབས་བསྡད་པའི་མང་ཆེ་བ་འདྲ་ཞིག་སླེབས་ཡས་སླེབས་ཀྱི་རེད་འདའི་ད་ཁ་ཤས་དེ་འདྲས་ཅིག་བརྩད་ཆོད་ཀྱི་མི་འདུག་ག་བརྩད་མི་ཆོད་བྱས་དེ་ནས་ཡར་སླེབས་ཀྱི་མི་འདུག་ཁ་ཤས་ཡང་ཨོའོ་དེ་འདྲས་འདྲ་གོ་ཐོས་རང་བྱུང་པ་དང་ཨ་ནི་དའི་ཡ་འདུག་ཟེར་ཡིན་ཟེར་གསལ་བཤད་འདྲ་ཅིག་བྱས་འདུག་ཟེར་སླེབས་ཀྱི་འདུག། དེ་ནི་དིག་ཙ་པས་བང་སོ་གང་འདྲས་ཅིག་ཡོད་མེད་སྐད་ཆ་འདྲ་ཅིག་འདྲིས་དེ་འདྲས་ཀྱི་གནས་བཤད་དེ་ཚོ་ཤད་བྱས་དེ་འདྲས་ཟེར་གྱི་འདུག། ད་ཞེ་དྲག་ཟེར་བྱེད་ཤེས་ཀྱི་མ་རེད་དའི་ད་ཕྱོགས་བསྡུས་འདྲ་ཅིག་ངོ་ཕྲོད་པ་ད་གས་དེ་ནི་དེ་འདྲས་ཟེར་རེད་བྱས་ནས་ཨོའོ་དེ་འདྲས་འདྲ་ཞིག་གསལ་བཤད་འདྲ་ཞིག་བྱས། ད་གཏན་གཏན་དེ་འདྲས་རེད་ཟེར་བྱས་དཔང་རྟགས་ང་ཚོ་ལའི་ཡོའོ་མ་རེད། ང་ཚོ་སྲིད་གཞུང་གསར་པ་ཕེབས་པའི་ཕྲུ་གུ་ཡིན་ཙང་དེ་འདྲས་ཅིག་བཤད་ཡས་མེད་བྱས། ད་ཕྱོགས་བསྡུས་བཤད་ཡས་ཡོད་པ་དེ་ད་ཞང་ཞང་དེ་ད་སྔོན་མག་འདིའི་ལོ་རྒྱུས་དེ་ཏས་ཙ་ཤོད་ཡས་ཡོད་ཙང་དེ་ནི་སེམས་ལ་ངེས་བསྡད་པའི་ཏས་ཙ་བཤོད་ཡས་བསྡད། ཨོའོ་དེ་རེད།
  • འཇིགས་མེད་ཡེ་ཤེས་རྡོ་རྗེ
    འདི་འཕྱོངས་རྒྱས་རི་བོ་བདེ་ཆེན་རེད། འཕྱོངས་རྒྱས་རི་བོ་བདེ་ཆེན་དགེ་ལུགས་ཀྱི་དགོན་པ་རེད། ང་ཚོ་རྙིང་མ་དང་གཅིག་པ་གཅིག་པ་རང་མ་རེད་ཆོ་ག་དེ་འདིའི་སྔོན་མག་རྒྱལ་བ་ལྔ་པ་འཁྲུངས་ས་དེ་ཨོའོ་དེ་གས་སྡེ་པ་གཟིམ་ཁང་ཟེར་ཡས་ཡོའོ་རེད་ཟེར་གྱི་འདུག། ང་ལའི་མཇལ་ཡོང་མེད་མེད། སྡེ་པ་གཟིམ་ཁང་ལ་འཁྲུངས་པ་རེད་ཟེར་གྱི་འདུག་སྔོན་མག་རྒྱལ་བ་ལྔ་པ་དེ་ཨོའོ་ད་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་དགོན་པ་དེ་དེ་རེད། དེ་ནི་ཕ་གའི་རི་ཟུར་ཕ་གིའི་རྩེ་དེ་འཕྱོངས་རྒྱས་རྫོང་རེད་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་རྫོང་འོ་དེ་འདྲས་ཅིག་དེ་རེད།