Video Overview
This video gives 3 different accounts of Tshangmo. According to one version, Tshangmo spread to Bhutan during the arrival of the sixth Dalai Lama, Rigzin Tshangyang Jamtsho from Tsang, Tibet; “Tshangmo” thus would mean Divination of Tsang (གཙང་མོ་). A second account says Tshangmo is a divination using a thorn; “Tshangmo” thus would mean Thorn Divination (རྩང་མོ་). The third account is similar to the second, but claims Tshangmo is for secret divination. Tshangmo is a competition of wits between boys and girls, and also reveals their fate together; it is sometimes performed amidst everyday village work. Tshangmo can be used to convey many sentiments. The practice is becoming rarer, except in some non-formal educational institutions.
གློག་བརྙན་འདི་ནང་ གཙང་མོའི་དོན་དག་ ཁག་ལེ་ཤ་སྦེ་ སླབ་སྲོལ་ཡོད་པའི་སྐོར་ལས་ སླབ་ཨིནམ་ད་ བཤད་སྲོལ་ཅིག་དང་འཁྲིལ་བ་ཅིན་ གཙང་མོ་འདི་ སྐྱབས་རྗེ་ཏ་ལི་བླ་མ་ སྐུ་ཕྲེང་དྲུག་པ་རིག་འཛིན་མཚངས་དབྱངས་རྒྱ་མཚོའི་སྐབས་ བོད་གཙང་ལས་བྱུང་མི་ལུ་ གཙང་མོ་ཟེར་དང་ ད་རུང་ སླབ་སྲོལ་ཅིག་ལས་ མི་ཚུ་གིས་ རྩང་ལག་ལན་འཐབ་སྟེ་ མོ་བཏབ་ཀྱི་ཐོག་ལས་ གནས་བསྐོས་བསྐྱུར་མི་ལུ་ རྩང་མོ་ཟེར་ དར་ཁྱབ་འབྱུང་བྱུངམ་ཨིན་པས། ད་རུང་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ རྩང་ལག་ལན་འཐབ་སྟེ་ གནམ་བསྐོས་བསྐྱུར་མི་ལུ་ གསང་མོ་ཟེར་ སླབ་སྲོལ་ཡོདརུང་ མ་པ་འདི་གཉིས་ཀྱི་ དོན་དག་ཅོག་ར་འཐད་པས། འདི་མ་ཚད་ རྩང་མོ་འདི་ ཕོ་དང་མོ་གི་བར་ན་ རིག་རྩལ་འགྲན་བསྡུར་གྱི་ཐོག་ལས་ གཅིག་གིས་གཅིག་ལུ་ སྐད་ཀྱི་མདངས་འཐེན་ཏེ་ དགའ་བའི་ཧིང་གཏམ་བཤད་མི་ལུ་ སླབ་ཨིནམ་ད་ རྩང་མོ་ལུ་ གཉེན་གླུ་དང་ དགྲ་གླུ་ བསྟོད་གླུ་དང་ སྐྱོན་བཏགས་ནི་ འདི་ལས་དགའ་གླུ་ཟེར་ ཁག་ལེ་ཤ་ཡོདཔ་ཨིན། ད་རུང་ རྩང་མོ་འདི་ མི་ཚུ་གིས་ ཞིང་ནང་ལཱ་འབད་བའི་སྐབས་དང་ ནོར་འཚོ་བའི་སྐབས་ འདི་ལས་ ལོ་ཐོག་སྲུང་བའི་སྐབས་དང་ ཁྱིམ་རྐྱབ་པའི་སྐབས་སུ་ འཐེན་སྲོལ་ཡོད་རུང་ ད་རེས་ནངས་པ་ གཞི་རྟེན་ཤེས་ཡོན་ལྷབ་མི་ཚུའི་བར་ན་མ་གཏོགས་ གཡུས་སྒོ་ཚུ་ནང་ཡང་ ལམ་ལུགས་འདི་དཀོན་དྲགས་ཐལ་ཏེ་འདུག།
- Chongra
- Laya
- Gasa
- དམ་ཆོས་ཨ་་་་་ ང་བཅས་ཀྱི་ཨ་ནཱི་ ཏེ་ང་བཅས་ལ་ཡག་གི་ཏེ་རྩེད་སྣ་(རྩེདམོ་)བཟུམ་ཅིག་ཨིན་ལགས་མ་པ་འདི་སྤྲོ་བ་ཏེ་ན་གཞོན་འདི་ཚུ་གི་ད་ང་བཅས་ཨ་ལོ་ཆུང་ཀུ་ཅིག་སྦེ་སྡོད་པའི་བསྒང་ལས་ར་ཏེ་རྩེདམོ་འ་ནཱི་བཟུམ་ཏེ་རྟག་བུ་ར་ ཏེ་ཕྱི་རུ་ཨ་རྟག་ར་མ་པ་ནུབ་མོ་སྦེ་ཨིན་ལགས་རྩེདམོ་འདི།ཏེ་འ་ནཱི་སྦེ་རྩེད་སྲོལ་ཡོད་ལགས།
- དམ་ཆོས་ཏེ་ད་ ཅ་ལ་འདི་ཨ་ནཱི་སྦེ་བཞག་དགོཔ་འདི་ཏེ་བཀྲམ་སྤེལ་འབད་དགོཔ་འདི་ང་བཅས་མི་ལྔ་ཡོད་པ་ཅིན་ཏེ་རང་རང་སོ་སོ་གི་ཅ་ལ་རེ་རེ་སྦེ་ཏེ་ལྔ་སྦེ་བཞག་དགོཔ་ཨིན་ལགས།ཏེ་བཅུ་ཐམ་ཡོད་དེ་འབད་བ་ཅིན་ བཅུ་ཐམ་སྦེ་ར་ཏེ་སོ་སོ་ སོ་སོ་ར་བཏོན་ཏེ་གིས་སྦེ་ཏེ་བཞག་དགོཔ་ཨིན་ལགས།
- དམ་ཆོས་ཏེ་ད་ བཅུ་ཐམ་འདི་ཏེ་ཆ་ཆ་སྦེ་སྡོད་འོང་ལགས།ཏེ་ད་ བཅུ་གཅིག་སྦེ་བཞག་དགོ་པའི་གནོད་དོན་འདི་ཏེ་ད་གཅིག་འབད་མི་ཅིག་ཏེ་ད་ དམ་པའི་ཆོས་ལུ་གཏང་ནི་གི་དོན་ལས་ཏེ་ད་ གཅིག་འདི་ཆ་མེདཔ་སྦེ་བཞག་དགོཔ་འདི་ ཁུངས་འདི་འ་ནཱི་ཨིན་ཟེར་ཞུ་ནི་ལགས།
- དམ་ཆོས་ཏེ་ད་ ཅ་ལ་འདི་དེ་ཏེ་ད་མ་པ་འེ་་་་ ཅ་ལ་ཨིན་ཅིག་མིན་ཅིག་དང་ཕུ་གི་ད་ཨ་ནཱི་བཞག་དགོ་ཟེར་ཏེ་གིས་འདི་ཏེ་མེད་ལགས།ད་ག་ཐོབ་གུ་ཐོབ་ཏེ་ད་ རང་གི་ལག་པ་ལུ་ཏེ་མཛུབ་དཀྱི་ཡོད་དེ་འབད་རུང་འདྲ་ཨམ་སྲུ་གི་གདོབ་ཅུ་ཡོད་དེ་འབད་རུང་འདྲ་ཏེ་སྨན་འདི་ཚུ་མེ་ཀྲེག་ཏེ་ད་ གླང་ལེབ་ལས་(ལོ་)ཀོ་མ་ལས་(ལོ་) ག་ཅིག་ར་འབད་རུང་ཏེ་བཞག་རུང་ཏེ་ཁྱད་མེད་ཟེར་ཞུ་ནི་ལགས།
- ཚེ་དབང་དང་ཆ་རོགས་ཁན་ཇ་ཡེ་ཤེས་ལ་གནག་ཀུ།།ཚུར་གྱི་མི་གཅིག་ལ་འཐུ་སོང་།།ཐོར་ཅུང་སྤང་གི་མེ་ཏོག།སྐྱོ་དང་མ་སྐྱོ་ལ་མི་འདུག།
- ཟླ་བ་དང་པ་འདི་ག་སྨོ?
