Video Overview
(ral pa)
- ཀ༄། །རས་པ་གཞེངས་ལ་མི་སྤམ། །རས་པ་བཞུགས་ལ་སྤམ་པ། །རས་པ་བཞུགས་ན་སྤམ། །
- ཁརས་པ་གཞེང་ལ་མི་སྤམ། །རས་པ་བཞུགས་ན་སྤམ་པད། །རས་པ་བཞུགས་ན་སྤམ། །
- ཀརས་པ་བཞུགས་པའི་བཞུགས་ལུགས། །ག་འདྲ་བྱས་ནས་བཞུགས་ཡོང་། །ཅི་འདྲ་བྱས་ནས་བཞུགས། །
- ཁརས་པ་བཞུགས་པའི་བཞུགས་ལུགས། །ག་འདྲ་བྱས་ནས་བཞུགས་ཡོང་། །ཅི་འདྲ་བྱས་ནས་བཞུགས། །
- ཀརས་པ་བཞུགས་པའི་བཞུགས་ལུགས། །འདི་འདྲ་བྱས་ནས་བཞུགས་ཡོང་། །ནུག་སྟེ་བྱས་ནས་བཞུགས། །
- ཁརས་པ་བཞུགས་པའི་བཞུགས་ལུགས། །འདི་འདྲ་བྱས་ནས་བཞུགས་ཡོང་། །ནུག་སྟེ་བྱས་ནས་བཞུགས། །
- ཀབ་སོའི་ཤབ་ཀྲས་དཀར་ཆུང་། །སྟེང་ཕྱོགས་ལྷ་ལ་ཕུལ་ཡོད། །སྟེང་ཕྱོགས་ལྷ་ལ་ཕུལ། །
- ཁཨ་ཅེའི་གཡས་དུང་དཀར་པོ། །སྟེང་ཕྱོགས་ལྷ་ལ་ཕུལ་ཡོད། །སྟེང་ཕྱོགས་ལྷ་ལ་ཕུལ། །
- ཀལྷ་རྒྱལ་དབང་པོ་བརྒྱ་སྦྱིན། །རས་པའི་ཕྱོགས་ལ་མཉེས་སོང་། །རས་པའི་ཕྱོགས་ལ་མཉེས༎
- ཁལྷ་རྒྱལ་དབང་པོ་བརྒྱ་སྦྱིན། །རས་པའི་ཕྱོགས་ལ་མཉེས་སོང་། །རས་པའི་ཕྱོགས་ལ་མཉེས༎
- ཀརྒྱ་གྲི་སྐར་མ་སྨིན་དྲུག །བར་ཕྱོགས་བཙན་ལ་ཕུལ་ཡོད། །བར་ཕྱོགས་བཙན་ལ་ཕུལ། །
- ཁམཛུབ་རྒྱུད་དམ་པ་དགུ་དཀྲིས། །བར་ཕྱོགས་བཙན་ལ་ཕུལ་ཡོད། །བར་ཕྱོགས་བཙན་ལ་ཕུལ། །
- ཀབཙན་རྒྱལ་གཡུ་དམར་བརྒྱ་སྦྱིན། །རས་པའི་ཕྱོགས་ལ་མཉེས་སོང་། །རས་པའི་ཕྱོགས་ལ་མཉེས། །
- ཁབཙན་རྒྱལ་གཡུ་དམར་བརྒྱ་སྦྱིན། །རས་པའི་ཕྱོགས་ལ་མཉེས་སོང་། །རས་པའི་ཕྱོགས་ལ་མཉེས། །
- ཀསྙན་ཀོར་གཡུ་ཕྲ་ལེགས་པ། །འོག་ཕྱོགས་ཀླུ་ལ་ཕུལ་ཡོད། །འོག་ཕྱོགས་ཀླུ་ལ་ཕུལ༎
- ཁམདའ་དར་རིན་ཆེན་སྣེ་ལྔ། །འོག་ཕྱོགས་ཀླུ་ལ་ཕུལ་ཡོད། །འོག་ཕྱོགས་ཀླུ་ལ་ཕུལ། །
