Skip to main content Skip to search
05 Jul 2018
9 min 5 sec
Video Overview
Creators: 
Penchela

This is a narration about a death ceremony among Rai community. According to him, a salt eating and oil drinking ceremony is performed three days after the death. On the ninth and tenth days, a Shaman performs a merit making ceremony for the deceased. This ritual is done to put the deceased soul to a rest; otherwise, it is believed that the deceased person's spirit will bring harm to the family. 

༉  མི་སྡེའི་ནང་ རང་སོའི་གཡུས་ཕྱོགས་ལུང་ཕྱོགས་ཀྱི་ལུགས་སྲོལ་རེ་ཡོད་དོ་བཟུམ་སྦེ་ ལྷོ་མཚམས་པ་རཱའི་གི་མི་སྡེའི་ནང་ཡང་ མི་ཤི་ཚརཝ་ཅིག་ ཤི་མིའི་གཉེན་ཉེཝ་ཚུ་ག་ར་ ཚྭ་དང་མར་ཁུ་བཟའ་ནི་མེད་པ་སྦེ་སྡོདཔ་མ་ཚད་ བུ་སྤུན་གྱི་རིགས་ཚུ་ མགུ་ཏོ་ཁའི་སྐྱ་བཞུར་ གོ་ལ་དཀརཔོ་གྱོན་ ཉིནམ་གསུམ་ཚུན་དང་ ཡང་ན་ ཕུངམོ་དེ་མ་ཡལ་ཚུན་ཚོད་ མྱ་ངན་བསྲུངས་ཏེ་སྡོད་དོ་ཡོདཔ་མས། དེ་ལས་ ཉིནམ་དགུ་དང་བཅུ་ཐམ་སོང་ཞིནམ་ལས་ དཔའ་བོ་གིས་འབད་དེ་ གཤིན་པོའི་དོན་ལུ་དགེ་རྩ་སྒྲུབ་དོ་ཡོདཔ་ད་ ཉིནམ་མཇུག་གི་ཚེ་ཡང་ དེ་སྦེ་ར་འབདཝ་ཨིན་མས། དེ་སྦེ་ཆོ་ག་འདི་ཚུ་ཡང་ གཤིན་པོ་འདི་ཐར་པའི་ལམ་ལུ་འདྲེན་ཐབས་ཀྱི་དོན་ལུ་དང་ ག་དེ་ཅིག་སྦེ་ ཆོ་ག་འདི་མ་བཏང་པ་ཅིན་ གཤིན་པོ་དེ་གིས་ མི་སྡེའི་ནང་གནོདཔ་བཀལ་འོང་ ཟེར་བའི་ཡིད་ཆེས་སྐྱེད་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • ཕུ་རྒྱལ་འབྲུག་པ་
    ད་རེས་ ང་བཅས་མི་ཤིཝ་དའི་སྐོར་ལས་སླབ་ནི་ཨིན། ང་བཅས་མི་ཤི་སྦེ་ རི་ཁར་སྐྱེལ་ཏེ་ཉིམ་གསུམ་འགྱོཝ་ད། ཚྭ་དང་མར་བཟའ་ནིའི་དོན་ལུ་འབད་ཡོད་པའི་ལམ་སྲོལ་འདི་ དང་ཕུ་ལས་ཨ་རྒས་ཨང་རྒས་ཀྱིས་འབད་ཡོད་པའི་ལམ་སྲོལ་ཨིནམ་ལས་འབདཝ་ཨིན།
