Video Overview
Sur' is the practice of generosity and offering food, particularly to those sentient beings who need to be fed with smell. People offer sur for a deceased person, which roams in the intermediate state of Bardo between the previous and next lives. Bhutanese offer sur after someone has died because they believe that the spirit in Bardo survives on smell.
སུར་གཏང་ནི་འདི་ སྤྱིར་བཏང་བར་དོ་ཟེར་ བཞེས་སྒོའི་དྲིམ་ལུ་བརྟེན་གནས་དགོ་མི་ སེམས་ཅན་ཚུའི་དོན་ལུ་ ཕྱེ་ནང་ཟས་ལྷམ་ཚང་སྦེ་བསྡུ་བླུག་སྟེ་ མེ་ནང་བླུག་བཏང་སྟེ་ ཁོང་གི་ཡིད་ཚིམ་བཅུག་མི་འདི་ཨིནམ་ད་ ང་བཅས་ར་ མི་ཚུ་གིས་ མི་ག་ར་ཤི་རུ་ ཤི་ཞིནམ་ལས་སྐྱེ་བ་ཤུལ་མ་འདི་མ་ལན་ཚུན་ཚོད་ བར་དོ་ལུ་གནས་དོ་ཡོདཔ་ལས་ དེ་བསྒང་ ཁོང་ཆ་ཁྱབ་ ལྟོ་དངོས་སུ་བཟའ་བའི་རང་དབང་མེདཔ་ལས་ དྲིམ་ལུ་བརྟེན་དགོཔ་ལས་ སུར་གཏང་ཚུགས་པ་ཅིན་ ཕན་ཡོན་སྦོམ་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་དེ་ མི་ཤི་བའི་ཤུ་མ་ སུར་ག་དེ་དྲག་དྲག་བཏངམ་ཨིན།
- པ་སངས་ཚེ་རིང་། Pasang Tsheringད་བསུར་བཏང་དགོ་མི་འདི་ འ་ནཱི་ཨིན་མས་བ་ ཁོང་ཨ་ནཱི་ང་བཅས་ཚིག་ནང་ལས་འབདན་ ཟས་བསངས་གྲིབ་བསངས་ཡག་ཡུག་མཆོད།(??) །ཡག་ཡུག་ཟེར་ཨ་ནཱི་ ཏེ་ ནེ་བསྒང་ལས་བརྟན་བརྟན་མིན་འདུག་བ་ བྱའི་སྤུ་བཟུམ་སྦེ་ ཡག་ཡུག་བཏང་ འ་ནེ་སྦེ་སྡོད་དོ་ཡོདཔ་མས་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་བསུར་བཏང་ འ་ནེ་སྦེ་འབད་བའི་བསྒང་ལས་ ཁོང་གི་ ཟས་འདི་དྲི་གཅིག་མ་གཏོགས་གཅིག་བུ་ གཞན་ཟ་བའི་གི་དབང་ཁོང་ལུ་མིན་འདུག་བ། ཏེ་ གཞན་ཟ་བའི་དབང་ཡོད་བ་ཡོད་ནི་མེད་ ཁོང་ལུ་གཟུགས་རང་མིན་འདུག་བ་ཏེ་ བར་དོ་གིས་གཟུགས་མས་ཏེ་ བར་དོ་གི་གཟུགས་ནི་ འོད་ཀྱི་རང་བཞིན་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ནེ་བསྒང་ལས་བར་དོ་གཟུགས་ཡོད་པ་ཅིན་ ང་བཅས་ཀྱིས་མཐོང་འོང་བ་ཏེ་སྨོ་ཤིག་ ཡང་ན་གཞན་གྱིས་ཡང་མཐོང་ ཏེ་ད་ འདི་ག་གིས་ཡང་མཐོང་པའི་བློ་མས་བ་ཏེ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་འབད་ནི་དེ་གིས་ ཏེ་ བསུར་བཏང་ བསུར་འདི་ཡང་ཏེ་ བྱིན་གྱིས་བརླབས་མ་བཏང་པ་ཅིན་ ཏེ་ ཁོང་ལུ་ཕན་ཐོགས་ཅིག་མི་འོང་།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ བྱིན་གྱིས་བརླབས་ སྔགས་དྲུག་ཕྱག་བྱ་(??) འ་ནཱི་ཚུ་གིས་ ཏེ་ བྱིན་གྱིས་བརླབས་ ཏེ་ དེ་ལས་ ཏེ་ ཁོང་གི་ ཏེ་ སྔགས་དྲུག་ཕྱག་བྱ་གིས་བྱིན་གྱིས་བརླབས་ འ་ནེ་སྦེ་འབད་བའི་བསྒང་ལས་ཁོང་གི་ བློའི་འདོད་པ་ག་ཡོད་མི་འདི་ འཇོམས་དོ་ཡོདཔ་མས། ཏེ་ འ་ནཱི་འབད་ནི་འདི་གིས་ ཁོང་ལུ་ འ་ནཱི་ཟ་བའི་གི་དབང་ཡོདཔ་མས་ ཏེ་ བསུར་བཏང་ཟེར་མི་འདི་འ་ནཱི་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཕར་ཚིག་ནང་ལས་ཡང་ ཟས་བསུར་དྲི་ཟ་ཟེར་མི་འདི་ ཏེ་ཟས་འདི་ད་ དྲི་གཅིག་མ་གཏོགས་གཅིག་བུ་ གཞན་ཟ་བའི་དབང་མིན་འདུག་བ་ ཏེ་ འ་ནཱི་འབད་ནི་འདི་གིས་ བསུར་འདི་ཁག་ཆེ་ཟེར་ ཏེ་ བླ་མ་དང་ དགེ་བའི་བཤེས་གཉེན་དང་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་ཚུ་གིས་ཡང་ འ་ནེ་སྦེ་གསུངས་གསུངསམ་མས་བ་ལགས་གསལ་ཏེ།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཟས་བསྔོ་ཟེར་མ་པ་ ཏེ་ད་ ཤི་བའི་སྐབས་ལུ་ཡང་ ཟས་བསྔོ་དགོ་བ་ ཟས་འདི་ ཏེ་ གཤིན་པོ་ཁོང་རང་ལུ་ ཏེ་ སྔགས་དྲུག་ཆ་ཁྱབ་ཀྱིས་(??) བྱིན་གྱིས་བརླབས་ ཏེ་ དེ་ལས་ཏེ་ འདི་གི་ཚིག་བརྗོད་ ཏེ་ འ་ནེ་སྦེ་འབད་སྦེ་ ཏེ་ ཁོང་ལུ་ ཏེ་ བསྔོཝ་ཟེར་མི་འདི་ ཁོང་ལུ་བྱིན་མས་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་བྱིནམ་ད་ ཏེ་ རོགས་ཁོང་གི་སེམས་དང་མཐུན་ཏོག་ཏོ་སྦེ་ བྱུང་དོ་ཡོདཔ་མས་ འ་ནཱི་འབད་བའི་སྐབས་ ཏེ་ ཚར་གཅིག་ ཁོང་གི་འ་ནི་ལུ་ལོངས་སྤྱོདཔ་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ རྟག་བུ་ན་བུ་འདི་ ཏེ་ ཁོང་ཏེ་ བསམ་པ་ཙམ་གྱིས་ སྟོང་གསུམ་བསྐོར་བ་ཟེར་བའི་བསྒང་ལས་ མནོ་བསམ་བཏང་ཙམ་ཅིག་གིས་ སྟོང་གསུམ་ཁོང་བསྐོར་ཚུགས་པ་ཅིན་ འདི་གནམ་མེད་ས་མེད་སྡོད་ནི་གི་ དུས་ཚོད་ཁོང་ལུ་ཡོད་རང་མིན་འདུག་ཏེ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་བཟུམ་ཅིག་འབད་ནི་འདི་གིས་ ད་ སྔགས་དྲུག་ཆ་ཁྱབ (??)་ཀྱིས་ བྱིན་གྱིས་བརླབས་འ་ནེ་སྦེ་མཛད་གནང་གནངམ་མས་བ་འདི་དེ་ ད་འ་ནེ་སྦེ་ ཏེ་ དེ་ལས་འ་ནཱི་ ད་ ལྟོ་བགོ་བཤའ་རྐྱབ་བྱིན་དགོ་ལོ་ག་ཅི་ལོ་ཟེར་མི་འདི་ ཏེ་ ང་འདི་མཐོང་ཡང་མ་མཐོང་ གོ་ཡང་མ་གོ་ དཔེ་ཆ་ནང་ཡང་མ་མཐོང་ ཏེ་ འདི་གི་སྐོར་ལས་འདི་ང་ཞུ་ནི་ཡང་མེད།
- པ་སངས་ཚེ་རིང་། Pasang Tsheringཏེ་ཡོདན་ ང་ད་ཅི་ཞུ་དོ་བཟུམ་སྦེ་ གཅིག་འབད་བ་ཅིན་ ཕྱི་རུ་ཐལ་ཐལཝ་གི་ཕུད་སྦེ་(??) ཕྱེད་ཀ་རྐྱབ་བཞག་ཞིནམ་ད་ ཏེ་ ཕྱེད་ད་ལྟོ་ཕུལ་ ཕྱེད་ཕྱི་རུ་གི་ཁུངས་སྦེ་ ཏེ་ འ་ནེམ་ཅིག་སྦེ་དམིགས་གཏད་ འ་ནེམ་ཅིག་སྦེ་ བཞག་བཞགཔ་འོང་།
- པ་སངས་ཚེ་རིང་། Pasang Tsheringཏེ་ གཅིག་འབད་བ་ཅིན་ ཏེ་ རོགས་ལ་ལུ་ གཡུས་ལ་ལུ་གི་སོ་སོ་ ད་ ང་བཅས་ར་གཡུས་ལུ་ མ་འདྲཝ་མ་འདྲཝ་འདུག་བ་ གཡུས་ཁར་རང་རང་སོ་སོ་གི་འགྲོ་ལུགས་འགྲོ་ལུགས།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་ད་ནེ་འབདཝ་ད་ རོགས་ལ་ལུ་གི་ ཁ་ཐུག་ལས་ཕར་ ཏེ་ དེ་ལས་ འ་ནེ་སྦེ་བཞག་དགོ་ཟེར་ ཏེ་ འ་ནེ་སྦེ་བཞག་པའི་གི་ ལུགས་སྲོལ་ཅིག་ཡོདཔ་འོང་ ད་འདི་བརྟན་བརྟན་ཅིག་ ང་ཞུ་ནི་མེད་འདི་སྐོར་ལས།
- པ་སངས་ཚེ་རིང་། Pasang Tsheringཏེ་དེ་ལས་གཞན་ད།