- ཀུན་ལེགས་བུདྡྷ་ཨ་ཞ་དམ་ཆོས་ཨིན།
- ཟླ་བ་ཡ་་་་་་་།
- ཀུན་ལེགས་བུདྡྷ་(ཁན་ཇ་ཡོད་ཚད་གནག་ཀུ།།ཚུར་གྱི་མི་གཅིག་འཐུ་སོང་།།ཐོར་ཅུང་སྤང་གི་མེ་ཏོག།སྐྱོ་དང་མི་སྐྱོ་མིན་འདུག་ལོ། །?)
- ཟླ་བ་འབད་ཤིག་
- ཚེ་དབང་/Tshewang:ཧེ་ཧེ་ཧེ་་་་་་།
- ཚེ་དབང་དང་ཆ་རོགས་དེ་གི་ཁྱད་གུད་བཏུབ་མི་དེ་སྦེ་ར་ཡོད་བ་ཡ་ ཨིན་མས་ ཨ་ཞ་དམ་ཆོས་མས་པ་ཏེ་ཨ་ཞ་དམ་ཆོས་ཨ་དབའེ་ཧེ་ཧེ་ཧེ་་་་་་།
- ཚེ་དབང་དང་ཆ་རོགས་ཁམ་ཤིང་ཁ་གི་བྱི་ཅུང་།།ཁམ་ཤིང་རྩཝ་ར་ལ་སྡོདཔ་ལས།།བླམ་བསོད་ནམས་ཅན་གྱི་བྱི་ཅུང།།ཕར་རྫོང་ཆེན་བསྐོར་ཏེ་ལ་ལོག་གནང་ལོ།
- ཚེ་དབང་དང་ཆ་རོགས་ཁམ་ཤིང་ཁ་གི་བྱི་ཅུང།།ཁྱོད་ཁམ་ཤིང་རྩ་བ་ར་སྡོད་སྨ་རེད།།བླམ་བསོད་ནམས་ཅན་གྱི་བྱི་ཅུང་།།ཕར་རྫོང་ཆེན་བསྐོར་ཏེ་ལོག་གནང་ཟེར་རང་སེམས་དགའ་བའི་མི་འདི་ད་ག་ཏེ་ར་ཡོད་དེ་གི་འབད་རུང་ཏེ་ང་རྒྱལ་ཁབ་ག་ཏེ་ལས་ར་ཨིན་རུང་བསྐོར་ཏེ་གིས་ཁྱོད་འབད་ས་འཐོན་འོང་ཟེར་ཨིན་མས་ལགས།ག་ཨིནམ་སྨོ་ལགས་ཁྱོད་གཉིས་ཀྱི་ངོ་སྤྲོད་འབད་ཤིགབསོད་ནམས་དབང་ཕྱུག་ཨཔ་བསོད་ནམས་དབང་ཕྱུག་འོང་འབད་ཤིག་དེ་ཡང་བདེན་པ་ཅིག་འདུག་སྨ་རེད་རོགས། འེ་་་་ ཁོ་གིས་ བདེན་པ་ཅིག་འདུག་པ།
- ཚེ་དབང་དང་ཆ་རོགས་ཕར་རི་(གཞུ་ཅུང་?)བསྒུག་བསྒུག།ཚུར་རི་(ནོར་རི་?)ལ་བསྒུག་བསྒུག།བསྒུག་ན་མཉམ་ཅིག་བསྒུག་གེ།མ་བསྒུག་རང་སར་ལ་གྱེས་གེ་ལགས།།
- ཟླ་བ་སྤ་་་་་ ཏེ་ཨ་ནཱི་མཛུབ་དཀྱི་དེ་ཨིན་མས་མཛུབ་དཀྱི་འདི་ག་གི་ཨིན་ན?
