Skip to main content Skip to search
15 Dec 2011
40 min 25 sec
Rating
0
No votes yet
Video Overview
Creators: 
Charles Ramble, Martino Nicoletti
  • ༄། །ཨེ་མ་ལེ་ཧོ། །གངས་སྟོད་ཡ་ན་སུ་བཞུགས་སུ་མི་བཞུགས། །ཨེ་མ་ལེ་ཧོ༎ གངས་སྟོད་ཡ་རུ་དར་སེང་ནི། །དཀར་མོ་བཞུགས། །ཨེ་མ་ལེ་ཧོ༎གངས་སྟོད་ཡ་རུ་གཡུ་རལ་གྱི། །ལེགས་མོ་ཅིག་བཞུགས། །
  • ཨེ་མ་ལེ་ཧོ། །གངས་སྟོད་ཡ་ན་སུ་བཞུགས་སུ་མི་བཞུགས། །ཨེ་མ་ལེ་ཧོ། །གངས་སྟོད་ཡ་རུ་དར་སེང་ནི། །དཀར་མོ་ཅིག་བཞུགས། །ཨེ་མ་ལེ་ཧོ། །གངས་སྟོད་ཡ་ལ་གཡུ་རལ་ནི༎ལེགས་མོ་ཅིག་བཞུགས༎
  • ཨེ་མ་ལེ་ཧོ། །གངས་སྟོད་ཡ་རུ་དར་སེང་ནི། །དཀར་མོ་ཅིག་བཞུགས། །ཨེ་མ་ལེ་ཧོ། །གངས་སྟོད་ཡ་ལ་གཡུ་རལ་ནི༎ལེགས་མོ་ཅིག་བཞུགས༎
  • ཨེ་མ་ལེ་ཧོ། །རྫ་སྟོད་ཡ་ལ་སུ་བཞུགས་སུ་མ་བཞུགས། །ཨེ་མ་ལེ་ཧོ། །རྫ་སྟོད་ཡ་ལ་འབྲོང་ཆུང་ནི། །རྭ་སྣ་ཅིག་བཞུགས། །ཨེ་མ་ལེ་ཧོ། །རྫ་སྟོད་ཡ་ལ་རྭ་རྩེ་ནི། །ལེགས་མོ་ཅིག་བཞུགས། །
  • ཨེ་མ་ལེ་ཧོ། །རྫ་སྟོད་ཡ་ལ་སུ་བཞུགས་སུ་མ་བཞུགས། །ཨེ་མ་ལེ་ཧོ། །རྫ་སྟོད་ཡ་ལ་འབྲོང་ཆུང་ནི། །རྭ་སྣ་ཅིག་བཞུགས། །ཨེ་མ་ལེ་ཧོ། །རྫ་སྟོད་ཡ་ལ་རྭ་རྩེ་ནི། །ལེགས་མོ་ཅིག་བཞུགས། །
  • ཨེ་མ་ལེ་ཧོ། །བྲག་སྟོད་ཡ་ལ་སུ་བཞུགས་སུ་མི་བཞུགས༎ ཨེ་མ་ལེ་ཧོ། །བྲག་སྟོད་ཡ་ལ་བྱ་རྒྱལ་ནི༎ རྒོད་པོ་ཅིག་བཞུགས༎ ཨེ་མ་ལེ་ཧོ། །ཤོག་རྩེ་ནི༎ ལེགས་མོ་ཅིག་ བཞུགས༎ 
  • ཨེ་མ་ལེ་ཧོ། །བྲག་སྟོད་ཡ་ལ་སུ་བཞུགས་སུ་མི་བཞུགས༎ ཨེ་མ་ལེ་ཧོ། །བྲག་སྟོད་ཡ་ལ་བྱ་རྒྱལ་ནི༎ རྒོད་པོ་ཅིག་བཞུགས༎ ཨེ་མ་ལེ་ཧོ། །ཤོག་རྩེ་ནི༎ ལེགས་མོ་ཅིག་ བཞུགས༎
  • ཨེ་མ་ལེ་ཧོ། །སྤང་སྟོད་ཡ་ལ་སུ་བཞུགས་སུ་མི་བཞུགས༎ ཨེ་མ་ལེ་ཧོ། །སྤང་སྟོད་ཡ་ལ་ཤྭ་བ་ནི༎ རྭ་བཅུ་ཅིག་བཞུགས༎ ཨེ་མ་ལེ་ཧོ། །སྤང་སྟོད་ཡ་ལ་རྭ་རྩེ་ནི༎ ལེགས་མོ་ཅིག་བཞུགས༎ 
  • ཨེ་མ་ལེ་ཧོ། །སྤང་སྟོད་ཡ་ལ་སུ་བཞུགས་སུ་མི་བཞུགས༎ ཨེ་མ་ལེ་ཧོ། །སྤང་སྟོད་ཡ་ལ་ཤྭ་བ་ནི༎ རྭ་བཅུ་ཅིག་བཞུགས༎ ཨེ་མ་ལེ་ཧོ། །སྤང་སྟོད་ཡ་ལ་རྭ་རྩེ་ནི༎ ལེགས་མོ་ཅིག་བཞུགས༎
  • ༄། །བླ་མའི་གདན་ཕྱོགས་ལ་བལྟས་ཙ་ན། །བླ་མའི་གདན་ས་ཕྱོགས་ལ་བལྟས་ཙ་ན། །
