Skip to main content Skip to search
01 Feb 2016
1 min 41 sec
Video Overview
Creators: 
Sonam Tobgye, Sangay Tshomo

In Bhutanese communities, several rituals are traditionally conducted for the benefit of the departed ones. Those funeral rituals involve both religious ceremonies and traditional lay practices. In this video, Jigme gives an example of the way lay people express words of farewell as they perform offering rites for the departed ones. He shows furthermore manners in which dead persons are advised to present whatever is taken with them in the intermediate state.

 

མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་ མི་ཤི་ལམ་འཇུག་གི་བཤད་པ་རྐྱབ་མི་འདི་ འཇིགས་མེད་ཁོ་ར་གིས་བཤད་དོ་བཟུམ་སྦེ་ར་ མི་ཚེ་ལས་འདས་པ་གཤིན་པོ་ལུ་ ཤུལ་དུ་ལུས་མི་གསོན་པོ་ཚུ་གིས་ གཤིན་པོ་ཁོ་ར་ མིའི་ཚེ་ལས་འདས་སོང་རུང་ རང་སོའི་དགེ་སྡིག་གི་ལས་ཀྱིས་དབང་གིས་འབད་ གཞན་ཁ་ལུ་སྐྱེ་བོ་ལེན་མ་ཚུགས་པར་ ཞག་གྲངས་ ༤༩ ཚུན་ བར་དོ་འཁྱམས་ཏེ་སྡོད་དོ་ཡོདཔ་ཨིན་མས། དེ་སྦེ་འབད་ནི་དེ་གིས་ ཡོདན་ ཤུལ་ལུ་ལུས་མི་ཚུ་གིས་ ཤི་བའི་ཚེ་ལས་ཉི་ཤུ་རྩ་གཅིག་བར་ དགེ་རྩ་སྒྲུབ་དོ་ཡོདཔ་ད་ མེདན་ བདུན་ཕྲག་རེ་རེའི་བར་ན་ བདུན་ཚིགས་བཟུང་སྟེ་ བདུན་གསུམ་ཉི་ཤུ་རྩ་གཅིག་ལུ་ དགེ་རྩ་ཚུ་མཇུག་བསྡུཝ་སྦེ་བཞགཔ་ཨིན། དེ་ཚེ་ ཆོ་གའི་གོ་རིམ་དང་བསྟུན་ཏེ་ ཟས་བསྔོ་འབད་བའི་བར་སྐབས་ཅིག་ལུ་ ཕམ་སྤུན་ཆ་ གཉེན་ཉེཝ་ ལྟ་ལྟོ་ཚང་ ཡོད་ཚད་ཅིགཔོ་གིས་ ཏི་རུ་གང་འབྱུང་མང་འབྱུང་སྦེ་བྱིན་ཏེ་ ཁ་མཁས་དྲག་ཅན་ཅིག་གིས་འབད་ ཤུལ་དུ་ལུས་མི་རེ་རེའི་ངོ་སྤྲོད་འབད་དེ་ གཤིན་པོ་ཁྱོད་ར་ཤི་ཚར་བའི་མཐའ་མ་ ཤུལ་དུ་ལུས་མི་མི་དེ་གིས་ གཉེན་དང་འཕྱད་པ་ཅིན་ འཕྱོསམ་དང་ དགྲ་དང་འཕྱད་པ་ཅིན་ སྲོག་ལན་ཨིན། སྤྱན་རས་གཟིགས་ཀྱི་སྙན་དར་ ཆོས་ཀྱི་རྒྱལ་པོའི་ཕྱག་མཇལ་འབད་སྨ་རེད་ ཟེར་སླབ་སྟེ་ གཤིན་པོའི་མཚན་བྱང་གདོང་ཁར་ བཀལ་སྲོལ་ཅིག་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • Jigme> ད་ ང་བཅས་མི་འདི་ཚེས་ལས་འདས་ཏེ་ ཉིནམ་གྲངས་ཁལ་གཅིག་དང་གཅིག་འགྱོ་ད་ལུ་ ཁོ་ལུ་ཕོགཔ་ཡང་ཁལ་གཅིག་དང་གཅིག་འགྱོ་འོང་།
  • Jigme> དེ་དང་གཅིག་ཁར་ བང་ཅུང་ཁལ་གཅིག་དང་གཅིག་འགྱོ་འོང་། དེ་ལས་ ཟས་ཀྱི་ཁ་བཟང་རྩ་བའི་བླ་མའམ་ སློབ་དཔོན་གྱི་གནང་ཚརཝ་ད་ ལམ་སྤྱོད་ཟེར་བཏང་ནི་ཅིག་ཡོད
  • Jigme> ལམ་སྤྱོད་འབདཝ་ད་ ད་ཁྱོད་ཚེ་ལས་འདས་འདི་ ཉིནམ་གྲངས་ཁལ་གཅིག་དང་གཅིག་ཡར་སོང་ཡི་ ཁོ་གདངས་མ་ཆད་ཁྱོད་ལུ་གསོལ་ར་བཟུམ་ཅིག་ཨིན།
  • Jigme> ད་ལྟོ་མི་འབད་སྡོད་རུང་ ཁྱིམ་ནང་འགྱོ་ད་ཁྱོསམ་དགོཔ་ཨིན། གཉེན་དང་ཕྱད་པ་ཅིན་ཁྱོསམ་ཨིན་ དགྲ་ཕྱད་པ་ཅིན་སྲོག་ལེན་ཨིན
  • Jigme> དེ་ལས་ འཕགས་པ་ཐུགས་རྗེ་ཆེན་པོ་ལུ་འབདན་ཡོན་ཨིན་ གཤིན་རྗེ་ཆོས་ཀུན་རྒྱལ་པོ་འབདན་ཕྱག་མཇལ་ཨིན་ དེ་སྦེ་བསྣམ་ཟེར་སླབ་འོང་ གཤིན་པོ་ལུ།