Skip to main content Skip to search
19 Oct 2017
4 min 9 sec
Video Overview
Creators: 
Yeshi Wangchuk

An account of receiving the Yidam statue during the Yakchoed festival in Ura was narrated by Tshewang Dolma. She heard the account from her grandmother, Tashi Zangmo, while she was young. This sacred statue of Yedam is received at Tshewang Dolma's house and kept there for three nights because the origin of the statue is from that particular household. Today the statue is still kept there for three nights during the festival. Though the statue originated from Tshewang Dema's house, it later was housed in Gadhen Lama's temple, where it remains.

ཨུ་ར་གཡག་མཆོད་ཀྱི་སྐབས་སུ་ ཡིད་དམ་ཀྱི་སྐུ་འདྲ་ཞུ་དགོ་པའི་ལོ་རྒྱུས་འདི་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ ཚེ་དབང་སྒྲོལ་མ་གིས་ བཤདཔ་ཨིནམ་ད་ མོ་གིས་བརྡ་དོན་འདི་ཚུ་ མོ་ར་གཞོནམ་སྦེ་སྡོདཔ་ད་ མོ་རའི་ཨང་རྒས་བཀྲིས་བཟང་མོ་ལས་ཐོབ་ཡོདཔ་ཨི་པས། བྱིན་ཅན་ཡིད་དམ་གྱི་སྐུ་འདྲ་འདི་ བྱུང་ས་ཚེ་དབང་སྒྲོལ་མའི་ཁྱིམ་ནང་ལས་འབདཝ་ལས་ གཡག་མཆོད་ཀྱི་དུས་སྟོན་གྱི་སྐབས་སུ་ མོ་གི་ཁྱིམ་ནང་ ནུབ་གསུམ་ཞུ་སྦེ་བཞགཔ་དོ་ཡོདཔ་ད་ མ་གཞི་སྐུ་འདྲ་འདི་ ཚེ་དབང་སྒྲོལམ་གྱི་ཁྱིམ་ནང་ལས་བྱུང་བྱུངམ་ཨིན་རུང་ ཤུལ་ལས་ དགའ་ལྡན་བླམ་གྱི་ལྷ་ཁང་ནང་བཞག་ཡོདཔ་བཞིན་དུ་ ད་རེས་ནངས་པ་ཡང་ ས་གནས་འདི་ཁར་ར་ བཞག་དོ་ཡོདཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཚེ་དབང་སྒྲོལ་མ Tshewang Dolma
    ད་གནསཔོ་ཅིག་བརྙ་གེ་ཟེར་ ང་ཏེ་ད་ སྐུ་ཞག་ནཱ་ལུ་ལུས་ནི་མས་ ཟེར་ཞུ་ཞུཝ་མས་ཁོ་སྒོམ་ཆེན་གཅིག་བྱོན་སྦེ་ ཏེ་ད་ཧེ་མ་ང་གིས་ལྟོ་ཅིག་འབད་གེ་སྒུགས་ཤིག་ཟེར་ དེ་ལས་ཨང་རྒས་ཀྱིས་དེ་སྦེ་ཞུ་ཞུཝ་མས། དེ་ལས་ ཨང་རྒས་ཀྱིས་ལྟོ་འབད་ཚར་ཏེ་བཟའ་རནམ་སྦེ་ཞུ་བར་འགྱོཝ་ད་ལུ་ རོགས་སྒོམ་ཆེན་ག་བྱོན་གུ་བྱོན་ཡང་མིན་འདུག་ཟེར་ཨིན་པས་ལོ།
  • ཚེ་དབང་སྒྲོལ་མ Tshewang Dolma
    དེ་ལས་ཨང་རྒས་ཀྱིས་ ཏེ་དེ་བཟུམ་མའི་སྒོམ་ཆེན་བཞེས་སྒོ་ཐོབ་ཚརཝ་ད་བྱོན་སོ་ནུག་ཟེར་ སྦ་ཀུར་(བུམ་ཐང་པའི་ཁ་ནང་ཚར་ལས་འཐགས་ཡོད་པའི་ཧོད་ཅིག) གྱི་ནང་ན་ལས་ བལ་དེ་འཐུ་བར་འགྱོཝ་ད་ བལ་གྱི་ནང་ན་ལས་ཕྱག་རྡོར་ཐོན་ཐོནམ་ཨིན་ཟེར་ཨིན་པས།
  • ཚེ་དབང་སྒྲོལ་མ Tshewang Dolma
