Video Overview
On the second day of the Chodpa offering festival, the lama, is again received as the head of the ritual from his room towards the ritual room through procession. Early in the morning, someone will raise the alarm after which people have to visit the lama’s room, gain a blessing from him and then with the song of auspiciousness, they receive the lama towards the ritual room to start the preaching for the day. Before the lama enters the ritual room, people get settled and ready to receive his preaching and blessings.
མཆོད་པའི་དུས་སྟོན་ཉིནམ་གཉིས་པའི་ནང་ བླམ་འདི་ ཁོ་རའི་གཟིམ་ཅུང་ནང་ལས་ ཆོ་ག་བཏང་ས་ལུ་ ཆིབས་གྲལ་གྱི་གྱལ་བསྒྲིག་སྟེ་ གདན་འབྲེལ་ཞུཝ་ཨིན་མས། དྲོ་པ་ཧ་སག་ མི་གཅིག་གི་དྲིལ་བརྡ་འབད་ཞིནམ་ལས་ མི་སེར་ཚུ་གེ་ར་ བླ་མའི་སྐུ་བདུན་ལུ་བཅར་ཏེ་ ཕྱག་དབང་ཞུ་ དེ་ལས་ ཉིནམ་གཅིག་གིས་ཆོས་བཤད་གནང་ནིའི་དོན་ལུ་ ཆོ་ག་བཏང་ས་གདན་འབྲེལ་ཞུཝ་ཨིན་མས། བླ་མ་འདི་ཆོ་ག་བཏང་ས་མ་ལྷོད་པའི་སྔ་གོང་ལས་རང་ མི་སེར་ཚུ་ ཆོས་ཞུ་ནིའི་དོན་ལུ་གྲག་སྒྲིག་འབད་དེ་སྡོད་དོ་ཡོདཔ་ཨིན།
- Buli
- ཨ་ཙི་ཡར་འབད།
- ཨ་ཞང་བྱོན་གནང་ལོ། ཨ་ཞང་ཤོག་ལོ།
- དགུང་སྟོད་མཐོན་པའི་ཁྲི་ལ། །ཁྲི་གདུགས་ཉི་མ་ཕྱོགས་ལུ་ཅིག་བཞེས། །ཡང་ཅིན་དགའ་ཡང་དགའ་ལ། ཡང་ཅིན་སྐྱིད་ཡང་སྐྱིད་ལ། །ཤར་ཕྱོགས་ལས་སྐྱིད། །
- གང་སྟོད་མཐོན་པོ་ཁྲི་ལ། །སེང་ཆེན་དཀར་མོ་ཕྱོགས་ལུ་ཅིག་བཞེས། །ཡང་ཅིན་དགའ་ཡང་དགའ་ལ། ། ཡང་ཅིན་སྐྱིད་ཡང་སྐྱིད་ལ། །ཤར་ཕྱོགས་ལས་སྐྱིད། །
- སྤང་སྟོད་མཐོན་པོའི་ཁྲི་ལ། །ཤཝ་རྒས་རབ་ཅུ་ཕྱོགས་ལུ་ཅིག་བཞེས། ། ཡང་ཅིན་དགའ་ལ་དགའ་ལ། །ཡང་ཅིན་སྐྱིད་ལ་སྐྱིད་ལ། །ཤར་ཕྱོགས་ལས་སྐྱིད། །
- ཕྱག་དབང་བཅས་སྦེ་ དེ་ལས་ ཕྱག་དབང་ཞུ་སྟེ་ དེ་གི་ཤུལ་ལས་ ལེགས་པས་འཐེན་པ་ཅིན་ འཇའ་ཆི་ཆི་མཐོང་འོང་པ།
- ལེགས་པས་དབའི་ ལེགས་པས་ས་དབའི་ ཨ་ལེགས་པས་ཕྱོགས་ལས་དབའི་ ཤོག་ཅིག་གེ་ ཤོག་ཅིག་གེ ཨ་ལེགས་པས་ལེགས་པས་་།
- གཡང་ཆགས་དབའི་ གསོ་ཁ་ལོ་དབའི་ བཞེས་ནང་རྟེན་མ་བཏོན་དབའི་? ནང་སུ་འཁྲུངས། ནང་སུ་འཁྲུངས།
- ཨ་ལེགས་པས་ལེགས་པས།
- ས་དབའི་ ལྷོ་རིན་ཆེན་བྱུང་གནས་དབའི་ ཆར་ཅིག་བབས་ འབྲུག་ཅིག་ལྡིར། ཨ་ལེགས་པས་ལེགས་པས་དབའི་ ལེགས་པས་ས་དབའི་ ཨ་ལེགས་པས་ཕྱོགས་ལས་་་།
- ཨ་ལེགས་པས་ལེགས་པས་དབའི་་་ལེགས་པས་ས་དབའི་་་་ཨ་ལེགས་པས་ ཕྱོགས་ལས་དབའི། ཤོག་ཅིག་གེ་ ཤོག་ཅིག་གེ །
- ཨ་ལེགས་པས་ལེགས་པས་དབའི་་་་་་ལེགས་པས་་་།
- གཡང་ཆགས་པས།
- ལེགས་པས་ས་དབའེ་་་་་ཨ་་་ལེགས་ཕྱོགས་་་།
- ་་་ཤོག་ཅིག་གེ་ སྟེང་ཐོག་འབྲུ་གི་་་།
- ས་དབའི་ ཨ་་་་ལེགས་པས་ཕྱོགས་པས་དབའི་ ཤོག་ཅིག་གེ།
- ཨ་་་་ལེགས་པས་ཕྱོགས་ལས་དབའི་ ཤོག་ཅིག་གེ ཤོག་་་།