Skip to main content Skip to search
15 Dec 2011
34 min 52 sec
Video Overview
Creators: 
Charles Ramble, Martino Nicoletti
Transcript search
No results found for this search
0 of 0
  • གསོལ་མར་འདི་ལ་གང་ལ་ཞུ། །གསོལ་མར་འདི་ལ་གང་ལ་ཞུ། །ཅི་འདྲ་ཅིག་ཞུ་ལ་གསོལ་མར་འདི་ལ་གང་དང་ཅི་འདྲ་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་གང་དང་ཅི་འདྲ་ཅིག་ཞུ། །
    gsol mar 'di la gang la zhu/_/gsol mar 'di la gang la zhu/_/ci 'dra cig zhu la gsol mar 'di la gang dang ci 'dra cig zhu yod la/_/gsung la snyan pa gang dang ci 'dra cig zhu/_/
  • ཡན་འགྲོ་ཞུས་པ་ལུང་བཟང་གི །བྱང་ཐང་ལྷས་རྭ་གྲུ་བཞི་གཡང་དཀར་མ་མོའི་ཕ་ཡུལ་རེ་སོའོ། །བྱང་ཚྭ་བོད་ལ་འདྲེན་དུས་དགོས་པ་ཆེན་པོ་བྱས་བྱུང་རེ་སོའོ། །བྱང་ཚྭ་བོད་ལ་འདྲེན་དུས་དགོས་པ་ཆེན་པོ་བྱས་བྱུང་རེ་སོའོ། །
    yan 'gro zhus pa lung bzang gi_/byang thang lhas rwa gru bzhi g.yang dkar ma mo'i pha yul re so'o/_/byang tshwa bod la 'dren dus dgos pa chen po byas byung re so'o/_/byang tshwa bod la 'dren dus dgos pa chen po byas byung re so'o/_/
  • གསལ་བཤད་འདི་གར་འཁྲུངས་གླུའི་ཚིག་འགའ་ཞིག་ཧ་གོ་མ་སོང་བས་ཡི་གེར་འབེབ་ཐུབ་མ་སོང་ འོན་ཀྱང་རིང་མིན་ཕྲན་རང་སྤོང་རོང་དུ་སླེབ་མཚམས་གང་མགྱོགས་བཀའ་འདྲི་ཞུས་ནས་ཡི་གེར་བྲིས་ ནས་བསྐུར་ཐབས་ཞུས་ཆོག་པ་ཞུ། །
    gsal bshad 'di gar 'khrungs glu'i tshig 'ga' zhig ha go ma song bas yi ger 'beb thub ma song 'on kyang ring min phran rang spong rong du sleb mtshams gang mgyogs bka' 'dri zhus nas yi ger bris nas bskur thabs zhus chog pa zhu/_/
  • ༄། །ཆགས་པ་འདི་ལ་གང་ལ་ཞུ། །ཆགས་པ་འདི་ལ་གང་ལ་ཞུ། །ཅི་འདྲ་ཅིག་ཞུ་ལ་ཆགས་པ་འདི་ལ་གང་འདྲ་ཅི་འདྲ་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་ག་འདྲ་ཅི་འདྲ་ཞུ༎
    @/_/chags pa 'di la gang la zhu/_/chags pa 'di la gang la zhu/_/ci 'dra cig zhu la chags pa 'di la gang 'dra ci 'dra cig zhu yod la/_/gsung la snyan pa ga 'dra ci 'dra zhu//
  • ཆགས་པ་འདི་ལ་གང་ལ་ཞུ། །ཆགས་པ་འདི་ལ་གང་ལ་ཞུ༎ སྣང་བྱུང་གི་ཨ་མའི་ཆགས་པ་འདི་ལ་ཀ་བཞི་གདུང་བརྒྱད་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་ཀ་བཞི་གདུང་བརྒྱད་ཅིག་ཞུ། །
    chags pa 'di la gang la zhu/_/chags pa 'di la gang la zhu//_snang byung gi a ma'i chags pa 'di la ka bzhi gdung brgyad cig zhu yod la/_/gsung la snyan pa ka bzhi gdung brgyad cig zhu/_/
  • གསོལ་ཐབ་འདི་ལ་གང་ལ་ཞུ། །གསོལ་ཐབ་འདི་ལ་གང་ལ་ཞུ། །ཅི་འདྲ་ཅིག་ཞུ་ལ་གསོལ་ཐབ་འདི་ལ་གང་དང་ཅི་འདྲ་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་གང་དང་ཅི་འདྲ་ཅིག་ཞུ། །
    gsol thab 'di la gang la zhu/_/gsol thab 'di la gang la zhu/_/ci 'dra cig zhu la gsol thab 'di la gang dang ci 'dra cig zhu yod la/_/gsung la snyan pa gang dang ci 'dra cig zhu/_/
  • གསོལ་ཐབ་འདི་ལ་གང་ལ་ཞུ། །གསོལ་ཐབ་འདི་ལ་གང་ལ་ཞུ༎ གནང་བྱུང་གིས་ཨ་མས་གསོལ་ཐབ་འདི་ལ་བརྒྱ་ཐབ་གྲུ་བཞི་ཅིག་ཞུ་ཡོད་ལ༎ གསུང་ལ་སྙན་པ་བརྒྱ་ཐབ་གྲུ་བཞི་ཅིག་ཞུ། །