  • ཕུ་རྒྱལ་འབྲུག་པ་
    ད་རུང་ ནཱ་ལས་ཕར་ ཉིམ་༩ དང་༡༠ གི་བར་ན་སྤྱིར་བཏང་དགེ་བ་འབད་དགོ དེ་བསྒང་ ལྟོ་ ཇ་དང་ཆང་ཚུ་བྱིན་སྦེ་ མི་ཚུ་འཛོམས་འབད་དགོ དེ་ལས་ང་བཅས་དཔའ་བོ་རྐྱབ་སྦེ་ གཤིན་པོ་འདི་ ལམ་བཙུགས་ནིའི་ལུགས་སྲོལ་ཡང་ཡོད།
  • ཕུ་རྒྱལ་འབྲུག་པ་
    འདི་ནང་དཔའ་བོ་གིས་ མི་འདི་ཤི་མི་གིས་གནོདཔ་མ་བཀལ་ཟེར་ ཁོ་ལམ་བཙུགས་དགོ དེ་ལས་འདི་གི་དྲོ་པ་ལས་མི་འཛོམས་ཡོད་མི་ཚུ་ཁ་འབྱལ་འགྱོཝ་ཨིན། ང་བཅས་ཀྱི་ལམ་སྲོལ་ནང་དཔའ་བོ་གིས་ལམ་བཙུགས་ཚརཝ་ད་ གཤིན་པོའི་དོན་ལུ་ ག་ར་འབད་སྦེ་མཇུག་བསྡུཝ་ཨིན།
  • ཕུ་རྒྱལ་འབྲུག་པ་
    ནང་ལས་ཕར་ ཚྭ་དང་མར་བཟའ་ནིའི་དོན་ལུ་འབད་ཐངས་འདི་ཚུ་གཟིགས་ཚུགས།
  • ཕུ་རྒྱལ་འབྲུག་པ་
    ད་ཤི་མི་ཤི་སོ་རུང་ མོ་གི་བུ་དང་བུམོ་སྤུན་ཆ་ཚུ་གིས་ ཚྭ་དང་མར་བཟའ་ཆོག་ག་ཟེར་ཞུ་བ་འབདཝ་ཨིན།
    བཟའ་ཆོག
  • ཕུ་རྒྱལ་འབྲུག་པ་
    ད་མོ་གི་བུ་དང་བུམོ་སྤུན་ཆ་ཚུ་གིས་ ཚྭ་དང་མར་བཟའ་ཆོགཔ་སྦེ་མཛད་གནང། སྐྱེ་རྒ་ན་འཆི་གི་སྡུག་བསྔལ་འདི་ ང་བཅས་ག་ར་འབད་རུང་མྱོང་དགོ འདི་འབདཝ་ལས ་ཁོང་ཚྭ་དང་མར་བཟའ་ཆོགཔ་སྦེ་ ནཱ་ལས་མཛད་དགོ་ལགས།
  • ཕུ་རྒྱལ་འབྲུག་པ་
    ང་བཅས་ག་ར་འབད་རུང་སྐྱེ་རྒ་ཆ་འཆི་གི་སྡུག་བསྔལ་འདི་སྤང་ཐབས་མེད། འདི་འབདཝ་ད་ ད་རེས་འདི་ཁོ་ལུ་ཕོག་འཐོན་འོང་ནུག ད་རེས་ཁོང་ཆ་ཁྱབ་ཉི་མ་ས་སྨུག་གིས་བསྒྲིབས་བཞག་དོ་བཟུམ་སྦེ་ཡར་སོ་ནུག
  • ཕུ་རྒྱལ་འབྲུག་པ་
    ཧེ་མ་ར་ཆུ་གིས་བཤལ་ དེ་ལས་ཁྲུས་ཆུ་འཐུང དེ་ལས་ཁྲུས་ཆུ་མགུ་ཏོ་ཁར་བཤལ་བཏང་ ཨ་ལོ་ཚུ་ག་ར་ནཱ་ཤོག་ ཁོ་ལུ་ཡང་ལགཔ་བཟུང་བཅུག ཁྲུས་ཆུ་འཐུངས་སྦེ་མགུ་ཏོ་ཁར་གཏོར་བྱིན།
  • ཕུ་རྒྱལ་འབྲུག་པ་
    ཇ་འབག་ཤོག་སྨ་རེད་ནཱ་ལུ།། །།