Video Overview
This is an episode in the Qinghai Monasteries Project series.
- Menchu Dargyé Ritrö
- བན་ཏེ་སྐྱབས།ང་ཡོད་སའི་གནས་འདི་ནི་མིན་ཧོ་རྫོང་གི་སྨན་ཆུ་འཐུང་ས་རེད།
- གནས་འདི་རུ་ཡུལ་ཕྱོགས་ཀུན་ནས་ཐོན་པའི་མང་ཚོགས་མང་པོས་
- སྨན་ཆུ་འཐུང་བཞིན་འདུག
- སྨན་ཆུ་འདི་ལ་ཕོ་བ་དང་གློ་བར་ཕན་པའི་ཁྱད་ཆོས་མང་པོ་ཞིག་འདུག
- འདི་ནི་ལུང་མདོའི་སྨན་ཆུ་རེད།
- སྨན་ཆུ་འདི་ཕོ་བར་ཤིན་ཏུ་ཕན་པར་བཤད།
- འདི་ལས་གཞན་ད་དུང་ཕ་གའི་རི་རྩ་རུ་སྨན་ཆུ་ཞིག་ཡོད་པ་དེ་
- གློ་བར་ཕན་པར་བཤད།
- དེའི་སྟབས་ཀྱིས་མང་ཚོགས་མང་པོ་ཞིག་
- འདིར་ཡོང་ནས་སྨན་ཆུ་འཐུང་བཞིན་འདུག
- འདི་ནི་ཆུ་ལུམ་དགོན་པའམ་སྨན་ཆུ་རི་ཁྲོད་རེད།
- དགོན་པ་འདི་རེ་བརྒྱད་ལོའི་རིག་གསར་སྐབས་སུ་རྩ་བརླག་ཏུ་གྱུར་བ་རེད།
- འོན་ཀྱང་གྱ་གསུམ་ལོར་ལྷ་ཁང་གསུམ་བསྐྱར་བཞེངས་གནང་།
- དགོན་པ་འདི་རུ་ད་ལྟ་གྲྭ་བ་དགུ་འདུག་པ་དང་།
- དགོན་བདག་བླ་མ་ནི་ཞབས་དྲུང་པ་ཚང་རེད།
- དགོན་པའི་རྟེན་གཙོ་བོ་ནི་དཔལ་ལྡན་ལྷ་མོ་རེད།