- ཀཀླུ་རྒྱལ་བཙུག་ན་རིན་ཆེན། །རས་པའི་ཕྱོགས་ལ་མཉེས་སོང་། །རས་པའི་ཕྱོགས་ལ་མཉེས། །
- ཁཀླུ་རྒྱལ་བཙུག་ན་རིན་ཆེན། །རས་པའི་ཕྱོགས་ལ་མཉེས་སོང་། །རས་པའི་ཕྱོགས་ལ་མཉེས། །
- ཀརས་པ་བཞུགས་(?)ལ་མི་སྤམ། །རས་པ་བཞེང་ལ་སྤམ་པ། །རས་པ་བཞེང་ལ་སྤམ། །
- ཁརས་པ་བཞུགས་(?)ལ་མི་སྤམ། །རས་པ་བཞེང་ལ་སྤམ་པ། །རས་པ་བཞེང་ལ་སྤམ། །
- ཀརས་པ་བཞེང་པའི་བཞེང་ལུགས། །ག་འདྲ་བྱས་ནས་བཞེང་ཡོང་། །ཅི་འདྲ་བྱས་ནས་གཞེང་། །
- ཁརས་པ་བཞེང་པའི་བཞེང་ལུགས། །ག་འདྲ་བྱས་ནས་བཞེང་ཡོང་། །ཅི་འདྲ་བྱས་ནས་གཞེང་། །
- ཀརས་པ་བཞེང་པའི་བཞེང་ལུགས། །འདི་འདྲ་བྱས་ནས་བཞེང་ཡོང་། །ནུག་སྟེ་བྱས་ནས་བཞེང། །
- ཁརས་པ་བཞེང་པའི་བཞེང་ལུགས། །འདི་འདྲ་བྱས་ནས་བཞེང་ཡོང་། །ནུག་སྟེ་བྱས་ནས་བཞེང། །
- ཀསོའོ་ཡའ་ལ་སོའོ། །ཁང་པ་ཀ་བཞི་གདུང་བརྒྱད་ལ། །རས་པ་བདག་ལ་མི་དགོས་ལ། །རས་པ་བདག་ལ་མི་དགོས། །
- ཁསོའོ་ཡའ་ལ་སོའོ། །རང་བྱུང་ཕུག་པ་བྱུང་ན་ལ། །རས་པའི་ལྷ་ཆོས་ཡོང་ངག་ལ། །རས་པའི་ལྷ་ཆོས་ཡོང་ངག །
- ཀསོའོ་ཡའ་ལ་སོའོ། །གདན་ལ་སྟག་གདན་གཟིག་གདན་ལ། །རས་པ་བདག་ལ་མི་དགོས་ལ། །རས་པ་བདག་ལ་མི་དགོས༎
- ཁསོའོ་ཡའ་ལ་སོའོ། །ཀོ་གདན་ནག་ཆུང་བྱུང་ན་ལ། །རས་པའི་ལྷ་ཆོས་ཡོང་ངག་ལ། །རས་པའི་ལྷ་ཆོས་ཡོང་ངག །
- ཀསོའོ་ཡའ་ལ་སོའོ། །སྙན་ལོང་གཡུ་ཕྲ་ལེགས་པོ་ལ། །རས་པ་བདག་ལ་མི་དགོས་ལ། །རས་པ་བདག་ལ་མི་དགོས། །
- ཁསོའོ་ཡ་ལ་སོའོ། །རྒྱ་གར་དུང་ལོང་བྱུང་ན་ལ། །རས་པའི་ལྷ་ཆོས་ཡང་ངག་ལ། །རས་པའི་རས་པའི་ལྷ་ཆོས་ཡོང་ངག །
- ཀསོའོ་ཡའ་ལ་སོའོ། །དབུ་ཞྭ་སེར་ཆེན་འབོག་ཏོ་ལ། །རས་པ་བདག་ལ་མི་དགོས་ལ། །རས་པ་བདག་ལ་མི་དགོས༎
- ཁསོའོ་ཡ་ལ་སོའོ། །གུ་རུ་པད་ཞྭ་བྱུང་ན་ལ། །རས་པའི་ལྷ་ཆོས་ཡོང་ངག་ལ། །རས་པའི་ལྷ་ཆོས་ཡོག་ངག །