  • རྩ་བ་མ་ཀི་རྡོ་གཅལ་སྔོན་མོ་ལ་བྱས་ཡོད། །རབ་བྱུང་བཙུན་པས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །བཙུན་པ་རང་གིས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །སྐེད་པ་ཡ་འདྲ་རབ་གསལ་མཆོང་རྒྱན་ལ་བྱས་ཡོད། །རྩ་བའི་བླ་མའི་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །ཕྱི་མའི་ཡར་འདྲེན་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །ཟུར་བཞི་ཡ་ཀི་དྲིལ་ཆུང་གཡེར་ག་ལ་བྱས་ཡོད༎སྐྱེ་སེར་རླུང་པོ་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །རླུང་པོ་རང་གིས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །རྩེ་མོ་ཡར་འདྲ་ཐུག་དང་དར་ཅོག་ལ་བྱས་ཡོད། །ལྷ་དང་ལྷ་མོ་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །ལྷ་སྲུང་རང་གིས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །
  • ཨ་བ་དགའ་ལ་དགའ་ཟེར་ན་དགའ་བའི་གཡས་སྐོར་ལ་ཕེབས་དང་ལ། །ཨ་མ་སྐྱིད་ལ་སྐྱིད་ལ་ཟེར་ན་སྐྱིད་པའི་གཡོན་སྐོར་ལ་ཕེབས་དང་ལ། །དགའ་དང་སྐྱིད་ཉི་མ་འདྲ་གླིང་བཞི་ཀུན་ལ་ཤར་བྱུང་ལ། །ཉི་མ་འཇའ་མཚོན་སྣེ་ལྔ་འདི་འདྲ་གླིང་ཞི་ཀུན་ལ་ཤར་བྱུང་ལ། །
  • དཔོ་ན་པོའི་གདན་ས་ཕྱོགས་ལ་བལྟས་ཙ་ན། །དཔོན་པོའི་གདན་ས་ཕྱོགས་ལ་ལྟས་ཙ་ན། །
  • རྩ་བ་མ་ཀི་རྡོ་གཅལ་སྔོན་མོ་ལ་བྱས་ཡོད། །རྒྱ་སྡེ་ཁྲོམ་པས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །ཁྲོམ་པ་ལ་ཡིས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །སྐྱེད་པ་ཡ་ཀི་རབ་གསལ་མཆོང་རྒྱན་ལ་བྱས་ཡོད། །འགོ་འདྲེན་དཔོན་པོས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །ཁམས་གསུམ་དབང་འདུས་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །རྩེ་མོ་ཡ་ཀི་ཐུག་དང་དར་ཅོག་ལ་བྱས་ཡོད། །ཉི་ཟླ་སྐར་གསུམ་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །སྐར་གསུམ་ལ་ཡི་མ་གཏོགས་གཞན་གྱིས་བཞུགས་ས་མི་འདུག །
