05 Jan 2016
1 min 50 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee, བདུད་འདུལ་རྡོ་རྗེ། , 邓德多杰
This is a video of Drolle from Serchen, Amdo singing a song called "The Raging Tiger in the Vast Wood." This song is part of a collection of folk songs from the Rebgong cultural area.
འདི་ནི་འཁོར་བའི་རང་བཞིན་ཏེ་སྔ་མ་སྔ་མ་རྒས་ན་ཕྱི་མ་ཕྱི་མ་འཚར་ལོངས་བྱུང་གིན་ཡོད་པ་དང་རྒ་བ་ནི་ལྡོག་དུ་མེད་པའི་ཆོས་ཉིད་ཅིག་ཡིན་པ་ངོ་སྤྲོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ནགས་རྒྱ་རྫོང་ཁྲོད་ཀྱི་དམར་ཡག་སྟག་ཡ་སོ་ཟད་དེ་རྒས་རུང་སེམས་རྨོངས་མི་རུང་བ་དང་ཁྲོམ་པའི་གྲལ་གྱི་ཕ་ཨ་ཁུ་ཚང་མ་ན་ཚོད་རྒས་རུང་སེམས་མི་སྐྱོ་བར་སྐྱེ་རྒ་ན་འཆི་ནི་འཇིག་རྟེན་གྱི་ལྡོག་དུ་མེད་པའི་ཆོས་ཉིད་ཡིན་པ་བརྗོད་ཡོད།
- ༼ཡེ་་་ཡ་རེ་ཡ་རེ་་་ཡ་རེ་ལེན་དགོ། གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽
- ནགས་རྒྱ་རྫོང་དཀྱིལ་གྱི་དམར་ཡག་སྟག །
- སྟག་ཡ་སོ་ཟད་དུས་ཞེ་རེ་རྨོངས། །
- ཞེ་མ་སྡུག་དམར་ཡག་འཛུམ་དྲུག་ཅན། །
- ཁྱེད་གཞུག་ན་སྟག་ཕྲུག་སྐྱེ་རྒྱུ་ཡོད། །
- གྲལ་ཁྲོམ་པའི་དཀྱིལ་གྱི་ཕ་ཁུ་ཚོ། །
- མགོ་སེར་མདའ་ཟུག་དུས་ཞེ་རེ་རྨོངས། །
- ཞེ་མ་རྨོངས་ཕ་ཁུ་སེམས་བཟང་ཚོ། །
- ཁྱེད་གཞུག་ན་བུ་ཚ་སྐྱེ་རྒྱུ་ཡོད། །
- གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། །