Video Overview
According to Bhutanese tradition, when someone suddenly falls gravely ill, a “sur ritual,” or scent offering to spirits, is performed to counteract it. The same ritual is also performed when a person dies. In this video, Jigme recites the liturgy that is employed by lay people in that kind of ritual. Generally, “sur” offering is made at sunset or thereafter, since spirits are believed to be active at those times.
གཤིན༌འདྲེ༌ལུ༌གསུར༌བཏངནི༌དེ༌མི༌ཧང༌སྟོང༌མར༌ན༌སྟེ༌ཤི༌ནི༌གི༌དུམ༌ཁར༌ལྷོདཔ༌ད༌མི༌སྡེ༌ནང༌ལུ༌ཕན༌ཐོགས༌ཆེ༌བའི༌ཐབས༌ཤེས༌རིམ༌གྲོ༌ངོ༌མ༌ཅིག༌ཨིན།མོང༌སྒར༌གླིང༌མཁར༌ལས༌འཇིགས༌མེད༌ཀྱིས༌གཤིན༌གསུར༌གྱི༌བཤད༌པ༌རྐྱབ༌མི༌འདི༌བླམ༌ཆོསཔ༌ཀྱིས༌འབད༌བའི༌ལུགས༌སྲོལ༌མེན༌པར༌མི༌གནགཔ༌གིས༌འབད༌བའི༌ལུགས༌སྲོལ༌སྦེ༌ཨིན༌ཟེར༌བཤདཔ༌ཨིནམ༌ད༌གཤིན༌འདྲེ༌གིས༌གསོན༌པོ༌ལུ༌གནོད༌པའི༌སྐབས༌ལུ༌བཤད༌པ༌དེ༌སྦེ༌རྐྱབ༌སྟེ༌གསུར༌གཏང༌དོ༌ཡོདཔ༌སྦེ༌བཤད༌ནི༌འདུག
- Lingkhar
- འཇིགས་མེད།/Jigmeང་བཅས་ད་ལྟོ་ནཝ་ད་ གཤིན་པོ་ ཤི་མི་གི་མེན་འདྲེ་གི་གནོདཔ་ཨིན་ དེ་ལས་ བླམ་ཆོསཔ་དང་དྲུང་ཚོ་ཚུ་གི་གཤིན་པོ་ཨིན་མས་ཟེར་ ནང་དོགཔ་ད་ གསུར་བཏང་དགོཔ་འཐོནམ་ཨིན།
- འཇིགས་མེད།/Jigmeགསུར་བཏངམ་ད་ ཧེ་མ་རང་ཕྱེ་བཏང་དགོ་ དེ་ལས་ མེམ་སེར་བཏང་དགོ་ བདུད་རྫས་བཏང་ དེ་ལས་ གཤིན་པོའི་གསུར་བཏང་ནི་ གཤིན་གཤུར་བཏངམ་ད་
- འཇིགས་མེད།/Jigmeཁྱོད་ཤི་ཤིཝ་ཨིན་ ཁྱོད་གྱོང་འདི་ལོ་འབདན་ ལོ་འ་ནི་ཅི་ཡར་སོང་ཡི་ ཁྱོད་ས་ཆུ་མེ་རླུང་དང་ཕྲད་ཕྲདཔ་ཨིན་ འབྱུང་བཞི་ག་ར་དང་ཕྲད་ཅི་
- འཇིགས་མེད།/Jigmeད་ ཁྱོད་ཀྱི་ཁྱོད་རའི་གཡུས་ཁ་གི་ ཕམ་སྤུན་ཆ་ཉེ་བ་གཉེན་ཚན་ཚུ་ལུ་འབག་ཆ་འབད་སྡོད་པ་ཅིན་ འབག་ཆ་ཐམས་ཅད་འཁོར་བའི་སྡུག་བསྔལ་ཨིན།
- འཇིགས་མེད།/Jigmeའབག་ཆ་འབད་མིང་དགོ་ མོ་བཏབ་འབད་རུང་ཁྱོད་རང་མཐོན་ཡི་ དེ་འབདཝ་ལས་ ཁྱོད་གཤིན་པོ་ཨིན་མས་ ཁྱོད་གསོན་པོ་ཚུ་ལུ་གནོདཔ་མ་བསྐྱལ་ ང་གིས་གསུར་བཏང་དོ
- འཇིགས་མེད།/Jigmeད་ལྟོ་ཁྱོད་ལུ་བྱིན་མི་གསུར་འདི་ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་རང་ཁ་སྐོམ་དྲག་ནི་ ལྟོ་བཀྱེས་དྲག་ནི་དོན་ལུ་ཨིན་ ཁྱོད་ཀྱི་བང་ཅན་ཚུ་གི་བང་བཙོང་མ་བཅུག་ བང་ཆུང་ཚུ་ལུ་ཡང་མ་སྤྲོད་ གསུར་དེ་འབད་བཏང་དོ་
- འཇིགས་མེད།/Jigmeཁྱོད་ཀྱི་ག་ཅི་ཐོབ་ནི་ ཁྱོད་རའི་ཕུང་པོ་འབྱུང་བཞི་དང་ཕྲད་བཞིནམ་ལས་ ཁྱོད་བལྟ་བ་ཅིན་ང་བཅས་མཐོང་དོ་འོང་ ང་བཅས་བལྟཝ་ད་ཁྱོད་མི་མཐོང་ དེ་འབདཝ་ལས་གསུར་གཅིག་ཐོབ
- འཇིགས་མེད།/Jigmeའབྱུང་བཞི་དང་ཕྲད་ཡོདཔ་ལས་ འབག་ཆ་མ་འབད་ འབག་ཆ་སྐྱེད་བ་ཅིན་འཁོར་བའི་རང་བཞིན་ཨིན་ དེ་བ་འདི་ གསུར་འདི་གི་ཁྱོད་ར་ཁ་སྐོམ་ལྟོ་བཀྱེས་ཀྱི་སྡུག་བསྔལ་བསལ་ཟེར་ འ་ནིམ་ཅིག་ཨིན།
- འཇིགས་མེད།/Jigmeང་བཅས་ འཇིག་རྟེན་པའི་ཁ་བཟང་དེ་ཅི་ཨིན་ ཆོསཔ་གི་སོ་སོ་འོང་ལགས།