  • ཨ་ཕ་དགའ་ལ་དགའ་ལ་ཟེར་ན། །དགའ་བའི་གཡས་སྐོར་ལ་ཕེབས་དང་ལ། །ཨ་མ་སྐྱིད་ལ་སྐྱིད་ལ་ཟེར་ན། །སྐྱིད་པའི་གཡོན་སྐོར་ལ་ཕེབས་དང་ལ། །དགའ་དང་སྐྱིད་པའི་ཉི་མ་འདི་འདྲ་གླིང་བཞི་ཀུན་ལ་ཤར་བྱུང་ལ། །ཉི་མ་འཇའ་མཚོན་སྣེ་ལྔ་འདི་འདྲ་གླིང་བཞི་ཀུན་ལ་ཤར་བྱུང་ལ། །
  • གསེར་ཟངས་ཟམ་པའི་སྟེང་ལ་ནི། །སྐྱབས་མགོན་ཆིབས་ཁ་བསྒྱུར་སོང་སྐྱབས་མགོན་ཆིབས་ཁ་བསྒྱུར། །ཟམ་པའི་འོག་གི་ཉ་ཆུང་ངན་སོང་མྱོང་དགོས་མེད། །ཟམ་པའི་འོག་གི་ཉ་ཆུང་ངན་སོང་མྱོང་དགོས་མེད། 
  • ༄། །རྨ་བྱ། །རྒྱ་གར་ལ་འབྱོན་ཟེར་ན། །རྨ་བྱ། །རྒྱ་གར་ལ་འབྱོན་ཟེར་ན། །སྒྲོ་མདངས་བུམ་པ་ལ་ཞོགས། །དང་ལ་བུམ་པའི་ཁ་རྒྱན་ལ་དགོས། །
  • ཀོང་པོ། །ཀོང་ཡུལ་ལ་འབྱོན་ཟེར་ན། །ཀོང་པོ། །ཀོང་ཡུལ་ལ་འབྱོན་ཟེར་ན། །ཀོང་སྐྱ་གཞོན་པ་ལ་ཞོགས། །དང་ལ་གཞོན་པའི་སྐེ་རགས་ལ་དགོས། །
  • སོག་པོ། །སོག་ཡུལ་ལ་འབྱོན་ཟེར་ན། །སོག་པོ། །སོག་ཡུལ་ལ་འབྱོན་ཟེར་ན། །སོག་བྱིལ་གཞོན་པ་ལ་ཞོགས༎ དང་ལ་གཞོན་པའི་སྤམ་བཟོ་ལ་དགོས། །
  • རྨ་བྱ་ལོག་འགྲོ་ལོག་ནས་འགྲོ། །རྒྱ་གར་ཤར་ལ་ལོག་འགྲོ་ཡ་ལ་དགོངས་དང་ལ་ཞུས་པས་རྒྱ་གར་ཤར་ལ་ལོག་འགྲོ་བཀྲ་ཤིས་སྒྲོལ་མ་ལགས། །རྒྱ་གར་ཤར་ལ་ལོག་འགྲོ་ཡང་སྐྱར་སྒྲོལ་མ་ལགས། །
  • རྨ་བྱའི་སྐྱེ་སའི་སྐྱེ་ལ་ཡུལ། །རྒྱ་གར་ཤར་ནས་ཡིན་ནོ་ཡ་ལ་དགོངས་དང་ལ་ཞུས་པས་རྒྱ་གར་ཤར་ནས་ཡིན་ནོ་བཀྲ་ཤིས་སྒྲོལ་མ་སགས༎ རྒྱ་གར་ཤར་ནས་ཡིན་ནོ་ཡང་སྐྱར་སྒྲོལ་མ་ལགས། །
  • ཕྱག་མཚལ་སྒང་ནས། །བལྟས་པས་ལ༎ ཡ་ལ་འོ་ན་པད་ཆོས་ཤེལ་ལས་ལ་ནི་དྭངས་པ་ལ་བཀྲ་ཤིས་པ་གསུང་དབྱངས་འགྲིག །པད་ཆོས་ཤེལ་ལས་ལ་ནི་དྭངས་ལ་པ་གཡང་ལ་ཆགས་པ་གསུང་དབྱངས་འགྲིག །
  • ཕྱག་མཚལ་སྒང་ནས། །བལྟས་པས་ལ༎ ཡ་ལ་འོ་ན་པད་ཆོས་ཤེལ་ལས་ལ་ནི་དྭངས་པ་ལ་བཀྲ་ཤིས་པ་གསུང་དབྱངས་འགྲིག །པད་ཆོས་ཤེལ་ལས་ལ་ནི་དྭངས་ལ་པ་གཡང་ལ་ཆགས་པ་གསུང་དབྱངས་འགྲིག །
  • ཤེལ་ལིང་བུམ་པའི། །ནང་ན་ལ་ཡ་ལ་འོ་ན་འཇིགས་བྲལ་ལྷ་ལས་ལ་ནི་མཚར་བ་བཀྲ་ལ་ཤིས་པ་གསུང་དབྱངས་འགྲིག །འཇིགས་བྲལ་ལྷ་ལས་ལ་ནི་མཚར་བ་ལ་གཡང་ལ་གསུང་དབྱངས་འགྲིག །༑
  • ཤེལ་ལིང་བུམ་པའི། །ནང་ན་ལ་ཡ་ལ་འོ་ན་འཇིགས་བྲལ་ལྷ་ལས་ལ་ནི་མཚར་བ་བཀྲ་ལ་ཤིས་པ་གསུང་དབྱངས་འགྲིག །འཇིགས་བྲལ་ལྷ་ལས་ལ་ནི་མཚར་བ་ལ་གཡང་ལ་གསུང་དབྱངས་འགྲིག །