Video Overview
Sangay Choden from Radhi Gewog, Tashigang, sings an old Zhungdra song entitled Drukpi Pungthang Dechen. The song describes Punakha Fortress and compares its beauty with mother nature. In the old days, only the people of Punakha District performed this song, on special occasions and celebrations inside the Punakha Fortress. Now this song is performed throughout the country. Though the composer of the song is unknown, the lyrics indicate that the song was composed in the 17th century, during the time of Zhabdrung Ngawang Namgyal. The song is performed in a straight line formation of around five to twenty dancers.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ གཞུང་སྒྲ་རྙིངམ་ འབྲུག་པའི་སྤུན་ཐང་བདེ་ཆེན་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་སྤུ་ན་ཁ་རྫོང་གི་ སྐོར་ལས་བསམ་གནང་ནུག། ཞབས་ཁྲ་འདི་ སྤུ་ན་ཁ་རྫོང་གི་བཟོ་བཀོད་ཀྱི་འགྲེལ་བཤད་དང་ དེའི་མཛེས་ཆ་འདི་ རང་བཞིན་གནས་སྟངས་ལུ་དཔེ་བཞགཔ་ཨིན་མས། ཧེ་མ་འབད་བ་ཅིན་ སྤུ་ཁ་གི་མི་ཚུ་གི་ཅམ་ཅིག་ དགའ་སྟོན་དང་རྟེན་འབྲེལ་སྐབས་ཞབས་ཁ་འདི་ རྐྱབ་ནི་ཡོདཔ་ཨིན། ཨིན་རུང་ ད་རེས་ནངས་པ་རྒྱལ་ཁབ་ནང་འཁྱོད་ ག་ཏེ་ལུ་ཡང་ཞབས་ཁྲ་འདི་ རྐྱབ་ནི་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩོམ་པ་པོ་འདི་ ངོས་འཛིན་མེད་རུང་ ཞབས་ཁྲའི་ཚིག་འདི་ལས་ ཞབས་ཁྲ་འདི་ དུས་རབས་བཅུ་བདུན་པ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐབས་ ཨིན་མས་ཟེར་ ཤེས་ཚུགཔ་ཨིན་མས། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ གྱལ་ཐེང་གཅིག་ནང་འབད་རྐྱབ་ཨིན་མས།
- Trashigang
- Radhi
- སངས་རྒྱས་སྒྲོན་ Sangay Chodenའབྲུག་པའི་སྤུངས་ཐང་ལ་བདེ་ཆེན། །
- སངས་རྒྱས་སྒྲོན་ Sangay Chodenབཀྲ་ཤིས་སྒོ་མང་འདྲ་དོ། །
- སངས་རྒྱས་སྒྲོན་ Sangay Chodenསོ་ཡ། རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་གཅིག་སོ་ཡ། །
- སངས་རྒྱས་སྒྲོན་ Sangay Chodenམཐོ་བ་གསེར་ཏོག་ལ་བཀལ་ས། །
- སངས་རྒྱས་སྒྲོན་ Sangay Chodenདམའ་བ་རྒྱ་བཞི་(ཕིབས་)སྤུབས་ས། །
- སངས་རྒྱས་སྒྲོན་ Sangay Chodenསོ་ཡ། རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་གཅིག་སོ་ཡ། །
- སངས་རྒྱས་སྒྲོན་ Sangay Chodenའབྲུག་པའི་སྤུངས་ཐང་ལ་སྒོ་ཅུང་། །
- སངས་རྒྱས་སྒྲོན་ Sangay Chodenདངུལ་དཀར་མེ་ལོང་ལ་འདྲ་དོ། །
- སངས་རྒྱས་སྒྲོན་ Sangay Chodenསོ་ཡ། རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་གཅིག་སོ་ཡ། །
- སངས་རྒྱས་སྒྲོན་ Sangay Chodenའབྲུག་པའི་སྤུངས་ཐང་ལ་ཟམ་ལྕགས། །
- སངས་རྒྱས་སྒྲོན་ Sangay Chodenགསེར་ཟམ་དངུལ་ཟམ་ལ་འདྲ་དོ། །
- སངས་རྒྱས་སྒྲོན་ Sangay Chodenསོ་ཡ། རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་གཅིག་སོ་ཡ། །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།