25 Nov 2011
3 min 49 sec
Video Overview
Creators:
Tibetan & Himalayan Library, Gangjong Online Library
This clip contains a series of still photos of Drakkar Gya Ngakkhang and voice narration in Tibetan.
- Drakkar Gya Ngakkhang
- ཤ་བོ་དོན་གྲུབ།ད་ལྟ་ང་ཡོད་སའི་གནས་འདི་ནི།
- དཔའ་ལུང་རྫོང་གསེར་གཞུང་ཞང་བྲག་དཀར་བུ་རྒྱུད་སྡེ་བ་རུ་ཡོད་པའི་
- སྔགས་དགོན་སྒྲུབ་སྡེ་ཆེན་མོ་པདྨ་ཆོས་འཕེལ་གླིང་ཞེས་པ་དེ་ཡིན།
- དགོན་པ་འདི་ནི་དཔའ་ལུང་རྫོང་ཐོག་ནས་ཤར་ཕྱོགས་ཀྱི་
- སྤྱི་ལེ་དགུ་བཅུ་ལྷག་གི་མཚམས་སུ་ཆགས་ཡོད་ལ།
- དགོན་པ་འདིའི་ཁོངས་གཏོགས་ལྷ་སྡེ་ནི།
- དཔའ་ལུང་རྫོང་གསེར་གཞུང་ཞང་བྲག་དཀར་བུ་རྒྱུད་སྡེ་བ་རེད།
- དགོན་པ་འདིའི་ཤར་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུ་ལྷག་གི་མཚམས་སུ།
- བོད་ཀྱི་ལོ་རྒྱུས་སྟེང་མིང་དུ་གྲགས་པའི་ད་འདུག་དགོན་པ་ཡོད།
- ད་ལྟ་དགོན་པའི་མདུན་ཕྱོགས་སུ་རི་རྒྱུད་མཐོན་པོ་ཞིག་
- མཐོང་རྒྱུ་ཡོད་པ་ཀན་ལ་མདུན་རི་ཞེས་མིང་ཐོགས་མེད་ཀྱང་།
- ཚང་མས་ཨ་མ་བསེ་བོ་རི་རྒྱུད་ཅེས་འབོད།
- དགོན་པ་འདི་ནམ་ཞིག་གི་དུས་སུ་བཏབ་པའི་ལོ་ཚིགས་སོགས།
- གསལ་བོ་ཞིག་ལག་སོན་དཀའ་ཡང་།
- གང་ལྟར་མཚོ་ཤར་ས་ཁུལ་དང་སྒོས་སུ།
- བ་ཡན་ས་ཆར་མཚོན་ན་སྔགས་དགོན་ཀུན་གྱི་མ་དགོན་
- ལྟ་བུ་ཡིན་ལ་ལོ་རྒྱུས་ཆེས་སྔ་ཤོས་སུ་གཏོགས།
- མི་ལ་ལས་བརྗོད་པ་ལྟར་ན།
- གནས་འདི་ནས་ད་འདུག་དགོན་པར་ཐག་ཉེ་བའི་གནས་དེར་
- བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་ལ་སོགས་
- ཞབས་ཀྱིས་བཀྱགས་ཤིང་བྱིན་གྱིས་རླབས་མྱོང་ཡོད་སྲིད་
- པར་བསམ་བཞིན་འདུག་མོད།
- དེ་ལ་ལོ་རྒྱུས་ཀྱི་ཁུངས་བཙུན་པོ་ཞིག་མི་འདུག
- དགོན་འདི་འདེབས་མཁན་གྱི་བླ་མ་ནི།
- བླ་མ་ཀ་རིང་བསྟན་འཛིན་རིན་པོ་ཆེ་སྐུ་གོང་མ་ཚང་ཡིན་ལ།
- མཚན་ལ་ངག་སྨྱོན་བདུད་འདུལ་རྡོ་རྗེ་ཟེར།