    gsol thab 'di la gang la zhu/_/gsol thab 'di la gang la zhu//_gnang byung gis a mas gsol thab 'di la brgya thab gru bzhi cig zhu yod la//_gsung la snyan pa brgya thab gru bzhi cig zhu/_/
  • ཁོག་མ་འདི་ལ་གང་ལ་ཞུ། །ཁོག་མ་འདི་ལ་གང་ལ་ཞུ། །ཅི་འདྲ་ཅིག་ཞུ་ལ་ཁོག་མ་འདི་ལ་གང་དང་ཅི་འདྲ་ཅིག་ཞུ་ཡོད་ལ༎ གསུང་ལ་སྙན་པ་གང་དང་ཅི་འདྲ་ཅིག་ཞུ༎ 
    khog ma 'di la gang la zhu/_/khog ma 'di la gang la zhu/_/ci 'dra cig zhu la khog ma 'di la gang dang ci 'dra cig zhu yod la//_gsung la snyan pa gang dang ci 'dra cig zhu//_
  • ཁོག་མ་འདི་ལ་གང་ལ་ཞུ། །ཁོག་མ་འདི་ལ་གང་ལ་ཞུ། །གནང་བྱུང་གིས་ཨ་མས་ཁོག་མ་ལུང་བཞི་ཁ་ཀྲོང་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་ལུང་བཞི་ཁ་ཀྲོང་ཅིག་ཞུ། །
    khog ma 'di la gang la zhu/_/khog ma 'di la gang la zhu/_/gnang byung gis a mas khog ma lung bzhi kha krong cig zhu yod la/_/gsung la snyan pa lung bzhi kha krong cig zhu/_/
  • གསོལ་ཇ་འདི་ལ་གང་ལ་ཞུ། །གསོལ་ཇ་འདི་ལ་གང་ལ་ཞུ༎ཅི་འདྲ་ཅིག་ཞུ་ལ་གསོལ་ཇ་འདི་ལ་གང་དང་ཅི་འདྲ་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་གང་དང་ཅི་འདྲ་ཅིག་ཞུ། །
    gsol ja 'di la gang la zhu/_/gsol ja 'di la gang la zhu//ci 'dra cig zhu la gsol ja 'di la gang dang ci 'dra cig zhu yod la/_/gsung la snyan pa gang dang ci 'dra cig zhu/_/
  • གསོལ་ཇ་འདི་ལ་གང་ལ་ཞུ། །གསོལ་ཇ་འདི་ལ་གང་ལ་ཞུ། །གནང་བྱུང་གིས་ཨ་མས་གསོལ་ཇ་འདི་ལ་རྒྱ་ཇ་ཁམ་བག་ཅིག་ཞུ་ཡོད་ལ། །གསུང་ལ་སྙན་པ་རྒྱ་ཇ་ཁམ་བག་ཅིག་ཞུ། །
    gsol ja 'di la gang la zhu/_/gsol ja 'di la gang la zhu/_/gnang byung gis a mas gsol ja 'di la rgya ja kham bag cig zhu yod la/_/gsung la snyan pa rgya ja kham bag cig zhu/_/
  • ལྗགས་ཚྭ་འདི་ལ་གང་ལ་ཞུ། །ལྗགས་ཚྭ་འདི་ལ་གང་ལ་ཞུ། །ཅི་འདྲ་ཅིག་ཞུ་ལ་ལྗགས་ཚྭ་འདི་ལ་གང་དང་ཅི་འདྲ་ཅིག་ཞུ་ཡོད་ལ༎ གསུང་ལ་སྙན་པ་གང་དང་ཅི་འདྲ་ཅིག་ཞུ། །
    ljags tshwa 'di la gang la zhu/_/ljags tshwa 'di la gang la zhu/_/ci 'dra cig zhu la ljags tshwa 'di la gang dang ci 'dra cig zhu yod la//_gsung la snyan pa gang dang ci 'dra cig zhu/_/
  • ལྗགས་ཚྭ་འདི་ལ་གང་ལ་ཞུ། །ལྗགས་ཚྭ་འདི་ལ་གང་ལ་ཞུ། །གནང་བྱུང་གིས་ཨ་མས་ལྗཊ་ཚྭ་འདི་ལ་ཤེལ་ཚྭ་དཀར་མོ་ཞུ་ཡོད་ལ༎ གསུང་ལ་སྙན་པ་ཤེལ་ཚྭ་དཀར་ཅིག་ཞུ། །
    ljags tshwa 'di la gang la zhu/_/ljags tshwa 'di la gang la zhu/_/gnang byung gis a mas ljaT tshwa 'di la shel tshwa dkar mo zhu yod la//_gsung la snyan pa shel tshwa dkar cig zhu/_/
  • ཡན་འགྲོ་ཞུས་པ་ལུང་བཟང་གི །ཤར་ཕྱོགས་གུང་ཐང་ལ་ལ་ནི་སྨུག་ཆུང་དྲེལ་གྱིས་འབྱོན་ལམ་རེ་སོའོ༎ རྒྱ་ཇ་བོད་ལ་འདྲེན་དུས་ལ་དགོས་པ་ཆེན་པོ་བྱས་བྱུང་རེ་སོའོ། །རྒྱ་ཇ་བོད་ལ་འདྲེན་དུས་ལ་དགོས་པ་ཆེན་པོ་བྱས་བྱུང་རེ་སོའོ། །
    yan 'gro zhus pa lung bzang gi_/shar phyogs gung thang la la ni smug chung drel gyis 'byon lam re so'o//_rgya ja bod la 'dren dus la dgos pa chen po byas byung re so'o/_/rgya ja bod la 'dren dus la dgos pa chen po byas byung re so'o/_/

