Video Overview
འདི་ནི་བུ་ཤིང་འཐུ་ཞིག་སྤྱང་ཀིའི་ལག་ཏུ་ཤོར་བར་རི་བོང་རྔོན་པར་བརྫུས་ནས་འཇིགས་སྐུལ་གྱིས་བུ་ཤིང་འཐུ་བསྐྱབས་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་བུ་ཤིང་འཐུ་ཞིག་ཤིང་འཐུ་བར་སོང་བ་ན་སྤྱང་ཀི་ཞིག་ལ་ཕྲད་པ་དང་། སྤྱང་ཀིས་བཟའ་གྲབས་བྱས་ཤིང་དུས་ཆད་བཞག་ནས་འོངས། དེ་ནི་བུ་དེ་སེམས་སྡུག་ནས་མགོ་བོ་སྨད་ཀྱིན་འོངས་པ་ན། ལམ་ན་རི་བོང་ཞིག་ལ་ཐུག རི་བོང་གིས་རྒྱུ་མཚན་དྲིས་ཤིང་བློ་བསླབས་ནས་ཤིང་གི་བོའུ་ཞིག་བཟོས། ཕྱི་ཉིན་བུས་ལག་ལ་ཐོ་ཞིག་ཁྱེར་ནས་སྤྱང་ཀིའི་གམ་དུ་སོང་བ་དང་། རི་བོང་གིས་རྒྱང་རིང་ནས་ཤིང་གི་བོའུ་བཟུང་ནས་རྒྱལ་པོ་ཚང་གི་རྔོན་པ་ཡིན་ཁུལ་གྱིས་འཇིགས་བསྐུལ་ནས་བུ་ཤིང་འཐུས་སྤྱང་ཀིའི་མགོ་ལ་ཐོ་ཡིས་བརྒྱབ་ནས་བསད།
这是一则关于一个拾柴的男孩落入野狼的手里,而一只兔子乔装成猎人通过吓唬狼而解救了拾柴男孩的故事。
这则故事主要讲述了一个拾柴男孩去拾柴时碰到一只狼,狼准备吃他并约定了时间。男孩很伤心,正当他垂头丧气地往回走时,他遇到了一只兔子。兔子问他为什么如此伤心,男孩道出了原因。于是,兔子帮男孩想好了如何对付狼的办法并制作了一只木枪。第二天,男孩手拿锤头来到狼的身边,这时兔子在远处带上枪假装成王室的猎人吓唬狼,这时男孩乘机用锤头砸死了那只狼。
The story of a boy collecting firewood who is caught by a wolf, but escapes with help from a rabbit.
- སྐར་མ་མཚོ།གནའ་ཞིག་ལ།
- རྒན་མོ་མ་བུ་གཉིས་ཡོད།
- གཉིས་ཀ་ཚེ་གང་བོར་ནགས་ཚལ་ཞིག་ལ་ཁྱ་མ་ལེན་ཏུ་སོང་།
- ཉིན་ཞིག་ལ་རྒན་མོར་ནད་ལྕི་མོ་ཞིག་ཕོག་ནས་ཤི་སོང་།
- དེ་ནས་བུ་དེ་ཉིན་འགའ་འགོར་རྗེས།
- གཉིས་ཀ་ཁྱ་མ་ལེན་ཏུ་འགྲོ་སའི་ནགས་ཚལ་དེར་ཁྱ་མ་ལེན་ཏུ་སོང་།
- དེར་སོང་ནས་ཁོ་དེར་ཐོན་དུས།
- སྤྱང་རྒན་འཇིག་སྐྲག་ཅན་ཞིག་གིས།
- ལྕེ་འདོམ་གང་བསྲིང་ནས།
- ཨ་རོད་བུ་ཚ་དེ་རིང་ངས་ཁྱོད་ཟ་དགོས་ཟེར།
- དེ་ནས་བུ་དེས་ཨ་ཁུ་སྤྱང་ཀི
- ཁྱོད་ཀྱིས་ང་དེ་རིང་མ་ཟ།
- ངས་དེ་རིང་ཅི་ཡང་འཐུང་མེད་ཟེར།
- དེ་ནས་ངས་སང་ཉིན་འཐུང་ནས་ཡོང་རྗེས་ཁྱོད་ཀྱིས་ཟོ་ཟེར།
- ཡ་ཁྱོད་སང་ཉིན་ཡོང་བ་མ་རེད་ཟེར།
- ཡོང་ངེས་ཏེ་ང་སང་ཉིན་ཡོང་རྒྱུ་ཁོ་ཐག་ཡིན་ཟེར།
- དེ་ལྟར་དམ་བཅོས་པ་རེད།
- དེ་ནས་དམ་བཅོས་ནས་ཕྱིར་བུད་སོང་།
- སྤྱང་ཀི་ཡིས་ཕྱིར་འགྲོ་རུ་བཅུག
- ཁོ་ཡང་ཕྱིར་ཞེ་སྡུག་ནས་ངུ་ཞོར་དུ་སོང་།
- ཕྱིར་སོང་སྟེ་ལམ་ནས་རི་བོང་ཞིག་དང་འཕྲད།
- རི་བོང་གིས་ཨ་རོད།
- ཁྱོད་ཀྱིས་དེ་རིང་ཁྱ་མ་བཏུས་མེད་པ་ཅི་ཡིན།
- ཁྱོད་ལ་ཅི་ཞིག་བྱུང་སོང་ཟེར།
- ང་དེ་རིང་ཨ་ཁུ་སྤྱང་ཀི་དང་འཕྲད་ནས།
