Video Overview
This is a video of Tsering Jyi from Yonru Village in Chentsa singing a song called "A Rainbow Appears above the Pass." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་ཡ་རེ་ཡེ་་་ལེན་གོ༽
- ཁའི་གན་ནས་འཇའ་ཞིག༼ཡེ་་་ཨོ་ཡེ་ཡེ༽ཤར་ནོ་འདི།།
- ཕ་བླ་མ་འཁྲུངས་པའི༼ཡེ་་་ཨོ་ཡེ་ཡེ༽རྟེན་འབྲེལ་རེད།།
- འཇའ་ཁ་དོག་སྣ་ལྔ༼ཡེ་་་ཨོ་ཡེ་ཡེ༽ཚང་ནོ་འདི།།
- ཚེ་འདི་ཕྱི་མཁྱེན་པའི༼ཡེ་་་ཨོ་ཡེ་ཡེ༽རྟེན་འབྲེལ་རེད།།
- རི་མཐོན་པོའི་མགོ་ནས༼ཡེ་་་ཨོ་ཡེ་ཡེ༽བསང་ཞིག་ཕུད།།
- དཔོན་ཆེན་པོ་འཁྲུངས་པའི༼ཡེ་་་ཨོ་ཡེ་ཡེ༽རྟེན་འབྲེལ་རེད།།
- སྨུག་དཀར་པོས་རྫ་མགོ༼ཡེ་་་ཨོ་ཡེ་ཡེ༽ཁེབས་ནོ་འདི།།
- དཔོན་དབང་སྡུད་ཆེ་བའི༼ཡེ་་་ཨོ་ཡེ་ཡེ༽རྟེན་འབྲེལ་རེད།།
- སྟོད་བྲག་དམར་དཀྱིལ་ལ༼ཡེ་་་ཨོ་ཡེ་ཡེ༽རྒོད་པོ་བབས།།
- ཕ་ཨ་ཁུ་སྐྱེས་པའི༼ཡེ་་་ཨོ་ཡེ་ཡེ༽རྟེན་འབྲེལ་རེད།།
- དགུང་ནམ་འཕང་བསྟད་ནས༼ཡེ་་་ཨོ་ཡེ་ཡེ༽འཕུར་ནོ་འདི།།
- རྒས་ཚེ་ཐག་རིང་པའི༼ཡེ་་་ཨོ་ཡེ་ཡེ༽རྟེན་འབྲེལ་རེད།།
- གླུ་ཤེས་ནི་མིན་ར༼ཡེ་་་ཨོ་ཡེ་ཡེ༽དགའ་ནི་ཡིན།།