Video Overview
Samyeki Salang is a zhungdra song of Talo, Punakha. It is believed to have been composed to celebrate the construction of Talo temple by Zhabdrung Jigme Drakpa. The song conveys details of the monastery’s construction: a rodent borrowed deep into the earth coinciding with breaking ground in the rat year; the foundation was laid as sturdy as a bull; the door was erected straight in the tiger year; the rabsel (window) was erected in the rabbit year; the ceiling planks lay like a dragon; and the roof spread out like a bird’s wings. Jigme Drakpa apparently associated his new temple with Samye, which is explicitly referred to in the song.
འབྲུག་གི་གཞུང་སྒྲའི་གྱལ་ཁར་ཚུད་མི་ གླུ་གཞས་བསམ་ཡས་ཀྱི་ས་སླངས་འདི་ འབྲུག་གི་ནུབ་ཕྱོགས་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་ཀྱི་གཡུས་སྒོ་ནང་ ཡོངས་གྲགས་སྦེ་ར་ འཐེན་སྲོལ་ཡོད་མི་ཅིག་ཨིནམ་ད་ ཞབས་དྲུང་འཇིགས་མེད་གྲགས་པ་གིས་ རྟ་ལོག་གི་གཙུག་ལག་ཁང་བཞེངསམ་ད་ བརྩམས་གནང་གནངམ་ཨིནམ་སྦེ་ བཤད་སྲོལ་འདུག། གླུ་གཞས་འདི་ནང་ རྟ་ལོག་གི་གཙུག་ལག་འདི་ འགྱམ་རྡོ་བཙུགས་པའི་བསྒང་ལས་ཀྱི་ ལོ་གྲངས་འདི་ཚུ་ གསལ་ཏོག་ཏོ་སྦེ་ སྟོནམ་ཨིནམ་ད་ འདི་ཡང་ ས་བཅད་ནི་འདི་བྱི་བའི་ལོ་ཨིནམ་ད་ བྱི་རྩི་གིས་ ས་དོང་རིངམོ་སྦེ་ སྤེད་དེ་ཡོད་མི་ནང་ ཚང་འདི་སྒྲིང་སྒྲིང་སྦེ་ བཟོ་སྡོད་དོ་བཟུམ་སྦེ་ གཙུག་ལག་ཁང་འདི་ཡང་ ལོ་བརྒྱ་དང་བརྒྱའི་བར་ན་ འགྱུར་བ་མེད་པར་བརྟན་ཏོག་ཏོ་སྦེ་ གནས་ཐབས་ཀྱི་རྟེན་འབྲེལ་ལུ་ ས་འདི་བྱི་བའི་ལོ་ལུ་བཅད་བཅདཔ་མས། ནཱི་བཟུམ་སྦེ་ འགྱམ་རྡོ་འདི་ གླང་བཟུམ་སྦེ་ སྒྲིང་སྒྲིང་དང་བརྟན་ཏོག་ཏོ་སྦེ་ གནས་ཐབས་ཀྱི་རྟེན་འབྲེལ་ལུ་ གླང་གི་ལོ་ལུ་བཙུགས་བཙུགསཔ་ཨིནམ་ད་ སྟག་གི་ལོ་ལུ་ལྷོང་མི་འདི་ སྟག་བཟུམ་སྦེ་ཨིན་པའི་ཚུལ་དང་ རབ་གསལ་འདི་ཡོས་ཀྱི་ལོ་ལུ་ལྷོང་ལྷོངམ་མས། ལྡིང་རི་འབྲུག་བཟུམ་སྦེ་ ལྡིང་ལྡིངམ་དང་ ཁྱིམ་ཐོག་བྱའི་ཤོགཔ་བཟུམ་སྦེ་ཡོདཔ་ཡོད་པའི་ རྟ་ལོག་གི་གཙུག་ལག་ཁང་འདི་ ཞབས་དྲུང་འཇིགས་མེད་གྲགས་པ་གིས་ བོད་བསམ་ཡས་ཀྱི་གཙུག་ལག་ཁང་དང་ཆ་འདྲཝ་སྦེ་ བཞེངས་གནང་གནངམ་མས། མ་གཞི་གླུ་གཞས་འདི་ རྟ་ལོག་གི་གཙུག་ལག་ཁང་དང་ བོད་བསམ་ཡས་ཀྱི་གཙུག་ལག་ཁང་གཉིས་ལས་ ག་ལུ་གཞི་བཞག་སྟེ་ བརྩམས་བརྩམས་ཨིན་ན་ ངེས་གཏན་ཅིག་མེན་རུང་ འབྲུག་པའི་ གླུ་གཞས་མཁས་མང་ཤོས་ཅིག་གིས་ རྟ་ལོག་ལུ་གཞི་བཞག་སྟེ་ བརྩམས་བརྩམས་ཨིནམ་སྦེ་ ཆ་བཞགཔ་མས།
- Talo
- Talo
- Punakha
- དབང་ཕྱུག་བསམ་མོ་གཞི་(བསམ་ཡས་)ཀྱི་ས་ལ་སྨོ། །གང་གི་ལོ་ལ་བསལ་ཡོད་པའི། །བསམ་གཞི་(བམས་ཡས་)ཀྱི་ས་ལ་སྨོ། །
- དབང་ཕྱུག་བྱི་བའི་ལོ་ལ་བསལ་ཡོད་པའི། །ས་བསལ་ལ་བྱི་བའི་ལོ་ལ་བསལ། །བྱི་བའི་ལོ་ལ་བསལ་ཡོད། །
- དབང་ཕྱུག་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས། །
- དབང་ཕྱུག་བསམ་ཡས་ཀྱི་འགྱམ་ལ་སྨོ། །གང་གི་ལོ་ལ་ཐིང་ཡོད་པའི། །བསམ་ཡས་ཀྱི་འགྱམ་ལ་སྨོ། །
- དབང་ཕྱུག་གླང་གི་ལོ་ལ་ཐིང་ཡོད་པའི། །འགྱམ་མོ་ལ་གླང་འདེ་ཉལ་ལ་ཞེས། །གླང་གི་ལོ་ལ་ཐིང་ཡོད། །
- དབང་ཕྱུག་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས། །
- དབང་ཕྱུག་བསམ་ཡས་ཀྱི་སྒོ་ལ་སྨོ། །གང་གི་ལོ་ལ་ལས་ལྷོང་ཡོད་པའི། །བསམ་ཡས་ཀྱི་སྒོ་ལ་སྨོ། །
- དབང་ཕྱུག་སྟག་གི་ལོ་ལ་ལྷོང་ཡོད་པའི། །སྒོ་མོ་ལ་སྟག་འདེ་ཉལ་་་་་ལྷོང་ལ་ཞེས། །སྟག་གི་ལོ་ལ་ལྷོང་ཡོད། །
- དབང་ཕྱུག་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས། །
- དབང་ཕྱུག་བསམ་གཞི་ཡི་(བསམ་ཡས་ཀྱི་)རྦད་ལསྐས། །གང་གི་ལོ་ལ་ལྷོང་ཡོད་པའི། །བསམ་ཡས་ཀྱི་རྦད་ལ་སྐས། །
- དབང་ཕྱུག་འབྲུག་གི་ལོ་ལ་བཙུགས་ཡོད་པའི། །རྦད་སྐས་ལ་འབྲུག་འདེ་ལྡིར་ལ་ཞེས། །འབྲུག་གི་ལོ་ལ་བཙུགས་ཡོད། །
- དབང་ཕྱུག་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས། །
- དབང་ཕྱུག་བསམ་ཡས་ཀྱི་ཁྱིམ་ལ་ཏོག །གང་གི་ལོ་ལ་ལྡིང་ཡོད་པའི། །བསམ་ཡས་ཀྱི་ཁྱིམ་ལ་ཏོག །
- དབང་ཕྱུག་བྱ་ཡི་ལོ་ལ་ལྡིང་ཡོད་པའི། །བསམ་ཡས་ཀྱི་ཁྱིམ་ལ་ཏོག །བྱ་ཡི་ལོ་ལ་ལྡིང་ཡོད། །
- དབང་ཕྱུག་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་སང་མ་ལ་ཎི། །མ་ཎི་ལ་པདྨེ་ཧཱུཾ་ཞེས།། །།