  • ཡན་འགྲོ་ཞུས་ལུང་བཟང་གི །ཤར་ཕྱོགས་སྤང་གཤོང་བདེ་མོ་ལ་སེ་ལེ་འབྲི་མོའི་དགོན་གཞིས་རེ་སོའོ༎ རྒྱ་ཇ་མར་གྱིས་སྲུབ་དུས་ལ་དགོས་པ་ཆེན་པོ་བྱས་བྱུང་རེ་སོའོ། །རྒྱ་ཇ་མར་གྱི་སྲུབ་དུས་ལ་དགོས་པ་ཆེན་པོ་བྱས་བྱུང་རེ་སོའོ། །
    yan 'gro zhus lung bzang gi_/shar phyogs spang gshong bde mo la se le 'bri mo'i dgon gzhis re so'o//_rgya ja mar gyis srub dus la dgos pa chen po byas byung re so'o/_/rgya ja mar gyi srub dus la dgos pa chen po byas byung re so'o/_/

  • ཤེལ་དཀར་པདྨའི་རི་ལ་ནི། །པདྨའི་པད་སྡོང་བཞེངས་ཡོད། །དབྱར་སྤང་རྒྱན་མེ་ཏོག །པདྨའི་པད་སྡོང་བཞེངས་ཡོད༎  དབྱར་སྤང་རྒྱན་མེ་ཏོག །
    shel dkar pad+ma'i ri la ni/_/pad+ma'i pad sdong bzhengs yod/_/dbyar spang rgyan me tog_/pad+ma'i pad sdong bzhengs yod//_ dbyar spang rgyan me tog_/

  • པད་སྡོང་ཞལ་ཁ་ཕྱེ་ལ་ནས༎ འཛམ་གླིང་འོད་ཀྱིས་ཁེངས་སོང་། །དབྱར་སྤང་རྒྱན་མེ་ཏོག །འཛམ་འོད་ཀྱིས་ཁེངས་སོང་། །དབྱར་སྤང་རྒྱན་མེ་ཏོག །
    pad sdong zhal kha phye la nas//_'dzam gling 'od kyis khengs song /_/dbyar spang rgyan me tog_/'dzam 'od kyis khengs song /_/dbyar spang rgyan me tog_/

