Video Overview
Samyeki Salang is a popular Zhungdra song from Western Bhutan. It is traditionally sung in the Talo community of Punakha district. It is believed to have been originally composed to celebrate the construction of the Talo temple, which is regarded as a replica of Samye, the first Buddhist monastery of Tibet built in the 8th century. The song recounts the phases of temple construction: obtaining land, clearing the earth to lay a foundation, erecting the pillars, doors, windows, ceiling, roof, and placing a turret atop the temple. Each major phase corresponds to a year with associated animal sign.
བསམ་ཡས་ཀྱི་ས་སླང་ཟེར་བའི་གཞུང་སྒྲ་གི་གླུ་གཞས་འདི་ ནུབ་ཕྱོགས་ཁ་ཐུགས་ལུ་འཐེན་སྲོལ་ཡོདཔ་ཨིན། གླུ་གཞས་འདི་ སྤུ་ན་ཁ་རྫོང་ཁག་ སྟག་ལོག་གི་གཡུས་ཚན་ནང་ལུ་འཐེནམ་ཨིན། གླུ་གཞས་འདི་ དུས་རབས་བརྒྱད་པའི་ནང་ འགོ་ཐོག་དང་པ་བཞེངས་ཡོད་པའི་ ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་སའི་ བོད་བསམ་ཡས་ལྷ་ཁང་ཅོག་གཅིགཔ་ཡོད་པའི་ སྟག་ལོག་ལྷ་ཁང་བཞེངས་པའི་སྐབས་ དགའ་སྟོན་བརྩི་ནའི་དོན་ལུ་རྩམ་ཅིག་ཟེར་ཨིན་མས། གླུ་གཞས་འདི་ནང་ ལྷ་ཁང་གི་རིམ་པ་ ས་ལང་རྟེན་འབྲེལ་ལས་འགོ་བཙུགས་ཏེ་ གཞི་འགྱམ་བཙུགས་ནི་ དེ་ལས་ཀཝ་ལྷོང་ནི་ སྒོ་ལྷོང་ནི་ སྒོ་སྒྲིག་སྒྲིག་ནི་ གནམ་པང་བཀོད་ནི་ དེ་ལས་ ཁྱིམ་ཐོག་བཀབ་ནི་ཚུ་གི་སྐོར་ལས་ རེ་རེ་བཞིན་དུ་བཀོད་དེ་ཡོདཔཨིན་མས། གོ་རིམ་འདི་ཚུ་ སེམས་ཅན་གྱི་ལོ་རྟགས་དང་མཐུན་དོ་ཡོདཔ་ཨིན།
- Samyé Gön
- ལྷ་མོ་དང་ཆ་རོགས་ཚུ་ Lhamo & Friendsབསམ་ཡས་ཀྱི་ས་ལ་མོ། །གང་གི་ལོ་ལ་སེལ་ཡོད་པའི། །བསམ་ཡས་ཀྱི་ས་ལ་མོ། །
- ལྷ་མོ་དང་ཆ་རོགས་ཚུ་བྱི་བའི་ལོ་ལ་སེལ་ཡོད་པའི། ས་སེལ་ལ་བྱི་བའི་ལོ་ལ་སེལ། །བྱི་བའི་ལོ་ལ་སེལ་ཡོད། །
- ལྷ་མོ་དང་ཆ་རོགས་ཚུ་ཨོཾ་ས་མ་ལ་ཎི་མ་ཎི་པངྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་ས་མ་ལ་ཎི་མ་ཎི་པངྨེ་ཧཱུཾ། །
- ལྷ་མོ་དང་ཆ་རོགས་ཚུ་བསམ་ཡས་ཀྱི་འགྱམ་ལ་མོ། །གླང་གི་ལོ་ལ་བཙུགས་ཡོད་པའི། །བསམ་ཡས་ཀྱི་འགྱམ་ལ་མོ། །
- ལྷ་མོ་དང་ཆ་རོགས་ཚུ་གླང་གི་ལོ་ལ་བྱུང་ཡོད་པའི། །གླང་གི་ལོ་ལ་བཙུགས་ཡོད་པའི། །སྒོ་མོ་གླང་འདེ་ཉལ་ལ་ཞེས། །གླང་གི་ལོ་ལ་བཙུགས་ཡོད། །
- ལྷ་མོ་དང་ཆ་རོགས་ཚུ་ཨོཾ་ས་མ་ལ་ཎི་མ་ཎི་པངྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་ས་མ་ལ་ཎི་མ་ཎི་པངྨེ་ཧཱུཾ། །
- ལྷ་མོ་དང་ཆ་རོགས་ཚུ་བསམ་ཡས་ཀྱི་སྒོ་ལ་མོ། །གང་གི་ལོ་ལ་ལྷོང་ཡོད་པའི། །བསམ་ཡས་ཀྱི་སྒོ་ལ་མོ། །
- ལྷ་མོ་དང་ཆ་རོགས་ཚུ་རྟ་གི་ལོ་ལ་ལྷོང་ཡོད་པའི། སྒོ་མོ་ལ་རྟ་འདེ་ལྷོང་ལ་ཞེས། །རྟ་གི་ལོ་ལ་ལྷོང་ཡོད། །
- ལྷ་མོ་དང་ཆ་རོགས་ཚུ་ཨོཾ་ས་མ་ལ་ཎི་མ་ཎི་པངྨེ་ཧཱུཾ་ཞེས་པའི། །བདག་ལ་ཨོཾ་ས་མ་ལ་ཎི་མ་ཎི་པངྨེ་ཧཱུཾ། །