Skip to main content Skip to search
15 Dec 2011
39 min 9 sec
Rating
0
No votes yet
Video Overview
Creators: 
Charles Ramble, Martino Nicoletti
  • ༄། །འཛམ་བུ་གླིང་ལ་གང་གི །ཐོགས་པ་མེད། །འཛམ་བུ་གླིང་ལ་གསེར་གྱི་ཐོགས་པ་མེད། །
  • སེར་པོ་གསེར་གྱི་གསེར་ཉམས། །མ་ཕྱེད་ན། །གསེར་དང་རག་རྒན་གཉིས་ལ་ནོར་ས་ཡོད། །

  • འཛམ་བུ་གླིང་ལ་གང་གི །ཐོགས་པ་མེད། །འཛམ་བུ་གླིང་ལ་གསེར་གྱི་ཐོགས་པ་མེད། །
  • སེར་པོ་གསེར་གྱི་གསེར་ཉམས། །མ་ཕྱེད་ན། །གསེར་དང་རག་རྒན་གཉིས་ལ་ནོར་ས་ཡོད། །
  • འཛམ་བུ་གླིང་ལ་གང་གི །ཐོགས་མེད། །འཛམ་བུ་གླིང་ལ་གཡུ་ཡི་ཐོགས་པ་མེད། །
  • སྔོན་མོ་གཡུ་ཡི་ཉམས། །མ་ཕྱེད་ན། །གཡུ་དང་དོ་ལོ་གཉིས་ལ་ནོར་ས་ཡོད། །
  • གནས་ཁང་འདི་ལ་གང་གི་ཐོགས་པ་མེད། །གནས་ཁང་འདི་ལ་གང་གི་ཐོགས་པ་མེད། །ཆང་དང་ཇབ་ཁྲ་གཉིས་ཀྱི་ཐོགས་པ་མེད་ལ། །ཇབ་ཁྲ་གཉིས་ཀྱི་ཐོགས་པ་མེད། །ཆང་དང་ཇབ་ཁྲ་གཉིས་ཀྱི་ཐོགས་པ་མེད་ལ། །ཇབ་ཁྲ་གཉིས་ཀྱི་ཐོགས་པ་མེད། །
  • གཞོན་གཞོན་ངེད་ལ་གང་གི་ཐོགས་པ་མེད། །གཞོན་གཞོན་ངེད་ལ་གང་གི་ཐོགས་པ་མེད། །གླུ་ཞབས་བྲོ་གཉིས་ཀྱི་ཐོགས་པ་མེད་ལ༎ རྐང་བྲོ་གཉིས་ཀྱི་ཐོགས་པ་མེད། །གླུ་ཞབས་བྲོ་གཉིས་ཀྱི་ཐོགས་པ་མེད་ལ༎ རྐང་བྲོ་གཉིས་ཀྱི་ཐོགས་པ་མེད༎