- དམ་ཆོས་ཕར་རི་(གཞུ་ཅིག་?)བསྒུག་བསྒུག།ཚུར་རི་(ནོར་རི་?)དགུ་དགུ་བསྒུག་ན་མཉམ་ཅིག་བསྒུག་དགེ།མ་བསྒུག་རང་སར་འཕྱད་དགེ་ཟེར་ད་རང་སེམས་དགའ་བའི་མི་འདི་ཏེ་ད་ང་དང་ཁྱོད་ཧེ་མ་ལས་བློ་རྐྱབ་བཟུམ་སྦེ་ར་གཏན་གཏན་ཨིན་པ་ཅིན་ཏེ་གཅིག་ཁར་ར་སྡོད་རུང་བཏུབ་ཟེར་མས་ཏེ་དེ་མེནམ་བཟུམ་ཅིག་འབད་བ་ཅིན་ཏེ་ང་འདི་འགྱོད་པ་ག་ནི་ཡང་མེད་ཏེ་སོ་སོ་ར་ཡར་སོང་རུང་ཁྱད་མེད་ ཟེར་ཨིན་པས་ལགས།
- ཚེ་དབང་དང་ཆ་རོགས་ཏེ་ག་ཨིན་མས་ལྷ་སྒྲོན་ཨིན་ལྷ་སྒྲོན་ཨིན་ཉན་བཏུབ་ག་རོགས།
- ཚེ་དབང་དང་ཆ་རོགས་དཀར་ཡུལ་དཀར་སངས་ལ་གཅིག་གི།འབྲུག་རིས་བརྒྱ་དང་ལ་བཅོ་བརྒྱད།།དཀར་ཡོལ་ཆག་ས་མ་གཏོགས།།འབྲུག་རིས་ཡལ་ས་ལ་མིན་འདུག་ལོ།།
- ཚེ་དབང་དང་ཆ་རོགས་སྤ་་་་་་་ བྱི་རུ་འདི་འཐོན་ཡར་སོང་ཡི་སྨ་རེད་ད་འབདན་ཡར་བུ་མོ་ད་འབདན་ བཤད་པ་ཚར་ཅིག་གཏང་བྱིན་ཤིག་དཀར་ཡུལ་བཅག་ན་བཅག་ཤོག་འབྲུག་རིས་ཡལ་ན་ཡལ་ཤོག་རྫབ་ཕྱི་ཕོར་པའི་ཕྱི་ལས་དངུལ་ཤན་ལས་ཀྱིས་འཁོརཝ་ཨིན་ལོ་གན་ར་ག་ཨིན་རུང་བརྟིང་ཤུལ་སྡོད་གེ་ལོ་ཡ་ཁྱོད་ག་ཨིན་ན་འདི་འུམ་་་་ ག་སྨོ? ག་སྨོ? ཐད་རི་བ་རི་འབད་སླབ་དགོ་སྨ་རེད་ཁྱེད་ཀྱིས་ ཨེ་་་་ ཨ་ཁུ་ཀུན་ལེགས? ཡ་བླ་མ་་་་་་ ཨིན་མས་སྨ་རེད་ བདེན་པ་འདུག་བདེན་པ་བདེན་པ་འདུག་སྨ་རེད་དབའེ་ཨ་ནེམ་ཅིག་འབད་འོང་མནོཝ་མ་གཏང་སྨེ་སྨོ? ཨ་ནིམ་ཅིག་འབད་འོང་མནོ་མ་གཏང་སྨེ་ ཧ་ཧ་ཧ་མ་པ་ང་ཡང་འ་ནེ་འཚམས་ཅིག་སྦེ་ར་ཡོད་མ་པ་འོང་ཧ་ཧ་ཧ།
- ཚེ་དབང་དང་ཆ་རོགས་ཕར་རི་སྤང་གི་ལ་ལོགས་ལས།།གུར་ཅིག་སྤུབས་དགོ་ལ་བསམ་པ།།གུར་ཤིང་འདབ་མ་ལྡེམ་ལྡེམ།།སྤུབས་དགོ་འདྲཝ་ར་ལ་མིན་འདུག་ལོ་ཟེར།
- དབང་མོ་/Wangmo:ཕར་རི་སྤང་གི་ལོགས་ལས།།གུར་ཅིག་སྤུབས་དགོ་བསམ་པ། །གུར་ཤིང་འདབ་མ་ལྡེམ་ལྡེམ། །སྤུབས་སྤུབས་འདྲཝ་ར་མིན་འདུག་ལོ་ད་