- ཟ་རྒྱུ་ཟེར་བ་རེད།
- དེ་རིང་མ་ཟོས་པ་རེད།
- སང་ཉིན་ཟ་རྒྱུ་ཟེར་བ་རེད་ཟེར།
- དེ་ནས་ཅི་ཞིག་བྱེད་ཟེར་ནས།
- ངེད་གཉིས་ཁྱེད་ཚང་ལ་འགྲོ་དང་།
- ཐབས་ཤིག་བཙལ་ཐུབ་ན་ཐང་ཟེར།
- ཁྱོད་འདི་འདྲའི་ཆུང་ཆུང་ཞིག་གིས་ཐབས་ཅི་ཞིག་བཙལ་རྒྱུ་ཞེས།
- བུ་ཞེ་སྡུག་ནས་ཕྱི་ཉིན་ཟ་དགོས་འདོད་ནས།
- ཁྱ་མ་ཡང་མ་བཏུས་པར།
- རི་བོང་དང་མཉམ་དུ་ཁོང་ཚང་གི་ཡུལ་ལ་སོང་།
- ཡུལ་ལ་སོང་ནས་དགོང་མོར་རི་བོང་གིས་ཨ་རོད།
- ཁྱོད་ཀྱིས་དེ་དགོང་ཤིང་གི་མེ་མདའ་བཟོས་ཟེར།
- དེ་ནས་བུ་ཡིས་ནམ་གང་བོར་ཤིང་གི་མེ་མདའ་བཟོས་ནས།
- དེ་ནས་ཁོའི་སྐེ་དཀྲི་ཡི་ཁ་ནས་བཤགས་ཏེ་མེ་མདའི་ལོང་བུ་བཟོས་ནས།
- གཉིས་ཀ་དགོང་མོ་བསྡད་པ་རེད།
- ཕྱིའི་ནངས་མོར་གཉིས་ཀས་རྒྱགས་ཤིག་འཐུང་ནས།
- གཉིས་ཀ་འགྲོ་དུས།
- ཡར་སོང་ནས་ལུང་མདོ་ནས།
- གཉིས་ཀ་ཁེར་རྐྱང་ལ་སོང་།
- ཁྱོད་སྤྱང་ཀི་ཡི་གམ་དུ་ཐོན་དུས།
- ཁྱོད་ཀྱིས་ཤིང་གཅོད་བྱེད་ཀྱི་སྟ་རེ་ཁྱེར་ནས་སོང་།
- སྟ་རེ་ཁྱེར་ནས་སོང་ན།
- ཁྱོད་སྤྱང་ཀི་ཡི་གམ་དུ་ཐོན་དུས།
- ཁྱོད་ཀྱིས་ཀུ་རིང་ཞིག་ཐོབ་ཟེར།
- དེ་ནས་ཨོ་ཡ་ཡ་ཟེར།
- དེ་ནས་བུ་དེ་ཡར་སོང་ནས།
- སྤྱང་ཀི་ཡིས་ས་དེ་ན་སྒུག་ནས་བསྡད་ཡོད།
- དེ་ནས་སྤྱང་ཀི་ཡི་གམ་དུ་ཐོན་ལ་ཉེ་དུས།
- རི་བོང་གིས་ཕ་རོལ་གྱི་ཁ་ནས་ཀུ་རིང་ཞིག་བཏབ།
- བུ་དེ་སྤྱང་ཀི་ཡི་གམ་ན་ཡོད་པ་རེད།
- དེ་ནས་སྤྱང་ཀི་ཡིས་བུ་དེར་ཨ་རོད་གན་ཅི་ཞིག་རེད་ཟེར།
- གན་ཨ་ཁུ་རྒྱལ་བོ་ཚང་གིས་རྔོན་པ་རེད་ཟེར།
- དེ་ནས་རི་བོང་གིས་ཡང་བསྐྱར་ཀུ་བཏབ་ནས།
- བུ་དེས་ཨ་ཞེས་ལན་བཏབ།
- ཨ་ཟེར་དུས་ཁྱོད་ཀྱི་གམ་ན་ཡོད་པ་ཅི་རེད།
- རི་བོང་གིས་བུ་དེར་དེ་ལྟར་དྲིས།
- དེ་ནས་སྤྱང་ཀི་ཡིས་ཤིང་གཏུན་ཞིག་རེད་ཟེར།
- དེ་ནས་བུ་དེས་ཕྱིར་རི་བོང་ལ།
- ཤིང་གཏུན་ཞིག་རེད་ཅེས་བཤད་དུས།
- དེ་ན་ཁྱོད་ཀྱིས་དེར་རྒྱོབ་དང་ཟེར།
- སྤྱང་ཀི་ཡིས་དལ་མོ་བྱས་ནས་རྒྱོབ་དལ་མོར་བྱས་ནས་རྒྱོབ་ཟེར།
- དེ་ནས་བུ་དེས་ཡང་གིས་དལ་མོ་བྱས་ནས།
- སྟ་རེ་ཡིས་དལ་མོ་བྱས་ནས་མགོར་གཅིག་བརྒྱབ།
- དེ་ནས་ཨ་རོད་་་རི་བོང་གིས།
- ཨ་རོད་ཤིང་གཏུམ་ཡིན་ན་ཏིང་སྒྲ་མི་གྲགས་པ་ཅི་རེད་ཟེར།
- དེ་ནས་སྤྱང་ཀི་ཡིས་ཤུགས་ཀྱིས་རྒྱོབ་ཤུགས་ཀྱིས་རྒྱོབ་ཟེར།
- དེ་ནས་བུ་དེས་ཤུགས་ཀྱིས་སྟ་རེ་ཡིས།
- སྤྱང་ཀི་ཡི་མགོ་ལ་བརྒྱབ་ནས་བསད་པ་རེད།
- བསད་པས་སྐྲག་མ་དགོས་པ་རེད།
- གཉིས་ཀ་ཡུལ་ལ་ཡོང་བ་རེད།