- བླ་མ་ཁོང་ཚང་གིས་ཕྱག་བཏབ་པ་རེད།
- དགོན་པ་ཕྱག་འདེབས་སྐོར་ལ་བཤད་རྒྱུན་ཞིག་ཀྱང་འདུག
- ཐེངས་ཤིག་བླ་མ་ངག་སྨྱོན་བདུད་འདུལ་རྡོ་རྗེ་ཚང་གནས་འདིར་ཕེབས་ནས།
- ཞིང་ནང་དུ་ཡུར་མ་ཡུར་བཞིན་པའི་མི་རྣམས་ལ་གྲོས་བྱས་ཏེ།
- ཨ་མྱེས་བྲག་དཀར་ལྷ་འབབ་ཏུ་བཅུག
- གནས་འདིའི་གཞི་བདག་གཙོ་བོ་ནི་ཨ་མྱེས་བྲག་དཀར་ཡིན་པ་དང་།
- ཨ་མྱེས་བྲག་དཀར་ལྷ་བབས་པ་རྐྱེན་བྱས་ཏེ།
- མདུན་རི་དེ་ཡང་ཨ་མྱེས་བྲག་དཀར་ལ་བརྟེན་པ་རེད།
- དེའི་སྟབས་ཀྱིས་དགོན་མིང་ལ་བྲག་དཀར་པདྨ་ཆོས་འཕེལ་གླིང་ཡང་ཟེར།
- ད་ལྟ་ཡིན་ན་སྒྲུབ་སྡེ་ཆེན་མོ་པདྨ་ཆོས་འཕེལ་གླིང་སོགས།
- འབོད་ཚུལ་མི་འདྲ་བ་གཉིས་འདུག
- བླ་མའི་སྐུ་ཕྲེང་རིམ་བྱོན་སྐོར་ལ།
- ད་ལྟའི་དགོན་བདག་བླ་མ་ནི་ཨ་ལགས་རྟ་འགྲིན་རིན་པོ་ཆེ་ཚང་ཡིན།
- ཨ་ལགས་རྟ་མགྲིན་ཚང་ནི་སྐུ་ཕྲེང་ན་རིམ་ལས་སྐུ་ཕྲེང་བཞི་བ་ཡིན།
- སྐུ་ཕྲེང་གོང་མ་རྣམས་རེ་རེ་བཞིན་བརྗོད་ན།
- སྨིན་གླིང་དགེ་བརྒྱད་ཀྱི་བླ་རྒྱུད་ལས་ཚིག་འདི་འདྲ་ཅིག་འདུག
- གཏེར་སྟོན་བརྒྱ་རྩ་འགྱུར་མེད་རྡོ་རྗེ་དང་།།
- འགྱུར་མེད་རྒྱ་མཚོ་དཔལ་ལྡན་བཀྲ་ཤིས་ཞབས།།
- གསུང་འཛིན་རྡོ་རྗེ་བདུད་འདུལ་ལ་སོགས་པ།།
- རྫོགས་ཆེན་བླ་རབས་རྣམས་ལ་གསོལ་བ་འདེབས།།
- ཞེས་པ་ལྟར་བླ་རབས་བཞི་བྱུང་མྱོང་བ་རེད།
- ས་ཆ་འདི་རུ་གཅིག་དགུ་ང་བརྒྱད་ལོར་
- དུས་ཀྱི་ཟིང་འཁྲུག་དབང་གིས་རྟེན་ཕལ་ཆེར་རྩ་བརླག་ཏུ་བཏང་མོད།
- ང་བརྒྱད་ལོའི་རྗེས་སུ་ཨ་ལགས་རྟ་མགྲིན་ཚང་གཙོ་བྱས་པའི་
- ས་ཆ་འདིའི་སེར་སྐྱ་ཕོ་མོ་ཀུན་ལ་བརྟེན་ནས་དགོན་པ་བསྐྱར་བཞེངས་མཛད།
- དེང་དགོན་པའི་རྟེན་བཞེངས་ལ་སོགས་པ་ཕྱིར་ཉམས་གསོ་བྱུང་འདུག
- ད་ལྟ་དགོན་པ་འདིར་སྔགས་པ་ག་ཚོད་འདུག་ཅེ་ན།
- ཡིག་ཆ་ལྟར་ན་སྔགས་པ་བརྒྱ་དང་སུམ་ཅུ་ལྷག་ཡོད་ཅེས་བྲིས་འདུག་ཀྱང་།
- ཡུལ་འདིའི་མི་རྣམས་ལ་དངོས་སུ་འདྲི་རྩད་བྱས་པ་ལྟར་ན།
- སྔགས་པ་ཉིས་བརྒྱ་ལྷག་ཡོད་པར་བཤད།