    དེ་ལས་ གདུལ་བྱ་རོགས་དགའ་ལྡན་ལུ་རང་སྡོད་སྡོདཔ་མས་ དེ་ལས་ དགའ་ལྡན་ལུ་བྱོན་བྱོནམ་མས་ དེ་ལས་ གནསཔོ་ཟེར་མི་འདི་ དེ་སྦེ་ཨིན་པས་ལགས་ ཏེ་གནསཔོ་ཟེར་ཞུ་མི་འདི།
  • ཚེ་དབང་སྒྲོལ་མ Tshewang Dolma
    དེ་ལས་ ཨུ་ར་གཡག་མཆོད་ལུ་ཞུ་དགོཔ་འདི་ ཡར་དགའ་ལྡན་ལས་མར་ཞུ་འབག་ཞིནམ་ལས་ དེ་ལས་ གཡག་མཆོད་ཀྱི་དོན་ལུ་ ཞུ་འབག་འབད་ཞིནམ་ལས་ ཡར་བྱོནམ་ད་ སྐུ་ཞག་གསུམ་བཞུགས་དགོཔ་འདི་ ནཱ་ཨུ་ར་ལུ་ ང་འབད་སར་བཞུགས་དགོཔ་དེ་སྦེ་ཨིན་པས་ ཨང་རྒས་ཚུ་གིས་དེ་སྦེ་སླབ་དེས།
  • ཚེ་དབང་སྒྲོལ་མ Tshewang Dolma
    ཏེ་དང་ཕུ་འབད་བ་ཅིན་ ཏེ་པུ་ཏ་བཟོ་སྦེ་ ཨང་རྒས་ཚུ་གིས་པུ་ཏ་བཟོ་སྦེ་ གཞོང་པ་ནང་བཀང་སྟེ་ཕུལཝ་ཨིན་པས། དེ་ལས་ ཡར་དགའ་ལྡན་བླམ་གིས་ ཏེ་ཆང་བཀོ་འཛོམས་(བུམ་ཐང་པའི་ཁ་ནང་ དང་ཕུ་ཆུ་དང་ཆང་ཚུ་འདེགས་སའི་ཧོད་ལུ་བཀོ་འཛོམས) ཨིན་ཟེར་ ཏེ་བཀོ་འཛོམས་གནང་སྟེ་ཨིན་པས་ ནཱ་པུ་ཏའི་ཧུབ་ཆང་།
  • ཚེ་དབང་སྒྲོལ་མ Tshewang Dolma
    དེ་ལས་དེ་སྦེ་འབད་དེ་ དགའ་ལྡན་བླ་མའི་ཧོང་ལས་ ཡི་དམ་གྱི་ལྟོ་ཞིང་ཨིན་ཟེར་ ཞིང་ཅིག་གནང་སྟེ་ཡོད་ ཏེ་ཞིང་འདི་ཡང་ ད་ལྟོ་ཚུན་ཚོད་འབད་རུང་ ང་ར་རང་ཟ་སྤྱོད་འབདཝ་ཨིན།
  • ཚེ་དབང་སྒྲོལ་མ Tshewang Dolma
    ཏེ་དེ་ལས་ པུ་ཏ་འདི་འབད་བ་ཅིན་ ཁོང་གིས་ ཆང་གི་བཀོ་འཛོམས་ཡང་བཅད་འབད་དེ་ ཏེ་ང་གིས་མར་ཆང་ཅིག་ དེ་ལས་ཇ་ཅིག་ དེ་ལས་ ཚགས་ཁར་ཚུད་པ་ཅིན་ ཉི་མའི་ལྟོ་ཅིག་དྲངསམ་ཨིན་ ཟེར་ཞུ་ནི། དེ་ལས་ཨང་རྒས་ཚུ་གིས་འབད་རུང་དེ་སྦེ་རང་སླབ་ཅི་ང་ལུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་ འ་ནཱི་ཁྱིམ་འབད་བ་ཅིན་ གསརཔ་ཨིན་པས་སྨོ་ལགས?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨིན་ལགས་ཁྱིམ་གསརཔ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཧེ་མའི་ཁྱིམ་རྙིངམ་འདི་འབད་བ་ཅིན་ ནཱ་ཁྱིམ་གྱི་གདོང་ཁ་ལུ་རང་འདུག་སྨོ་ལགས?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨིན་ལགས།
  • ཚེ་དབང་སྒྲོལ་མ Tshewang Dolma
    དེ་ལས་ཁྱིམ་ ཨཱ་་་ཚར་གསུམ་ཨིན་པས་སྨོ?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་ནཱི་བརྩིཝ་ད་སྨོ?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ཕ་མའི་རིམ་ཐེངས་འབད་བ་ཅིན་ ག་དེམ་ཅི་བརྩི་འགྱོ་འགྱོ་འོང་ག་ལགས?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཕ་མའི་རིམ་ཐེངས་འབད་བ་ཅིན་བཞི་དེ་ཅིག་འགྱོ་དོ་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་དེ་ལས་ ཁྱོད་རའི་ད་བུམོ་བརྩིཝ་ད་༥ ཡ་ལགས?
