Video Overview
ཨོ་རྒྱན་ལྷ་མོ་གིས་བཤད་མི་ནང་ ད་ལྟོ་མོ་ར་གིས་ཕུལ་མི་མ་ཎི་གི་བཤད་པ་ཅིག་ཞུ་བ་ཅིན་ཟེར་ བཤད་མི་ནང་ མ་ཎི་བསོད་ན་རིན་ཆེན་གྱི་མ་ཎི་ཨིན་ ཟེར་ཨིན་མས། མ་ཎི་ཡར་ཤོགམ་དེ་ མི་ང་ངོ་ཁྱོད་ཀྱིས་མ་ཤེས། །ང་འགྲོ་དོན་བསོད་ན་རིན་ཆེན་ཨིན། །ཟེར་མི་དེ་གི་མ་ཎི་ཨིན་ ཟེར་བཤདཔ་ཨིན་མས། མར་གྱི་ལྕགས་རི་འཁོར་བའི་ནང་ཤེད་ན། །དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་མ་སྡོད་པར་ཡར་ཤོག ཐར་པ་བདེ་བ་ཅན་གྱི་ཞིང་ཁམས་ལུ་འགྱོ་ནི་ཨིན། ཟེར་སླབ་པའི་བློ་ཨིན་པས་ཟེར་ ཨོ་རྒྱན་ལྷ་མོ་གིས་བཤད་ནི་འདུག།
Ugyen Lhamo sings “The Queen Vulture,” a religious song. It is believed that hermit Meto Pelzang from Hontsho Trashigang Goenpa composed this song. The lyrics focus on the difficulties faced by the bird Thangkar Gyelmo in her struggle to survive. The song ends with an aspiration to meet with Buddha’s teachings.
- Thim Throm
- ཨུ་རྒྱན་ལྷ་མོ་ Ugyen Lhamoབྱ་གཅིག་སྣ་བ་སྐྱིད་པའི། །ཐང་དཀར་གྱི་རྒྱལ་པོ། ། བར་ཆད་གཉིས་ཀྱི་རྫོགས་པའི། །རྟོགས་པ་ཉིད་དེ་མིན་འདུག །
- ཨུ་རྒྱན་ལྷ་མོ་ Ugyen Lhamoཆུང་མི་མར་ལ་སྡོད་མི། །རང་དབང་འདི་ཉིད་ནས། ། གཤོག་སྒྲོགས་རླུང་གིས་སྤྱོད་པའི། །གཡང་ཟ་ལ་ལྟོས་ཤོག །
- ཨུ་རྒྱན་ལྷ་མོ་ Ugyen Lhamoབར་ཆད་སྣ་བ་སྐྱིད་པའི། །ལྕང་ཤིང་གི་ཁྲ་ཅུང། །མི་ཐོད་འཁོར་བའི་གནོན་མི། །རྟོགས་པ་འདི་མིན་འདུག །
- ཨུ་རྒྱན་ལྷ་མོ་ Ugyen Lhamoཆུ་མོས་རྒྱང་ཐག་བསྐོར་བ། །རང་དབང་འདི་ཉིད་ནས། ། རྩ་ཆུ་གང་རྩ་སྐྱེས་པའི། །དགའ་སྤྲོ་ལ་ལྟོས་ཤོག །
- ཨུ་རྒྱན་ལྷ་མོ་ Ugyen Lhamoམི་ཅིག་སྣ་བ་སྐྱིད་པའི། །ངག་དབང་གྱི་དཔལ་བཟང་། ། རྟོགས་ཀྱི་དབང་དུ་འཁོར་བའི། །རྟོགས་པ་འདི་མིན་འདུག།
- ཨུ་རྒྱན་ལྷ་མོ་ Ugyen Lhamoཆུང་མི་རྒྱལ་ཁམས་སྒྲོལ་མ། །རང་དབང་འདི་ཉིད་ནས། ། སྟོད་པའི་གང་ཅན་ཆོས་པའི། །བློ་འདི་ལ་ལྟོས་ཤོག །
- ཨུ་རྒྱན་ལྷ་མོ་ Ugyen Lhamoསྔོན་མའི་ལས་ཀྱི་འབྲེལ་བའི། །བུ་སློབ་ཀྱི་ཚོགས་ན། ། ངེ་སེམས་རང་བཞིན་ཕངས་ཡོད། །ལོག་བལྟ་འདི་སྤངས་ནས། །
- ཨུ་རྒྱན་ལྷ་མོ་ Ugyen Lhamoཀུན་ལ་ཕན་པའི་བསམ་པ། །བཟང་པོ་དང་འབྲེལ་ཤོག ། ཆོས་གྲོགས་སྣ་བར་ཐོས་ནས། །དམ་ཚིག་ལ་ལོག་ཤོག །
- ཨུ་རྒྱན་ལྷ་མོ་ Ugyen Lhamoཚེ་འདི་སྐྱིད་པ་ཕྱི་མ། །སངས་རྒྱས་ཀྱི་ན་བཟའ། ། དམ་པའི་ལྷ་ཆོས་མཇལ་ནས། ། སྐལ་བཟང་ལ་ཐོབ་ཤོག ། ལགས་སོ། །