Skip to main content Skip to search
05 Feb 2016
4 min 9 sec
Video Overview
Creators: 
Penchela, Pema

༉ རྩི་རང་གྲམ་ཕུག་ལས་ ལས་སྐྱིད་ཆོས་འཛོམས་ཀྱིས་འཐེན་མི་གླུ་གཞས་ ཨ་ཞེས་ཞལ་རས་དཀར་གསལ་ཟླ་བ་འདྲ་འདི་ དོན་དག་གི་ཐད་ཁ་ལུ་ ཡོངས་གྲགས་ཡོད་པའི་བོད་སྒྲའི་གླུ་གཞས་ ཨ་ཞེས་སྐུ་གཟུགས་ཙཱ་རི་སྨྱུག་མ་འདྲ་ཟེར་མི་དང་འདྲ་སུ་ཅིག་ཨིན་པས། ཨིན་རུང་ མོ་གིས་འཐེན་མི་འདི་ དོན་དག་འདྲ་སུ་ཅིག་འབད་རུང་ ཚིག་ཨ་ཙི་མ་འདྲ་བའི་ཁར་ གདངས་ཀྱི་ཐད་ཁར་ཡང་ ཨ་ཙི་སོ་སོ་སྦེ་འཐེན་ནི་འདུག།

This boedra song Azhey Zhas Ras Karsel Dawa, “Queen's Face Comparable to Moon,” sang by Leki Choezom from Damphu under Tsirang district. It is similar to a popular boedra song called Azhey Kuzu Tsari Myugma Dra. But there are differences in terms of both tune and lyrics.

Transcript search
No results found for this search
0 of 0
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་ཞལ་ནི་དཀར་སངས་ལའི་ཟླ་བ་འདྲ་ལ། །དཀར་སངས་ཟླབ་འདྲ་བའི་ལའི་ཆོས་མི་ཞུ། །བླ་མ་་་་་དཀར་སངས་ཟླ་བ་འདྲའི་ལའི་སྔོན་གྱི་ལས་ལ། བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་། །
    The queens face is comparable to white gleaming moon; Lama[mistakes]....Comparable to the white gleaming moon will not receive the teachings of Buddha; That it is comparable to the white gleaming moon is due to karma; Please don’t say so Lama, grant me the teachings!
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་དཔྱལ་བ་ཉི་མ་ལའི་འོད་ཟེར་འདྲ་ལ། །འོད་ཟེར་ཟླ་བ་འདྲ་རུང་༼ཉི་མའི་འོད་ཟེར་འདྲ་བའི་༽ལའི་ཆོས་མི་ཞུ། །དཀར་སངས་་་་་་ཉི་མ་ཟླ་བ་འདྲའི༼ཉི་མའི་འོད་ཟེར་འདྲ་བའི་༽་ལའི་སྔོན་གྱི་ལས་ལ། །བླ་མ་དེ་འདྲ་གསུང་ལའི་ཆོས་ཅིག་གནང་། །
    The queens brow is comparable to the sun beam; Even if it resembles the beaming moon (Comparable to the sun beam?) will not receive the teachings of Buddha; Pure white [mistakes].....That it is comparable to the sun and moon (sun beam?) is due to karma; Please don’t say so Lama, grant me the teachings!
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་མིག་ཏོ་གསེར་གྱི་ལའི་ཕོར་ཅུང་འདྲ་ལ། །གསེར་གྱི་ཕོར་ཅུང་འདྲ་བའི་ལའི་ཆོས་མི་ཞུ། །གསེར་གི་ཕོར་ཅུང་འདྲའི་ལའི་སྔོན་གྱི་ལས་ལ། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་། །
    The queens eyes are comparable to small golden cups; Comparable to small golden cups will not receive the teachings of Buddha; That they are comparable to small golden cups is due to karma; Please don’t say so Lama, grant me the teachings!
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་ལག་པ་གསེར་གྱི་ལའི་དུང་ཅུང་འདྲ་ལ། །གསེར་གྱི་དུང་ཅུང་འདྲ་བའི་ལའི་ཆོས་མི་ཞུ། །གསེར་གྱི་དུང་ཅུང་འདྲའི་ལའི་སྔོན་གྱི་ལས་ལ། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་། །
    The queens hands are comparablee to golden pipes; Comparable to golden pipes will not receive the teachings of Buddha; That they are comparable to golden pipes is due to karma; Please don’t say so Lama, grant me the teachings!
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་ལྐོད་མ་གསེར་གྱི་ལའི་རྒྱ་གླིང་འདྲ་ལ། །གསེར་གྱི་རྒྱ་གླིང་འདྲ་བའི་ལའི་སྔོན་གྱི་ལས། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་།
    The queens neck is comparable to a golden clarinet; Comparable to golden clarinet is due to karma; Please don’t say so Lama, grant me the teachings; Please don’t say so Lama, grant me the teachings.
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་སྒལ་པ་གསེར་གྱི་ལའི་རོལ་མོ་འདྲ་ལ། །གསེར་གྱི་རོལ་མོ་འདྲ་བའི་ལའི་སྔོན་གྱི་ལས། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་གནང་།
    The queens back is comparable to golden cymbal; Comparable to golden cymbal is due to karma; Please don’t say so Lama, grant me the teachings; Please don’t say so Lama, grant me the teachings.
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཨ་ཞེ་རྐང་པ་གསེར་གྱི་ལའི་ུདུང་ཅུང་་་ ཨ་ཞེ་རྐང་པ་གསེར་གྱི་ལའི་ཨ་ལོང་འདྲ་ལ། །གསེར་གྱི་ཨ་ལོང་འདྲའི་ལའི་ཆོས་མི་ཞུ། །གསེར་གྱི་ཨ་ལོང་འདྲའི་སྔོན་གྱི་ལས་ལ། །བླ་མ་དེ་འདྲ་མ་གསུང་ལའི་ཆོས་ཅིག་ནང་། འ་ནཱེ་ཅིག་ལས་ལྷགཔ་མི་ཤེས་པས་ལགས།
    The queens legs are comparable to golden pipes [mistakes]..... The queen's legs are comparable to golden rings; Comparable to golden rings will not receive the teachings of Buddha; That they are like golden rings is due to karma; Please don’t say so Lama, grant me the teachings! This is all I know la.