  • ཚེ་དབང་སྒྲོལ་མ Tshewang Dolma
    འོ་ལགས་ དེ་ཅིག་འགྱོ་དོ་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ ཁྱོད་རའི་ནཱ་ལུ་ དེ་སྦེ་ཨིན་ཟེར་ གཏམ་རྒྱུད་སྦེ་གསུངས་མི་འདི་ ཁྱོད་རའི་ཨང་རྒས་ཨིན་པས་སྨོ?
  • ཚེ་དབང་སྒྲོལ་མ Tshewang Dolma
    ང་རའི་ཨ་པ་གི་ཨའི་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་་་་
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨ་མ་མེན་ལགས་ ང་རའི་ཨ་པའི་ཨའི་རང་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་་་་ལགས་སོ།
  • ཚེ་དབང་སྒྲོལ་མ Tshewang Dolma
    འེ་་་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ད་ལྟོ་ཨུ་ར་གཡག་མཆོད་ཀྱི་སྐབས་ལུ་ ཡི་དམ་ནཱ་ལུ་ཞུ་དགོཔ་འདི་ག་ཅི་ཨིན་ན་སྨོ?
  • ཚེ་དབང་སྒྲོལ་མ Tshewang Dolma
    འ་ནཱི་ཏེ་ ཧེ་མ་གནསཔོ་སྦེ་ནཱ་བྱོན་བྱོནམ་འབད་བ་ལས་བརྟེན་ཏེ་ དེ་ལས་ ཡར་ཞུཝ་ད་སྐུ་ཞག་གསུམ་བཞུགས་དགོཔ་འདི་ལས་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་་་་་ལགས་སོ།
  • ཚེ་དབང་སྒྲོལ་མ Tshewang Dolma
    འ་ནཱི་མ་པ་གདུལ་བྱ་འདི་ དགའ་ལྡན་ལུ་རང་སྡོད་ནུག ཏེ་གནསཔོ་བརྙ་སྟེ་ ནཱ་ལོ་གཅིག་གི་ནང་ཚར་རེ་ སྐུ་ཞག་གསུམ་གསུམ་བཞུགས་དགོཔ་འདི་ དེ་སྦེ་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འདི་བསྒང་ལུ་ གནས་པོའི་ཕྱག་འགན་འབད་རུང་ འགན་ཁུར་འབད་རུང་ དེ་ལས་གསོལཝ་ཚུ་དྲང་ནི་ཡོད་དོ་མས་སྨོ་ལགས?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨོང་ལགས་ དེ་ལས་དྲོ་པ་ཞག་སྐུ་ཞག་གསུམ་བཞུགསཔ་ད་ དྲོ་པ་གསུམ་རང་ང་ར་གིས་གསོལཝ་དྲང་ཏེ་རང་ དཀར་མེ་གསོལཝ་འདི་ཚུ་ཀྲིག་ཀྲི་རང་དྲངམ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་་་་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་གཞན་ད་རུང་ ཁྱོད་རའི་སེམས་ཁར་ ནཱ་ལུ་མ་ཚུདཔ་ཚུ་ ག་ཅི་དྲན་ཏེ་ཡོད་གོ་ལགས?
  • ཚེ་དབང་སྒྲོལ་མ Tshewang Dolma
    གཞན་དྲན་དྲནམ་ག་ནི་ཡང་མེད་ལགས་ད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འ་ནེ་ཅིག་རང་ཨིན་ན?
  • ཚེ་དབང་སྒྲོལ་མ Tshewang Dolma
    ཨིན་ལགས་ མ་པ་བར་ན་ལུ་ ཞག་སྐུ་ཞག་གསུམ་པའི་བར་ན་ལུ་ ཏེ་ད་བརླག་སྟོར་བྱུང་ནིའི་སྡུག་བསྔལ་གནམ་མེད་ས་མེད་ འོང་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རིགཔ་འགྲིམས་དགོ་པས་ལགས་ ཉི་མ་འབད་རུང་བཀོ་བཞག་ནི་མེད་ ནུབ་མོ་འབད་རུང་ཉལ་རུང་ཐོག་ཁ་ལུ་ཉལཝ་ཨིན་ལགས་ ང་བཅས་ར་ཚུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཚེ་དབང་སྒྲོལ་མ Tshewang Dolma
    དེ་ལས་འ་ནེ་ཅིག་མ་གཏོགས་ ཞུ་ནི་ག་ནི་ཡང་མེད་ལགས་ང་ལུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་་་་་་།། །།