Video Overview
Jigme from Lingkhar explains the procedures that one needs to observe before and after the construction of a house. Firstly, the house owner has to invite an astrologer, and do a "ground breaking” ceremony. The house owner has to also invite carpenter in a particular manner, pretending he or she is actually inviting the deity Vishwakarma (“the god of machines”) for the construction. After the completion of the construction, people should compare the house with a “tashi gomang,” a sacred box that is a kind of “mobile temple” monks carry from village to village. Finally, they should wish the house owner prosperity and peace.
- Lingkhar
- Jigme> ད་ ང་བཅས་ར་སྡོད་སའི་ཁྱིམ་རྐྱབ་ད་ལུ་ དང་པ་རང་རྩིསཔ་འབོད་དགོ་ལགས། རྩིསཔ་འབོད་དགོས་མི་ ང་བཅས་རང་སྡོད་སའི་ཁྱིམ་འདི་ མ་རྐྱབ་པའི་ཧེ་མ་ས་རྨང་ལེན་ནི་དོན་ལུ་ ས་རྨང་ལེན་ཞིནམ་ལས་
- Jigme> བཟོ་བོ་ཞུ་དགོས་མི་འདི་ བཟོ་བོ་འབྱུང་ས་བོད་ལྷ་ས་བསམ་ཡས་ལས་ བཟོ་བོ་བྷེ་ཤུ་སྐར་མ་ཞུ་ཨིན། དེ་ཡང་ རང་གི་ས་ཁོངས་ནང་ བདུད་དམ་ཀླུ་ ས་དག་དགྲ་བོ་ག་ཅི་འབད་རུང་གནོན་ནིའི་དོན་ལུ་ བཟོ་བོ་རྒྱབ་ཁར་སློབ་དཔོན་འབག་འབད་མི་འདི་ཨིན།
- Jigme> དེ་ལས་ ཁྱིམ་རྐྱབ་ ཁྱིམ་བསྒྲུབས་ཨིན། བསྒྲུབས་ཞིནམ་ལས་ ཁྱིམ་ནང་ན་འཛུལ་ཏེ་ རྟེན་འབྲེལ་བརྩིསཝ་ད་བཀྲིས་ཁ་དར་ཟེར་བཏགས་ནི་ཡོདཔ་ཨིན།
- Jigme> བཀྲིས་ཁ་དར་བཏགསཔ་ད་ལུ་ སྦྱིན་བདག་གི་མིང་འདི་བཙུགས་ བཟོ་བོ་བྷེ་ཤུ་སྐར་མ་གི་ ཟངས་མདོག་དཔལ་རི་ བཀྲིས་སྒོ་མང་བསྒྲུབས་བསྒྲུབསཔ་ཨིན་ བཀྲིས་སྒོ་མང་བསྒྲུབས་ཡོད་པའི་བཀྲིས་ཁ་དར་ཕུལཝ་ཨིན་སླབ་དགོ
- Jigme> ཕྱི་ཁར་ལས་བལྟ་ན་འཇའ་ཆིག་ཆི་ ནང་ན་ལས་བལྟ་ད་ཧུམ་ཆིག་ཆི་ཨིན་ ད་རེས་ བཀྲིས་སྒོ་མང་བསྒྲུབས་པའི་རྟེན་བྲེལ་ལུ་ བཀྲིས་ཁ་དར་ཕུལཝ་ཨིན་སླབ་འོང།
- Jigme> དེ་ལས་ ཁྱིམ་བསྒྲུབས་ཞིནམ་ལས་ ཁ་རམས་དཔྱང་ནི་ཡོདཔ་ཨིན་ ཁ་རམས་ལུ་ཡང་ མི་ཁ་རམས་ ནོར་གྱི་ཁ་རམས་ ཕུར་ཁའི་ཁ་རམས་ཟེར་ ལེ་ཤ་ཡོདཔ་ཨིན། འ་ནི་ ཁ་རམས་བཟློག་ནི་དོན་ལུ་ དང་པ་ཤར་ལུ་དཔྱང་དགོ་
- Jigme> ཤར་ཕྱོགས་རྒྱལ་པོ་སྤོ་བཞེས་ཤིག་ ལྷོ་ཕྱོགས་རྒྱལ་པོ་སྤོ་བཞེས་ཤིག་ ནུབ་ཕྱོགས་རྒྱལ་པོ་སྤོ་བཞེས་ཤིག་ བྱང་ཕྱོགས་རྒྱལ་པོ་སྤོ་བཞེས་ཤིག་
- Jigme> དེ་ལས་ རྟེང་ལྷ་ཡུལ་གྱི་ཁ་རམས་ འོག་ཀླི་གི་ཁ་རམས་ བར་བཙན་གྱི་ཁ་རམས་ ཁ་རམས་བདུད་རམས་གནོན་ཤིག་སླབ་འོང་།