Skip to main content Skip to search
28 Jun 2018
9 min 13 sec
Video Overview
Creators: 
Rinchen Dorji, Khandu

The song Drukpai Puna Dechen is a Zhungdra song, which can also be sung as a Boedra song. The song describes the historical fortress of Punakha Dzong that was built by Zhabdrung Ngawang Namgyal in 17th century. The song describes that Punakha Dzong is structured like a thousand-door stupa with a golden pinnacle on its top, with an excellent foundation. The windows look like silver mirrors, and the Dzong is connected with golden and silver bridges over the Phuchu River. 

 

འབྲུག་པའི་སྤུན་ན་བདེ་ཆེན་ཟེར་མི་འདི་ གཞུང་སྒྲའི་གླུ་གཞས་ཨིན་རུང་ ད་རུང་གདངས་དབྱངས་སོ་སོར་སྦེ་ བོད་སྒྲ་སྦེ་ཡང་འཐེན་སྲོལ་ཡོད་རུང་ ད་ལྟོ་གི་འདི་ གཞུང་སྒྲ་འདི་ར་ཨིན། གླུ་གཞས་འདི་ དུས་རབས་ ༡༧ པའི་ནང་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་བཞེངས་གནང་མི་ སྤུན་ན་ཁའི་རྫོང་འདི་ གཞི་བཀོད་ལེགས་པའི་ཁར་ མགུ་ལུ་གསེར་ཏོག་ལྡན་ཏེ་ བཀྲིས་སྒོ་མང་འདྲ་བས་ཟེར་མས། རྫོང་གི་སྒོ་ཅུང་འདི་ཚུ་ དངུལ་གི་མེ་ལོང་བཟུམ་སྦེ་ཡོད་པའི་ཁར་ འདི་ནང་འཛུལ་ནིའི་དོན་ལུ་ ཕོ་ཆུ་དང་མོ་ཆུ་མགུ་ལས་ གསེར་དང་དངུལ་གྱི་ ཟམ་རྐྱབ་སྟེ་ཡོད་ཟེར་མས། 

 

Transcript search
No results found for this search
0 of 0
  • མཚམས་པ་བསམ་གཏན་
    འབྲུག་པའི་སྤུ་ན་བདེ་ཆེན། །བཀྲ་ཤིས་སྒོ་མང་འདྲ་དོ། །
  • མཚམས་པ་བསམ་གཏན་
    སྭོ་ཡ་་་་་ རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་གི་བཟང་སོང་། །
  • མཚམས་པ་བསམ་གཏན་
    མཐོ་བ་གསེར་ཏོག་བཀལ་ས། །དམའ་བ་འགྱམ་གཞི་བཙུགས་ས། །
  • མཚམས་པ་བསམ་གཏན་
    སྭོ་ཡ་་་་་ རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་ཅིག་བཟང་སོང་། །
  • མཚམས་པ་བསམ་གཏན་
    འབྲུག་པའི་ཐང་བཟོ་སྒོ་ཅུང་། །དངུལ་དཀར་མེ་ལོང་འདྲ་དོ། །
  • མཚམས་པ་བསམ་གཏན་
    སྭོ་ཡ་་་་་་ རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་ཅིག་བཟང་སོང་། །
  • མཚམས་པ་བསམ་གཏན་
    འབྲུག་པའི་སྤུ་ན་ཟམ་ལྕགས། །གསེར་ཐག་(ཟམ་)དངུལ་ཐག་(ཟམ་)འདྲ་དོ། །
  • མཚམས་པ་བསམ་གཏན་
    སྭོ་ཡ་་་་་ རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ལ་ཅིག་བཟང་སོང་། །
  • མཚམས་པ་བསམ་གཏན་
    འབྲུག་པའི་དར་འཕྱར་ལ་མོ། །ཁ་དར་དཀར་པོ་འདྲ་དོ། །
  • མཚམས་པ་བསམ་གཏན་
    སྭོ་ཡ་་་་ རྨ་བྱ་ལ་བུ་ཁྲིད་ལེགས་པའི་ཆགས་པ་ཅིག་བཟང་སོང་།། །།