- ཚེ་དབང་དང་ཆ་རོགས་ག་ཨིན་སྨོ་ད་འདི་ད་འདི་ག་ཨིནམ་སྨོ་ད་ངོ་སྤྲོད་འབད་ཤིགསྤུབས་མི་འདི་འ་ནཱི་ཨིན། ཡ་བུམོ་པདམོ་གིས་ཡང་ ཏེ་སྤུབས་སྤུབས་འདྲཝ་ར་མིན་འདུག་ཟེར་ གཅིག་འཐོནམ་མས་སྨ་རེད་ ད་མོ་གི་བྱངམ་འཕྱད་ག་སྨོ་འཐོན་ཤིག ཡ་ཨ་ཞ།
- ཚེ་དབང་དང་ཆ་རོགས་ནཱ་འཛུམ་བཟང་འཛོམས་པའི་ལ་སྦུག་ལས།།གསེར་གྱི་སྒྲོམ་ཅུང་ལ་བཞག་ཡོད།།(དར་དཀར་ལ་མོའི་ཡོད་ན།།?)རིན་ཆེན་སྲོག་དང་ལ་འཕྱད་འོང་།།
- ཚེ་དབང་དང་ཆ་རོགས་སྤའོ་་་་ འ་ནཱི་ཁ་ལུ་ནཱ་འཛུམ་བཟང་འཛོམས་པའི་སྦུག་ལས།།གསེར་གྱི་སྒྲོམ་ཅུང་བཞག་ཡོད་ལོ།།(ཏེ་དར་དཀར་ལ་མེད་ཡོདན།?)རིན་ཆེན་སྲོག་དང་འབྲལ་འོང་ཟེར་རང་སེམས་དགའ་བའི་མི་འདི་ ཏེ་གཞན་ད་དགོད་བྲ་སླབ་ནི་འདི་ཕར་བཞག་གཟུགས་ཁར་ཨ་ནཱི་པོ་ཅུམ་ཅིག་ར་བཏབ་རུང་ ཏེ་རིན་ཆེན་སྲོག་དང་འཕྱད་འོང་ཟེར་ཨིན་མས།སྤའོ་་་་་ གནམ་མེད་ས་མེད་ མིག་སེར་ཚ་དྲག་ཅིག་ཨིན་མས་སྨ་རེད་ཧ་ཧ་ཛའི་ཨིན་མས་ག?ཧེ་ཧི་ཧི་་་་་ ཡ་་་་ མིག་སེར་ཚ་དྲག་ཨིན་མས་ཉ་ཨའུ་་་་་ ཡ་ད་ ཨ་རོགས་དགའ་རོགས་འདི་ ཡོད་རུང་ཡོད་ མེད་རུང་མེད་ འདི་ཚུ་གིས་འཕྱད་ར་འཕྱད་ནི་ཨིན་མས་ཁྱོད་ར། ཡ་ད་ ཨ་ནཱི་གཅིག་གུ་ལྷོད་ཅི་སྨོ? ཨིན་ལགས།
- ཚེ་དབང་དང་ཆ་རོགས་ཁྱོད་ལུ་ཆ་ཅིག་ལ་མིན་འདུག།ང་ལུ་ཡ་ཅིག་ལ་མིན་འདུག།ཆ་མེད་ཡ་མེད་བསྡོམས་སྦེ།།དམ་པའི་ཆོས་ལུ་ལོག་གེ་(འགྲོ་གེ་)ལོ།
- ཚེ་དབང་དང་ཆ་རོགས་འ་ནཱི་ཏེ་ད་ཁྱོད་ལུ་ཆ་ཅིག་ཡང་མིན་འདུག །ང་ལུ་ཡ་ཅིག་མིན་འདུག །ཏེ་ད་ རྒྱུད་མཐུད་རྐྱབ་པའི་མནོ་བསམ་འདི་མེད་ད་དམ་པའི་ཆོས་ལུ་ཨིན་ཅིག་མིན་ཅིག་འགྱོ་ནི་ཏེ་དམ་པའི་ཆོས་འདི་ར་བསྒྲུབ་ནི་ཟེར་ཨིན་མས།འ་ནཱི་ག་ཨིན་སྨོ?ཨ་ནཱི་འདི་དབངམོ་ཨིན།འུཾ་་་་་ འབད་ཤིག་རོགས་འ་ནཱི་ཨིན་པས་སྨ་རེད།། །།