  • ༄༄༎སྲིད་པ་ལ་སོ་ས་ལ་ཆགས༎ རྡོ་ལ་ཆགས༎ རྒྱལ་པོའི་ལ་སོ་ཆིབས་རྭ་གྲུ་བཞི་ཆགས༎ རྒྱལ་པོའི་ལ་སོ་ཆིབས་རྭ་གྲུ་བཞི་ཆགས༎
  • སྲིད་པ་ལ་སོ་ས་ལ་ཆགས༎ རྡོ་ལ་ཆགས༎ རྒྱལ་པོའི་ལ་སོ་ཆིབས་རྭ་གྲུ་བཞི་ཆགས༎ རྒྱལ་པོའི་ལ་སོ་ཆིབས་རྭ་གྲུ་བཞི་ཆགས༎
  • དེ་འདྲའི་ལ་སོ་ཆིབས་ལ་རའི༎ ནང་ལ་དུ༎ ཆིབས་ཆེན་ལ་སོ་ནོར་བུ་གྲོ་དམར་བཞུགས༎ ཆིབས་ཆེན་ལ་སོ་ནོར་བུ་གྲོ་དམར་བཞུགས༎ 
  • གཅིག་གཉིས་གཅིག་་གཉིས་གསུམ་ཟེར་ན༎ ཨ་མའི་བུ་མོ་ན་སོ་གཞོན་གཞོན་སྐོར་བ་གཡས་སྐོར་ལ་ཕེབས༎ གཡས་སྐོར་ལ་ཕེབས།ལ་ཞུས་པས༎ ལ་ཞུས་པས༎ ས་གཞི་མ་ལ་ཆགས་པ་བཞིན་དུ་ལྷོད་ལྷོད་འདོལ་འདོལ་ཅིག་དགོས་བྱུང་ལ༎ ལ་ཞུས་པས༎ ལ་ཞུས་པས་ཡང་སྐྱར་མ་ལ་ཆགས་པ་བཞིན་དུ་ལྷོད་ལྷོད་འདོལ་འདོལ་ཅིག་དགོས་བྱུང་ལ༎ 
  • བཞི་ལྔ་བཞི་ལྔ་དྲུག་ལ་ཟེར་ན༎ ཨ་མའི་བུ་མོ་ན་སོ་གཞོན་གཞོན་སྐོར་བ་གཡོན་སྐོར་ལ་ཕེབས༎ གཡོན་སྐོར་ལ་ཕེབས༎ ལ་ཞུས་པས༎ ལ་ཞུས་པས༎ ས་གཞི་མ་ལ་ཆགས་པ་བཞིན་དུ་ལྷོད་ལྷོད་འདོལ་འདོལ་ཅིག་དགོས་བྱུང་ལ༎ ལ་ཞུས་པས༎ ལ་ཞུས་པས༎ ཡང་སྐྱར་མ་ལ་ཆགས་པ་བཞིན་དུ་ལྷོད་ལྷོད་འདོལ་འདོལ་ཅིག་དགོས་བྱུང་ལ༎ དགུ་བཅུ་དགུ་བཅུ་འགྲིག །

  •  ༄༄༎ ཕུ་རི་ཕུ་སུམ༎ རྩྭ་སྣ་འཛོམས་ཤྭ་བ་རྭ་བཅུ༎ ཉམས་བཟང་བདེ༎
  •  ཉམས་བཟང་བདེ་བ༎ ལོས་ཀྱང་ཡོང་༎ ཕུ་རི་ཕུ་སུམ་རྩྭ་སྣ་འཛོམས༎ 
  • ཕུ་རི་ཕུ་སུམ༎ རྩྭ་སྣ་འཛོམས་ཤྭ་བ་རྭ་བཅུ༎ ཉམས་བཟང་བདེ༎
  • གདའ་རི་གདའ་སུམ༎ ཆུ་སྣ་འཛོམས་གཡང་དཀར་མ་མོ༎ ཉམས་བཟང་བདེ༎ 
  • ཉམས་བཟང་བདེ་བ༎ ལོས་ཀྱང་ཡོང་༎ གདའ་རི་གདའ་སུམ༎ ཆུ་སྣ་འཛོམས༎
  • མ་བཅད་ཤྭ་བའི་རྭ་ལ་ཅོ༎ མ་བཅད་ཤྭ་བའི་རྭ་ལ་ཅོ༎ བཅད་ནས་གཞོན་པའི་ཤབ་ལ་ཀྲས༎ ཤབ་ཀྲས་ལེགས་པ་ལོས་ཀྱང་ཡོང་ཤྭ་བ་དར་མའི་རྭ་ལ་ཅོ༎ ཡང་སྐྱར་ལེགས་པ་ལོས་ཀྱང་ཡོང་ཤྭ་བ་དར་མའི་རྭ་ལ་ཅོ༎ 
  •  མ་བརྡུངས་རྒྱ་ནག་ཊང་ལ་ཀ༎ བརྡུངས་ནས་བུ་མོའི་མཛུབ་ལ་རྒྱུད༎ མཛུབ་རྒྱུད་ལེགས་པ་ལོས་ཀྱང་ཡོང་གཡུ་མཐའ་གསེར་གྱིས་བསྐོར་ལ་ཡོད༎ ཡང་སྐྱར་ལེགས་པ་ལོས་ཀྱང་ཡོང་གཡུ་མཐའ་གསེར་གྱིས་བསྐོར་ལ་ཡོད༎