  • འོ་ཅག་འདི་རུ་ལ་འཛོམས་ལ་འཛོམས། །འོ་ཅག་འདི་རུ་ལ་འཛོམས་ལ་འཛོམས། །གཏན་དུ་འཛོམས་རྒྱུ་བྱུང་ལ་ན་ལ། །གཏན་དུ་འཛོམ་རྒྱུ་བྱུང་ན་ལ། །
    'o cag 'di ru la 'dzoms la 'dzoms/_/'o cag 'di ru la 'dzoms la 'dzoms/_/gtan du 'dzoms rgyu byung la na la/_/gtan du 'dzom rgyu byung na la/_/

  • གཏན་དུ་འཛོམ་པའི་ལ་མི་ལ་ནི། །གཏན་དུ་འཛོམ་པའི་ལ་མི་ལ་ནི། །རྙུང་གཞི་གོད་ཆག་ལ་མ་གཏོང་ལ། །རྙུང་གཞི་གོད་ཆག་ལ་མ་གཏོང་ལ། །
    gtan du 'dzom pa'i la mi la ni/_/gtan du 'dzom pa'i la mi la ni/_/rnyung gzhi god chag la ma gtong la/_/rnyung gzhi god chag la ma gtong la/_/

  • ལྷ་ཁང་དམར་མོའི་ལ་ཕུ་ལ་ན། །ལྷ་ཁང་དམར་མོའི་ལ་ཕུ་ལ་ན། །ཡེ་ཤེས་མཆོད་རྟེན་ལ་གཞེངས་ཡོད་ལ། །ཡེ་ཤེས་མཆོད་རྟེན་ལ་གཞེངས་ཡོད་ལ། །
    lha khang dmar mo'i la phu la na/_/lha khang dmar mo'i la phu la na/_/ye shes mchod rten la gzhengs yod la/_/ye shes mchod rten la gzhengs yod la/_/

  • མཆོད་བརྟེན་ཆེན་པོའི་ལ་ནི་རྩེ་ལ་མོ༎ མཆོད་བརྟེན་ཆེན་པོའི་ལ་ནི་རྩེ་ལ་མོ༎ ཉིན་ཟླ་ཡ་དང་མཉམ་ལ་སོང་ལ༎ ཉིན་ཟླ་ཡ་དང་མཉམ་ལ་སོང་ལ༎
    mchod brten chen po'i la ni rtse la mo//_mchod brten chen po'i la ni rtse la mo//_nyin zla ya dang mnyam la song la//_nyin zla ya dang mnyam la song la//

  • ཕྱི་ལ་ལྕངས་རི་ལ་དང་བསྐོར་ལ་བ༎ ཕྱི་ལ་ལྕངས་རི་ལ་དང་བསྐོར་ལ་བ༎ འདུག་དག་མང་པོ་ལ་འདུག་སྟེ་ལ༎ འདུག་དག་མང་པོ་ལ་འདུག་གོ་ལ༎
    phyi la lcangs ri la dang bskor la ba//_phyi la lcangs ri la dang bskor la ba//_'dug dag mang po la 'dug ste la//_'dug dag mang po la 'dug go la//
  • ཕྱི་ལ་ལྕངས་རི་ལ་བསྐོར་ལ་བ༎ ཕྱི་ལ་ལྕངས་རི་ལ་བསྐོར་ལ་བ༎ འདུག་དག་མང་པོ་ལ་འདུག་གོ་ལ༎ འདུག་དག་མང་པོ་ལ་འདུག་གོ་ལ༎
    phyi la lcangs ri la bskor la ba//_phyi la lcangs ri la bskor la ba//_'dug dag mang po la 'dug go la//_'dug dag mang po la 'dug go la//
  • རྫ་རི་དམར་པོའི་ལ་བསྐོར་བ་ལ༎ རྫ་རི་དམར་པོའི་ལ་བསྐོར་བ་ལ༎ དགོན་ཆེན་པདྨ་ལ་ཆོས་སྡིངས་ལ༎ དགོན་ཆེན་པདྨ་ལ་ཆོས་སྡིངས་ལ༎
    rdza ri dmar po'i la bskor ba la//_rdza ri dmar po'i la bskor ba la//_dgon chen pad+ma la chos sdings la//_dgon chen pad+ma la chos sdings la//

  • ka
  • kha
  • ga
  • nga
  • ca
  • cha
  • ja
  • nya